Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་དབྱིན་ཡུལ་གྱི་ཆབ་སྲིད་ནང་ཐེ་བྱུས་བྱེད་ཀྱི་ཡོད་པར་བློ་འཚབ།

Tibetan News Headlines

  • HHDL is recovering exceptionally well, says Dr. Tsetan Dorji Sadutshang
  • For now, this is my temple: Devotees flock to the Dalai Lama’s hotel in NYC for circumambulation
  • We are born activists; Political consciousness is in us at a very young age: Bhutila Karpoche
  • 4 years of draconian National Security Law: RSF calls for greater support for diaspora-led media
  • India, China foreign ministers agree to resolve border issues at earliest
  • Health and Wellness : Dr. Tenzin Dechen on monsoon health precaution

རེས་གཟའ་ཕུར་བུ། ༢༠༢༤།༠༧།༠༤

  • ༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་བཟང་པོ་ཡོད་པ་དང་དད་ལྡན་མི་མང་རྣམས་ཐུགས་བློ་བདེ་པོ་གནང་རོགས་ཞེས་གསུངས་འདུག
  • ༸གོང་ས་མཆོག་གི་བཞུགས་གནས་མགྲོན་ཁང་དུ་དད་ལྡན་པས་ཕྱག་འཚལ་སྐོར་སྦྱོང་གནང་བཞིན་པ།
  • བཙན་བྱོལ་བོད་མིའི་ཁྲོད་ཆབ་སྲིད་ཀྱི་བསམ་བློ་དེ་རང་བཞིན་ལྷན་རྒྱས་སུ་ཡོད་པ་གསུངས་འདུག
  • རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བཙན་བྱོལ་ནང་གི་གསར་ཁང་ཁག་ལ་རྒྱབ་སྐྱོར་གནང་དགོས་གསུངས་འདུག
  • རྒྱ་དཀར་ནག་གཉིས་ནས་གང་མགྱོགས་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་བྱ་རྒྱུ་ཡིན་པ་བརྗོད་འདུག
  • འཕྲོད་བསྟེན་ལེ་ཚན། ཆར་དུས་དང་ཆུ་ལོག་ཁྲོད་ཀྱི་ནད་རིགས་དང་དེར་གདོང་ལེན་གནང་ཕྱོགས།

དབྱིན་ཡུལ་དུ་གྲོས་ཚོགས་ཉམས་ཞིབ་པའི་ལས་ཀ་གཉེར་མཁན་དབྱིན་ཇི་ Chris Cash ཟེར་བ་ཞིག་གིས་ཁུལ་དེའི་གྲོས་ཚོགས་ཀྱི་ཆེས་མཐོའི་དཔོན་རིགས་རྣམས་ཀྱི་གནས་ཚུལ་རྒྱུས་ལོན་གྱིས་རྒྱ་ནག་གཞུང་ཚབ་ལ་མཁོ་སྤྲོད་བྱས་པར་བརྟེན་དབྱིན་ཇིའི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

ཁ་སང་བི་བི་སི་ BBC གསར་ཁང་གཙོས་བརྒྱུད་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་ཁག་ལ་གཞིགས་ན། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༣ ཉིན་ཁུལ་དེའི་ཉེན་རྟོག་པས་དབྱིན་ཡུལ་དུ་གནས་སྡོད་རང་ལོ་ ༢༠ དང་ ༣༠ ལྷག་ཡིན་པའི་མི་གཉིས་ཀྱིས་ཁུལ་དེའི་སྲིད་དོན་དང་འབྲེལ་བའི་གལ་ཆེའི་གནས་ཚུལ་རྒྱུས་ལོན་གྱིས་རྒྱ་ནག་གཞུང་ཚབ་ཡན་ལག་ལ་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ནས་མི་གཉིས་པོ་དེ་དག་དབྱིན་ཡུལ་གཞུང་འབྲེལ་གསང་གནད་ཀྱི་ཁྲིམས་སྒྲིག་ལྟར་འཛིན་བཟུང་བྱས་ཡོད་པ་དང་། ལྷག་པར་དུ་འཛིན་བཟུང་བྱས་པའི་ཁོངས་ནས་མི་གཅིག་དབྱིན་ཡུལ་གྲོས་ཚོགས་ཀྱི་ཉམས་ཞིབ་པ་ Chris Cash ཡིན་པར་འཐེར་འདོན་གནང་འདུག

