Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་བཀག་སྐྱིལ་བྱེད་ཐབས་དེ་ལོག་སྤྱོད་ཡིན་པའི་ཉེན་བརྡ་བཏང་ནས་བསྒྱུར་བ་གཏང་དགོས་པའི་འབོད་སྐུལ་ཞུས་འདུག

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

རྒྱ་ནག་གི་ཁྲིམས་ལུགས་མཁས་པ་ཚོས་ཡུལ་དེའི་དབང་འཛིན་པ་རྣམས་ཀྱིས་དོགས་ཡོད་མི་སྣར་བཀག་སྐྱིལ་བྱེད་ཐབས་ཁག་ལོག་སྤྱོད་ཡིན་པའི་ཉེན་བརྡ་བཏང་བ་དང་སྦྲགས་དེར་དངོས་ཡོད་དང་མཐུན་པའི་བསྒྱུར་བ་གཏང་དགོས་པའི་འབོད་སྐུལ་ཞུས་འདུག

China RSDL

དེ་ཡང་རྒྱ་ནག་གི་ South China Morning Post གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་སྔོན་མར་པེ་ཅིང་དུ་རྟེན་གཞི་བྱས་པའི་སྒེར་གྱི་སྲིད་བྱུས་ཉམས་ཞིབ་ཁང་ཞིག་ནས་རྒྱ་ནག་གིས་ལག་བསྟར་བྱེད་བཞིན་པའི་ RSDL ཞེས་པའི་བཀག་སྐྱིལ་བྱེད་ཐབས་སྐོར་དྲ་ཐོག་ནས་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་ཡོད་པ་དང་དེའི་ཐོག་རྒྱ་ནག་གི་ཁྲིམས་ལུགས་མཁས་པ་རྣམས་ཀྱིས་ཡུལ་དེའི་དབང་འཛིན་པ་ཚོས་དོགས་ཡོད་མི་སྣར་བཀག་སྐྱིལ་བྱེད་ཐབས་དེ་ནི་དོན་དངོས་ས་གནས་ངེས་ཅན་ཞིག་ཏུ་སྡོད་མཁན་གྱི་མི་ལ་ལྟ་སྲུང་བྱེད་པའི་ཐབས་ལམ་ཞིག་ཡིན་པ་དང་དེ་ཐོག་མར་ཁྲིམས་འགལ་ཚབས་ཆེན་མི་བྱེད་པའི་དོགས་གཞི་ཡོད་མཁན་ཚོའི་སྒེར་གྱི་རང་དབང་ལ་ཚད་བཀག་ཅུང་ཟད་ལས་མི་བྱེད་པའི་ཆེད་དུ་བཟོས་པ་ཞིག་ཆགས་ཀྱི་ཡོད་པ་དེ་ལྟར་ཡང་ལོ་རབས་མང་པོའི་རྗེས་སུ་དེ་ནི་འཇིགས་སྐུལ་རིང་ལུགས་གཙོས་རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་ཁྲོད་བཀོལ་སྤྱོད་བྱེད་པའི་བཀག་ཉར་བྱེད་ཐབས་རྩུབ་ཤོས་ཤིག་ཏུ་གྱུར་ཡོད་པའི་འགྲེལ་བརྗོད་དང་སྦྲགས། འབྱུང་འགྱུར་གྱི་ལོ་ཤས་ནང་བསྐྱར་བཅོས་བྱ་རྒྱུའི་ཉེས་དོན་གཏུགས་བཤེར་གྱི་ཁྲིམས་ཡིག་ནང་ལོག་སྤྱོད་དང་འགྲོ་བ་མིའི་ཐོབ་རྡོག་རོལ་གཏོང་བ། ཉེས་འཛུགས་རྫུན་མ་བྱེད་རྒྱུ་སོགས་ལ་གཡོལ་ཐབས་སུ་སྤྱོད་བཞིན་པའི་ RSDL ཐབས་ལམ་ལ་ངེས་པར་བསྒྱུར་བ་གཏང་དགོས་པར་ནན་བརྗོད་གནང་འདུག

