རྒྱ་གཞུང་གིས་བོད་མིར་བཙན་གནོན་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་བ།

Tibetan News Headlines

  • Sikyong Penpa Tsering Assures Strong Fiscal Health during Budget clarification
  • AI Push in CTA Budget Draws Skepticism from Sections of Parliament
  • Tibet Advocacy Group says New China Ethnic Unity Law Could Accelerate Forced Assimilation
  • Hundreds of Xi Jinping’s Books Burned at Nepal College; China Lodges Protest
  • China Launches Tibetan AI Model DeepZang, Claims Global ‘First Tibetan LLM’

ཪེས་གཟའ་མིག་དམར། ༢༠༢༦།༠༣།༡༧

  • སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་དཀའ་ངལ་གང་ཡང་མེད་པ་གསུངས་སོང་།
  • བཅོས་མའི་རིག་རྩལ་ཐད་དཔལ་འབྱོར་བཀའ་བློན་མཆོག་ལ་འདྲི་རྩད་ནན་པོ་གནང་སོང་།
  • རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གསར་པ་དེའི་འོག་ནས་བོད་མི་རྣམས་ཀྱི་ཐོག་ལ་མི་རིགས་མཉམ་བསྲེས་ཀྱི་ངན་བྱུས་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ་གསུངས་འདུག
  • བལ་ཡུལ་ནང་ཞི་ཅིན་ཕིང་གི་དཔེ་དེབ་བརྒྱ་ཕྲག་མེར་བསྲེགས་བཏང་འདུག
  • གཏེར་ཚང་རིག་ནུས་ཏེ་བོད་སྐད་ཡིག་ཐོག་གི་མིས་བཟོས་རིག་ནུས་ཆེ་ཤོས་ཡིན་པའི་ཟིན་ཐོར་བཀོད་འདུག

ཁ་སང་ཕྱི་ཟླ་ ༦ ཚེས་ ༢༦ སྟེ་རྒྱལ་ཚོགས་ནས་གཏན་འབེབས་གནང་བའི་ International Day in Support of Victims of Torture འམ་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིར་བཙན་གནོན་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་བའི་ཐོག་ནས་ཉིན་མོ་དེ་སྲུང་བརྩི་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མནར་གཅོད་ཕོག་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ཉིན་མོར་ཏན་འབེབས་གནང་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་གསལ། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ནང་འཁོད་པའི་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་གི་ཁྲིམས་སྒྲིག་ལ་བརྩི་སྲུང་དང་ལེན་བྱེད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། འདས་པའི་མི་ལོ་བཅུ་ཕྲག་ཁ་ཤས་རིང་བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་བཙན་གནོན་གཏོང་གི་ཡོད་པར་འགྲེལ་བརྗོད་ཀྱིས་རྒྱ་ནག་གཞུང་གིས་བོད་མིར་བཙན་གནོན་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག

ལྷག་པར་བོད་ནང་གི་བོད་མི་རྣམས་རྒྱའི་བཙོན་ཁང་ནང་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་སྟེ་སྐབས་རེ་ཚེ་སྲོག་ཤོར་ལ་ཉེ་བའི་མཚམས་སུ་བཙོན་གྲོལ་བཏང་བའི་གནས་ཚུལ་ལུང་འདྲེན་དང་སྦྲགས་ཏེ་བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་བཙོན་གྲོལ་གཏོང་དགོས་ཞེས་གསུངས་འདུག

གནད་དོན་དེ་དང་འབྲེལ་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་མནར་གཅོད་ཐེ་བའི་བཙན་གནོན་རིགས་གང་འདྲ་ཞིག་ཡིན་ཀྱང་དེར་ཨ་རི་གཞུང་གི་ངོས་ནས་མོས་མཐུད་མེད་སྐོར་དང་སྦྲགས། རྒྱལ་སྤྱིའི་བཙན་གནོན་མནར་གཅོད་མྱོང་མཁན་ལ་རྒྱབ་སྐྱོར་གྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་ཐད་ཨ་རི་གཞུང་གི་བཞེངས་ཕྱོགས་མཁྲེགས་པོ་ཡིན་པའི་བརྡ་ལན་ཆེས་མངོན་གསལ་གནང་བ་མ་ཚད་པར་མནར་གཅོད་འགོག་ཐབས་ཀྱི་ལས་དོན་འདྲ་མིན་བརྒྱུད་ཁོང་རྣམས་ལ་རོགས་རམ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག

དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཐོག་ཉིན་མོ་དེ་ནི་རྒྱལ་སྤྱིའི་བཙན་གནོན་མནར་གཅོད་མྱོང་མཁན་ལ་རྒྱབ་སྐྱོར་གྱི་ཉིན་མོ་ཞིག་ཡིན་སྟབས། ཨ་རི་གཞུང་གིས་བཙན་གནོན་མནར་གཅོད་མྱོང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་སྦྲགས། མནར་གཅོད་ཀྱི་ལས་དོན་རིགས་གཉེར་མཁན་གྱི་དཔོན་རིགས་རྣམས་ལ་ཉེས་ཆད་སྐྱེལ་དགོས་ཞེས་དང་། ཨ་རིའི་ངོས་ནས་འདི་ལྟ་བུའི་གནར་གཅོད་རིགས་འགོག་ཐབས་སུ་ཐབས་བརྩོན་གནང་རྒྱུ་ཡིན་ཞེས་གསུངས་འདུག པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།