Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་དམར་ཤོག་ཚོགས་པ་ནས་ཕྱིར་འབུད།

Tibetan News Headlines

  • In conversation with Geshe Thupten Jinpa on current status and future prospects of Tibetan Buddhism

རེས་གཟའ་ཉི་མ། ༢༠༢༤།༠༦།༣༠

  • བོད་བརྒྱུད་ནང་བསྟན་གྱི་མ་འོངས་གནས་བབ་སོགས་དང་འབྲེལ་ནས་གླེང་མོལ།

རྒྱ་ནག་དམར་ཤོག་ཚོགས་པས་ལྐོག་ཟ་རུལ་སུངས་ལ་རྒོལ་བའི་ལས་འགུལ་གྱི་ཆ་ཤས་སུ་ན་ནིང་ལས་གནས་ནས་ཕྱིར་ཕུད་བྱས་པའི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་དམར་ཤོག་ཚོགས་པ་ནས་ཕྱིར་འབུད་བཏང་འདུག

Li Shangfu Wei Fenghe

རྒྱ་ནག་གཞུང་འབྲེལ་གསར་ཁང་ Xinhua ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་བཅུ་པའི་ནང་ལས་གནས་ནས་གནས་དབྱུང་བཏང་རྗེས་ཟླ་ཤས་རིང་གར་སོང་ཆ་མེད་དུ་གྱུར་བའི་རྒྱ་ནག་གི་རྒྱལ་སྲུང་བློན་ཟུར་པ་ Li Shangfu དང་། དེ་བཞིན་ཁོ་པའི་སྔོན་མའི་ལས་གནས་ནས་ཕྱིར་ཕུད་བྱས་པའི་ Wei Fenghe གཉིས་ཀྱིས་དམར་ཤོག་ཚོགས་པའི་སྒྲིག་ལམ་དང་ཁྲིམས་ལུགས་ལ་འགལ་འཛོལ་ཚབས་ཆེན་བྱས་ཡོད་པའི་ཉེས་འཛུགས་འོག་ཕྱིར་འབུད་བཏང་འདུག་པ་དང་འབྲེལ། དེ་ནི་མང་གཙོའི་གླིང་ཕྲན་ཐའེ་ཝན་དང་། རྩོད་རྙོག་གི་ཡུལ་དུ་གྱུར་པའི་ལྷོ་རྒྱ་ནག་རྒྱ་མཚོ་སོགས་གནད་དོན་འདྲ་མིན་ཐོག་རྒྱ་ནག་དང་ཨ་རིའི་དབར་དཀའ་རྙོག་ཇེ་ཆེར་འགྲོ་བཞིན་པའི་སྐབས་ཤིག་ལ་ཁེལ་བར་ངོས་འཛིན་གནང་གི་འདུག

South China Sea dispute

རྒྱ་ནག་གཞུང་གིས་གསལ་བསྒྲགས་སྤེལ་བ་དེ་ལིའི་གནས་བབ་ལ་བསྐྱར་ཞིབ་བྱེད་པར་སྟོབས་ཤུགས་ཆེ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་ཏང་ཨུད་གཉིས་པའི་འགོ་ཁྲིད་ཚོགས་འདུ་ཞིག་བསྐོངས་རྗེས་སུ་བྱུང་བ་དང་། རྒྱ་ནག་གཞུང་གི་རྒྱང་བསྒྲགས་ལས་ཁུངས་ཀྱིས་བཤད་པ་ལྟར་ན། ཚོགས་འདུ་དེའི་ཐོག་ཁོ་ཚོས་ལི་ཡིས་ཐོག་མའི་ལས་འགན་ལ་རྒྱབ་གཏོད་བྱས་པ་དང་། ཚོགས་པའི་བསམ་བློ་དང་རྩ་དོན་བརླགས་ཟིན་པར་ཐག་གཅོད་བྱས་ཡོད།

