Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་སྲིད་བློན་ལ་ནིའུ་ཛི་ལེནྜ་བོད་མིས་ཞི་རྒོལ་དང་གྲོས་ཚོགས་འཐུས་མི་གཙོས་གསར་འགོད་པས་དྲི་རྩད།

Tibetan News Headlines

  • Dalai Lama congratulates president Murmu on her 66th birthday
  • China places stringent restrictions on access to sacred Tibetan religious site in Golok
  • Tibetans worldwide hold prayer vigils for Dalai Lama’s successful knee surgery
  • Xi’s visit to Tibetan areas in Qinghai shows continuation of his Sinicization policy
  • Australian Tibetan protestor hospitalized after attack by China supporter during Li Qiang’s visit
  • US approves new $360 million arms sale to Taiwan for drones, related equipment

རེས་གཟའ་ཕུར་བུ། ༢༠༢༤།༠༦།༢༠

  • ༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ Murmu མཆོག་གི་སྐྱེས་སྐར་ཉིན་འཚམས་འདྲི་སྩལ་བ། མགོ་ལོག་ཁུལ་གྱི་གནས་ཆེན་གཉན་པོ་གཡུ་རྩེ་རུ་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་བསྒྲགས།
  • བོད་མི་ཚོས་༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུ་བཞིན་འདུག
  • ཞི་ཅིན་ཕིང་གི་མཚོ་སྔོན་ལྟ་སྐོར་དེ་ནི་རྒྱ་གཞུང་གིས་བོད་མིའི་ཐོག་རྒྱ་བསྒྱུར་གྱི་སྲིད་བྱུས་དེ་མུ་མཐུད་ལག་བསྟར་མཁྲེགས་འཛིན་བྱེད་བཞིན་པའི་རྣམ་པ་རེད།
  • ཨོ་གླིང་བོད་མི་ཞི་རྒོལ་བར་རྒྱ་ནག་རྒྱབ་སྐྱོར་བས་ཉེས་རྡུང་གིས་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག
  • ཨ་རིས་ཐའེ་ཝན་ལ་ཨ་སྒོར་ས་ཡ་ ༣༦༠ ལྷག་གི་གོ་ལག་ཚོང་འགྲེམས་བྱ་རྒྱུ།

རྒྱ་ནག་གི་སྲིད་བློན་ Li Qiang ཁ་སང་སྤྱི་ཚེས་ ༡༣ ཉིན་ New Zealand གྱི་ Aukland གྲོང་ཁྱེར་ནང་གི་ Mount Albert ས་གནས་སུ་འབྱོར་སྐབས་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གིས་ངོ་རྒོལ་གནང་འདུག་པ་མ་ཟད།  གསར་འགོད་ལྷན་ཚོགས་ཀྱི་འདུ་འཛོམས་སར་རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ New Zealand ནང་ཐེ་གཏོགས་བྱེད་བཞིན་པར་རྟོག་ཞིབ་དགོས་པའི་གཞེན་སྐུལ་དང་འབྲེལ་དྲི་རྩད་གནང་འདུག

Tibet in New Zealand
Photo: Tibet in New Zealand

དེ་ཡང་རྒྱ་ནག་གི་སྲིད་བློན་ནིའུ་ཛི་ལེནྜ་གྱི་ Mount Albert ས་གནས་སུ་མ་འབྱོར་སྔོན་དུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་དགའ་བསུའི་འཕྲེད་དར་སོགས་འཁྱེར་བའི་རྒྱ་རིགས་མང་པོ་ཁུལ་དེར་འདུ་འཛོམས་བྱས་ཀྱང་། སྲིད་བློན་ Li Qiang ཁུལ་དེར་འབྱོར་མ་ཐག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་ཉུང་བ་ཞིག་ལས་མེད་པ་དེ་ལྟར་ཡང་ཁ་ཤས་ཀྱིས་རང་གི་ཕྲུ་གུ་མ་འབྱར་ལག་ཏུ་འཁྱར་ཏེ་སྐད་འབོད་དང་ཁག་གཅིག་ནས་བོད་ཀྱི་རྒྱལ་དར་ཕྱར་བ་དེ་བཞིན་དུ་བོད་ལ་རང་དབང་དགོས་པ་སོགས་ཀྱི་ཡིག་ཚགས་བཀོད་པའི་འཕྲེད་དར་བསྣམས་ཏེ་ཞི་རྒོལ་གནང་བའི་ཁྲོད། གཡས་གཡོན་ནས་རྒྱ་རིགས་མང་པོས་འབུད་རྒྱག་བཏང་བ་དང་ཚིག་ངན་བཤད་པ་མ་ཟད་དངུལ་སྒོར་བཏོན་ཏེ་ཁོང་ཚོའི་རྒྱལ་དར་བསྣམ་ནས་དགའ་བསུ་ཞུ་དགོས་པའི་སླུ་ཐབས་བྱས་པ་སོགས་ཀྱི་གནས་སྟངས་བྱུང་འདུག