China RSDL

རྩ་བའི་ Residential Surveillance at a Designated Location RSDL ཞེས་པ་དེ་ནི་བཀག་སྐྱིལ་གྱི་རིགས་ཤིག་ཡིན་པ་དང་། དེ་ནི་རྒྱ་ནག་གཞུང་གིས་ཕྱི་ལོ ༡༩༧༩ ལོར་ཉེས་དོན་གཏུགས་བཤེར་གྱི་ཁྲིམས་ཡིག་བཟོས་པ་ནས་བཟུང་ལག་བསྟར་བྱེད་ཀྱི་ཡོད་ཅིང་། ཁྲིམས་ལུགས་དེའི་འོག་དོགས་ཡོད་མི་སྣ་ཞིག་རང་ཁྱིམ་དུ་སྡོད་ཆོག་པ་དང་། ཉེན་རྟོག་པ་ཚོ་ཁོ་ཚོར་ལྟ་སྲུང་བྱེད་པར་གཏོང་གི་ཡོད་པ་མ་ཟད། ༡༩༩༦ ལོར་ཉེས་དོན་གཏུགས་བཤེར་ཁྲིམས་ཡིག་ལ་བསྐྱར་བཅོས་བྱས་པའི་རྗེས་སུ་དོགས་ཡོད་མི་སྣར་སྡོད་གནས་མེད་ན་རྒྱུན་དུ་མགྲོན་ཁང་ངམ་དེའི་ཉེ་འགྲམ་དུ་བཙོན་འཇུག་བྱེད་ཆོག་པའི་དམིགས་བསལ་གཏན་འབེབས་བྱས་ནས་དོ་དམ་གྱི་གདམ་ཀ་སྤྲད་པ་ཞིག་ཆགས་ཀྱི་འདུག འོན་ཀྱང་ཁྲིམས་ཡིག་དེ་ཕྱི་ལོ་ ༢༠༡༢ ལོར་བསྐྱར་ཞིབ་བྱས་ཏེ་ཉེས་པ་ཚུང་ཙག་ལས་བརྒལ་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོ་བ་དང་། འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ་སྤེལ་བ། ལྷག་པར་དུ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཚབས་ཆེན་བསགས་པ་བཅས་དོགས་གཞི་ཡོད་པ་རྣམས་ལ་ཁྲིམས་གཅོད་ཀྱི་ཁྱབ་ཚད་རྒྱ་སྐྱེད་བཏང་ཡོད་འདུག

ཐེངས་འདིའི་བགྲོ་གླེང་ཐོག་པེ་ཅིན་སློབ་ཆེན་གྱི་ཁྲིམས་ལུགས་སློབ་དཔོན་ཆེན་མོ་ཞིག་གིས་རྒྱ་ནག་གི་བཀག་ཉར་ཐབས་ལམ་དེ་འཆར་འགོད་བྱེད་སྐབས་ཉེན་རྟོག་པའི་བཙོན་ཁང་དུ་བཅུག་པ་ལས་ཀྱང་གུ་ཡང་གཏོང་རྒྱུ་དང་ཉེས་ཅན་པ་རྣམས་ལ་ཐོབ་ཐང་དང་རང་དབང་མང་ཙམ་སྤྲད་རྒྱུའི་དམིགས་ཡུལ་བཅངས་ཡོད་ཀྱང་དོན་དངོས་ཐོག་གནས་ཚུལ་དེ་ལས་ལྡོག་སྟེ་དོགས་ཡོད་མི་སྣ་འགའ་ཤས་ཀྱིས་བཀག་སྐྱིལ་བྱེད་ཐབས་དེའི་འོག་ཚུད་པ་ལས་ཉེན་རྟོག་པའི་འཛིན་བཟུང་འོག་ཚུད་རྒྱུའི་རེ་བ་བཏོན་པ་བྱུང་ཡོད་སྐོར་གསུངས་པ་མ་ཟད། ལྟ་སྲུང་བྱེད་སྐབས་རྒྱུན་དུ་དོགས་ཡོད་མི་སྣ་གཉིད་ཁུག་པ་དང་། གསང་སྤྱོད་དུ་འགྲོ་སྐབས་ཀྱང་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་འདྲི་རྩད་མཚམས་འཇོག་མེད་པར་བྱེད་ཀྱི་ཡོད་ཅེས་ལུང་འདྲེན་གནང་འདུག