Li Shangfu

ད་རེས་རྒྱ་གཞུང་གིས་གསལ་བསྒྲགས་སྤེལ་བ་དེ་ནི་རྒྱལ་སྲུང་བློན་ཆེན་ཟུར་པ་ Li Shangfu ཡི་གནས་བབ་ལ་བསྐྱར་ཞིབ་བྱེད་པར་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཁང་གི་མཐོ་གྲས་འགོ་ཁྲིད་ཚོགས་འདུ་ཞིག་བསྐོང་རྗེས་སུ་བྱུང་བ་དང་རྒྱ་ནག་གཞུང་གི་ CCTV གསར་ཁང་གིས་བཤད་པ་ལྟར་ན། ཚོགས་འདུ་དེའི་ཐོག་ཁོ་ཚོས་ Li Shangfu གིས་ཐོག་མའི་ལས་འགན་ལ་རྒྱབ་གཏོད་བྱས་ཡོད་པའི་ཉེས་འཛུགས་ཀྱིས། དམར་ཤོག་ཚོགས་པའི་བསམ་བློ་དང་རྩ་དོན་བརླགས་ཟིན་པར་ཐག་གཅོད་བྱས་ཡོད་པ་མ་ཟད། ཁོ་པས་དམག་དོན་ཡོ་ཆས་བཟོ་སྐྲུན་གྱི་ཐད་ཆབ་སྲིད་ཁོར་ཡུག་དང་བཟོ་ལས་ཀྱི་བསམ་བློར་འབག་བཙོག་ཚབས་ཆེན་བཟོས་ཡོད་ཅིང་། དམར་ཤོག་ཚོགས་པའི་རྩ་དོན་དང་རྒྱལ་ཁབ་ཀྱི་སྲུང་སྐྱོབ། དམག་དཔུང་གི་འཛུགས་སྐྲུན་བཅས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་ཚུལ་གྱིས་སྐྱོན་འཛུགས་བྱས་འདུག

Wei Fenghe

དེ་བཞིན་རྒྱལ་སྲུང་བློན་ཆེན་ཟུར་པ་ Wei Fenghe ལ་མཚོན་ན། ཁོ་པ་ལའང་ལྐོག་ཟའི་ཉེས་མིང་ཕོག་ཡོད་པ་དང་། ཁོང་གིས་རང་གི་གོ་གནས་ལས་ཁེ་ཕན་ལེན་པ། གཞན་གྱི་ཁེ་ཕན་འཚོལ་ཆེད་དངུལ་འབོར་ཆེན་པོ་ལེན་པ། ད་དུང་གཞན་ལ་དངུལ་སྤྲད་ནས་འོས་འཚམ་མེད་པའི་ཁེ་ཕན་འཚོལ་ཐབས་བྱེད་ཡོད་པའི་དོགས་གཞི་ཡོད་སྐོར་བཤད་འདུག་པ་མ་ཟད། ཁོ་པས་ཕྱི་ལོ་ ༢༠༢༣ ལོར་རྒྱལ་སྲུང་བློན་ཆེན་གྱི་གོ་གནས་ནས་རྒན་ཡོལ་ཞུས་རྗེས་སྒྲིག་གཞི་དང་འགལ་བའི་སྒོ་ནས་དངུལ་དང་ལག་རྟགས་བླངས་པ་དང་ལས་གནས་ཀྱི་ཁེ་ཕན་བེད་སྤྱོད་བྱས་ཏེ་གཞན་གྱི་ཁེ་ཕན་བཙལ་ནས་དངུལ་དང་རྒྱུ་ནོར་བླངས་ཡོད་པས། ཁོ་པའི་གྱོད་གཞི་དེ་ཡང་དམག་དོན་ཁྲིམས་ཞིབ་ཁང་ལ་གཏུགས་ཡོད་པ་བརྗོད་འདུག

CCP

རྒྱ་ནག་གཞུང་གིས་ད་དུང་ཕྱི་ཟླ ༧ ཚེས ༡༥ ནས་ ༡༨ བར་མཐོ་རིམ་ཚོགས་འདུ་གསུམ་པ་ཚོགས་རྒྱུ་ཡིན་པའི་སྐོར་རེས་གཟའ་ཕུར་བུར་བཤད་འདུག་པ་དང་། ཁོ་ཚོས་ཚོགས་འདུ་དེའི་ཐོག་ཨ་རི་དང་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་ཚོང་དོན་ཁྲལ་བསྡུ་མཐོར་འདེགས་བྱས་པར་བརྟེན་ས་ཁམས་ཆབ་སྲིད་ཀྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པར། འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པ་དེ་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་དམིགས་པའི་མ་འོངས་པའི་ཐབས་ཇུས་ཐོག་གྲོས་བསྡུར་གཙོ་བོ་བྱེད་རྒྱུ་ཡིན་ལུགས་བཤད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།