Tibet in New Zealand
Photo: Tibet in New Zealand

སྤྱིར་རྒྱ་ནག་གི་སྲིད་བློན་ Li Qiang ཐེངས་འདིར་ New Zealand དུ་གཞུང་འབྲེལ་སྐོར་བསྐྱོད་ལ་འབྱོར་བའི་ཁྲོད། ནིའུ་ཛི་ལེནྜ་གྱི་གསར་ཁང་ Stuff ནས་རྒྱ་ནག་གིས་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་རང་གི་རྒྱལ་མཚམས་ལས་བརྒལ་ཏེ་ New Zealand གྱི་མི་སེར་ལ་དྲག་གནོན་དང་ཐེ་གཏོགས་སོགས་བྱེད་བཞིན་པའི་དངོས་བྱུང་གློག་བརྙན་ The Long Game ཞེས་པ་ཞིག་འདོན་སྤེལ་གནང་ཡོད་སྟབས། ནིའུ་ཛི་ལེནྜ་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་ནས་ New Zealand གཞུང་གིས་ཕྱིའི་རྒྱལ་ཁབ་ཀྱི་ཐེ་གཏོགས་ལས་དོན་དེ་རིགས་ལ་རྟོག་ཞིབ་མཐིལ་ཕྱིན་དགོས་པའི་ཞུ་སྐུལ་གནང་བཞིན་ཡོད་པ་རེད།

New Zealand Plant and Food research

དེ་རིང་རྒྱ་ནག་གི་སྲིད་བློན་ Aukland གྲོང་ཁྱེར་ནང་གི་ Plant and Food Research ཞེས་རྩི་ཤིང་དང་ཟས་རིགས་ཀྱི་ཞིབ་འཇུག་ཁང་ཞིག་ཏུ་ཆེད་བཅར་གྱིས་འདུ་འཛོམས་ཞིག་གི་སྐབས་ནིའུ་ཛི་ལེནྜ་སྲིད་གཞུང་ནས་གསར་འགོད་པ་ཚོར་བརྙན་པར་ལེན་ཆེད་དུ་མགྲོན་འབོད་གནང་བར་དྲི་བ་རིགས་གཏང་ཆོག་གི་མེད་པའི་བཀའ་རྒྱ་བཏང་ཡོད་པ་དེ་ལྟར་ཡང་ Stuff གྱི་གསར་འགོད་པ་ Paula Penfold ལགས་ཀྱིས་རྒྱ་ནག་གི་སྲིད་བློན་ Li Qiang ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་གནོན་ཤུགས་ཀྱི་བྱ་སྤྱོད་ཐད་དྲི་རྩད་གནང་ཡང་ཁོང་གིས་དྲི་བར་དང་ལེན་མ་བྱས་པར་ཕྱིར་ཐོན་བྱས་འདུག

གཞི་རྩའི་ Inter-Parliamentary Alliance on China ཞེས་རྒྱ་ནག་ལ་གདོང་ལེན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རུ་ཁག་གི་ཟུང་སྦྲེལ་ཚོགས་གཙོ་ཡིན་པའི་ New Zealand གྱི་གྲོས་ཚོགས་འཐུས་མི་ Ingrid Leary ལགས་དང་ Joseph Mooney ལགས་གཉིས་ནས་ཡུལ་དེའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་ཚོང་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Tim van de Molen ལགས་སུ་རྒྱ་ནག་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་གནད་དོན་གཙོས་ཕྱིའི་རྒྱལ་ཁབ་ཀྱི་གནོན་ཤུགས་སོགས་ཀྱི་གནད་དོན་ལ་སེམས་འཚབ་ཀྱིས་ཕྱག་བྲིས་ཞིག་ཕུལ་གནང་ཡོད་པ་རེད་འདུག