China RSDL

ད་དུང་སྐུ་ཞབས་ཁོང་གིས་གོང་ཞུས་གནས་ཚུལ་དེ་དག་ནི་དོན་དངོས་ཐོག་གང་བྱུང་བའི་ཆ་ཤས་ཙམ་ལས་མེད་པས་ང་ཚོར་ཡུལ་གྱི་གནད་སྟངས་དེ་བས་ཉེན་ཚབས་ཆེ་བའི་ཡིད་ཆེས་བྱེད་པའི་རྒྱུ་མཚན་ཡོད་ཅེས་གསུངས་པ་དང་སྦྲགས། RSDL བཀག་ཉར་བྱེད་ཐབས་དེ་ནི་རྩ་ཁྲིམས་དང་འགལ་བ་དང་དེས་ཡིད་ཆེས་ལོག་པ་སྐྱེད་སྲིད་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེ་གཏོང་བ་བཅས་ཡིན་པར་སྐྱོན་བརྗོད་གནང་སྟེ་ད་ལྟའི་བྱེད་ཐབས་དེ་རྩ་མེད་བཟོ་བ་ལས་འགྱུར་བ་བཏང་ན་དངོས་ཡོད་དང་མཐུན་པ་དང་ལྷག་དོན་དོགས་ཡོད་མི་དེ་ས་གནས་གང་དུ་ཡོད་མེད་དབང་འཛིན་པས་ཐག་གཅོད་བྱེད་དུ་མི་འཇུག་པར་དོགས་ཡོད་མི་དེའི་སྡོད་གནས་སུ་ལྟ་སྲུང་བྱེད་པའམ་འཛིན་བཟུང་བྱེད་དགོས་པའི་བསམ་ཚུལ་བཏོན་འདུག

ད་ཆ་རྒྱ་ནག་གཞུང་གིས་ཁུལ་དེའི་མང་ཚོགས་ཐོག་ RSDLཞེས་པའི་བཀག་སྐྱིལ་བྱེད་ཐབས་དེ་ལོག་སྤྱོད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིེས་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པའི་ཁྲོད་འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་གོང་འཕེལ་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་སུ་རྒྱ་ནག་གི་བཀག་སྐྱིལ་བྱེད་ཐབས་དེ་བོད་ནང་ཁྱབ་ཆེ་ལོས་ཡོད་མེད་དང་དེའི་ཉེན་ཚབས་སྐོར་དང་འབྲེལ་ནས་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གི་ལྟེ་གནས་ཁང་ནས་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་ཐད་ཞིབ་འཇུག་གནང་བའི་བརྒྱུད་རིམ་ཁྲོད་བོད་ནང་དེ་འབྲེལ་བཀག་སྐྱིལ་བྱེད་ཐབས་འོག་ནས་རྒྱ་གཞུང་གིས་ད་བར་བོད་མི་བརྒྱ་ཆ་བདུན་ཅུ་ལྷག་ཁྲིམས་མཐུན་མ་ཡིན་པའི་ཐོག་ནས་གང་བྱུང་འཛིན་བཟུང་བཙན་ཁྲིད་བྱས་པ་ཤ་སྟག་ཆགས་ཀྱི་ཡོད་པ་དང་དེ་དག་ཁྲོད་མི་སྤྱོད་ལས་འདས་པའི་མནར་གཅོད་ཀྱིས་བཙན་ཤེད་ཐོག་ནག་ཉེས་ཁས་ལེན་དུ་འཇུག་གི་ཡོད་པ་གསུངས་སོང་བ་མ་ཟད། གཞི་རྩའི་ཐོབ་ཐང་ཁག་རྩིས་མེད་ཀྱིས་གང་ཟག་དེའི་ནང་མི་ལ་དྲག་གནོན་འདྲ་མིན་བརྒྱུད་ཐུག་འཕྲད་དང་འབྲེལ་བ་གནང་མི་ཆོག་པ་མ་ཟད། བཙོན་འཇུག་བྱས་པའི་མི་སྣ་དེའི་གནས་སྟངས་དང་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་སྤྲོད་ཀྱི་མེད་པ། བཀག་ཉར་ཁང་དང་བཙོན་ཁང་བཅས་ནང་བཟོད་གླགས་མེད་པའི་དྲག་པོའི་མནར་གཅོད་བཏང་རྐྱེན་འཕྲོད་བསྟེན་ལ་ཛ་དྲག་གི་ངལ་བ་འཕྲད་ཀྱི་ཡོད་པ་སོགས་ད་བར་བོད་མི་ཆབ་སྲིད་བཙོན་པ་མང་དག་ཅིག་བཙོན་ཁང་དུ་རྒྱ་ནག་གིས་མནར་གཅོད་འོག་ནད་གཅོང་དུ་གྱུར་ནས་སྐུ་གྲོངས་པ་དང་ཡང་ན་ཛ་དྲག་འོག་སྨན་བཅོས་གནང་དགོས་པ། ཁག་ཅིག་བཙོན་གྲོལ་བཏང་ནས་རིང་པོ་མ་སོང་བར་འདས་གྲོངས་སུ་གྱུར་བའི་གནད་དོན་རིམ་པ་བྱུང་བཞིན་ཡོད་པ་གསུངས་སོང་།

China RSDL

འབྲེལ་ཡོད་གསར་གནས།

གསར་གནས།