དེ་ཡང་ཕྱག་བྲིས་དེའི་ནང་ Stuff གསར་ཁང་གིས་འདོན་སྤེལ་གནང་བའི་དངོས་བྱུང་གློག་བརྙན་བརྒྱུད་རྒྱ་གཞུང་ནས་བཙན་ཤེད་སླུ་ཁྲིད་ཀྱིས་ New Zealand གྱི་མི་སེར་བཙན་བཟུང་དང་། དྲག་རྒོལ། དེ་བཞིན་བརྙས་བཅོས་བྱས་པ་སོགས་ཐེར་འདོན་གནང་ཡོད་པ་མ་ཟད། རྒྱ་གཞུང་ནས་ནིའུ་ཛི་ལེནྜ་གྲོས་ཚོགས་ཀྱི་དྲ་ལམ་ནང་གསང་མྱུལ་བྱས་པ་གཙོས་གྲོས་ཚོགས་འཐུས་མི་དང་ཤེས་ཡོན་མཁས་པ་ཁག་ཅིག་ལ་དམིགས་ནས་གསང་མྱུལ་བྱས་པ་སོགས་གསལ་འདོན་གནང་བ་དང་འབྲེལ། གྲོས་ཚོགས་འཐུས་མི་ཁོང་གཉིས་པོ་ནི་རྒྱ་ནག་ལ་གདོང་ལེན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རུ་ཁག་གི་ཟུང་སྦྲེལ་འགན་འཛིན་ཡིན་པའི་ཆ་ནས་ཕྱི་རྒྱལ་ཁབ་ཀྱིས་གནོན་ཤུགས་ཀྱི་གནད་དོན་ཐད་དོ་སྣང་བྱེད་ཀྱི་ཡོད་པས་འཛམ་གླིང་རྒྱལ་ཁབ་ཁག་གཞན་ཨུ་རུ་སུ་དང་བྱང་ཀོ་རི་ཡ་དེ་བཞིན་ཨ་རི་དང་དབྱིན་ཡུལ་སོགས་ཀྱི་ནང་དུ་ཡང་ཕྱིའི་གནོན་ཤུགས་རྒྱ་ཆེ་རི་འགྲོ་ཡི་ཡོད་པ་སོགས་མངོན་གསལ་གནང་འདུག

མ་ཟད་ཉེ་ཆར་ཟླ་ ༥ པའི་ནང་རྒྱ་ནག་གིས་ New Zealand གྱི་ཆབ་སྲིད་ཚན་རིག་པ་ Anne-Marie Brady ལགས་དང་གཞན་རྒྱ་ནག་ལ་གདོང་ལེན་བྱེད་མཁན་ཡུལ་དེའི་གྲོས་ཚོགས་འཐུས་མི་ཟུར་པ Louisa Wall ལགས་དང་ Simon O’Connor ལགས་བཅས་ཀྱི་ཐོག་དེ་སྔ་སྤྱི་ལོ་ ༢༠༢༡ ལོར་རྒྱ་གཞུང་གི་མཐུན་འགྱུར་འོག་གསང་ཉུལ་བྱས་ཡོད་པ་སོགས་ཐེར་འདོན་གནང་འདུག

Chinese Premier Li Qiang meets NZ PM Luxon in Wellington, New Zealand
Photo: Reuters

རྩ་བའི་རྒྱ་ནག་གི་སྲིད་བློན་ནས་ཁ་སང་ New Zealand གྱི་རྒྱལ་ས་ Wellington དུ་སྲིད་བློན་ Christopher Mark Luxon དང་ཐུག་འཕྲད་ཀྱིས་ཚོང་འབྲེལ་གྲོས་མཐུན་ཁག་གཅིག་འཇོག་པ་མ་ཟད། རྒྱ་ནག་ངོས་ནས་ New Zealand གྱི་མི་སེར་རྣམས་ལ་ཡུལ་དེའི་ནང་མཐོང་མཆན་མེད་པར་བསྐྱོད་ཆོག་པའི་ཆོག་མཆན་ཕུལ་རྒྱུ་དང་། དེ་བཞིན་ New Zealand ངོས་ནས་ཁུང་རྩི་སློབ་གླིང་བརྒྱུད་ཡུལ་དེའི་ནང་རྒྱ་ནག་གི་སྐད་དང་རིག་གནས་སྤེལ་རྒྱུའི་ལས་འཆར་ལ་རྒྱབ་སྐྱོར་སྔར་ལྷག་བྱ་རྒྱུ་སོགས་ཀྱི་ཁས་ལེན་ཁག་གཅིག་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།