བི་བི་སི་གསར་ཁང་གིས་དབྱིན་ཡུལ་གསང་བའི་ལས་ཁུངས་ཀྱི་ངོས་ནས་དེ་སྔ་གནད་དོན་དེ་དང་འབྲེལ་ནས་གནས་ཚུལ་ཕྱིར་བསྒྲགས་གནང་མེད་པ་དང་ཐེངས་འདིར་དབྱིན་ཡུལ་གྲོས་ཚོགས་ཀྱི་ཉམས་ཞིབ་པ་ཞིག་གིས་རྒྱ་གཞུང་ཆེད་དུ་སོ་མྱུལ་གྱི་ལས་དོན་སྤེལ་བའི་གནས་ཚུལ་ཕྱིར་བསྒྲགས་གནང་བ་ཆེས་ཐོག་མ་ཆགས་ཀྱི་འདུག

སོ་མྱུལ་གྱི་ལས་དོན་སྤེལ་མཁན་དབྱིན་ཡུལ་གྲོས་ཚོགས་ཉམས་ཞིབ་པ་ Chris Cash ཟེར་བ་ MI5 ཞེས་དབྱིན་ཡུལ་ཁུལ་གྱི་གསང་བའི་ལས་ཁུངས་ཀྱིས་ Scotland རྒྱལ་ས་ Edinburgh ནས་འཛིན་བཟུང་བྱས་འདུག་པ་དང་། Chris Cash ཡིས་རྒྱལ་སྲུང་བློན་ཆེན་སྐུ་ཞབས་ Tom Tugendhat ལགས་དང་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་ Alicia Kearns ལགས་རྣམ་གཉིས་ཀྱིས་གཙོས་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་དཔོན་རིགས་རྣམས་ཀྱི་ལས་དོན་ལ་རྒྱུས་ལོན་གྱིས་རྒྱ་ནག་གཞུང་ཚབ་ཡན་ལག་ལ་དེ་འབྲེལ་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་ཤེས་རྟོགས་ཐུབ་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པར་འགྲེལ་བརྗོད་དང་སྦྲགས། ཁོ་པས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གསང་གནད་རྐུ་འཁྱེར་གྱིས་དབྱིན་ཡུལ་གྱི་ཆབ་སྲིད་ནང་ཐེ་བྱུས་བྱེད་ཀྱི་ཡོད་པར་མངོན་གསལ་གནང་འདུག་པར་མ་ཟད། སླད་མར་ཉེན་རྟོག་པས་རྟོག་ཞིབ་མཐིལ་ཕྱིན་པ་གནང་རྒྱུ་ཡིན་ཞེས་གསུངས་འདུག

གནད་དོན་དེ་དང་འབྲེལ་དབྱིན་ཡུལ་གྱི་སྲིད་བློན་སྐུ་ཞབས་ Rishi Sunak མཆོག་གིས་རྒྱ་ནག་གཞུང་གིས་དབྱིན་ཡུལ་གྲོས་ཚོགས་ཀྱི་ཆབ་སྲིད་གཙོས་དབྱིན་ཡུལ་གྱི་མང་གཙོའི་ལམ་ལུགས་ལ་ཐེ་བྱུས་བྱེད་བཞིན་པར་ཧ་ཅང་བློ་འཚབ་ཆེན་པོ་བྱུང་ཞེས་དང་། ལྷག་པར་ཁོང་གིས་འཛམ་གླིང་ཡར་ཐོན་རྒྱལ་ཁབ་ G20 ལྷན་ཚོགས་ཀྱི་གོ་སྐབས་ཆེས་བཞེས་ཀྱིས་གནད་དོན་དེའི་ཐོག་རྒྱ་ནག་གི་སྲིད་བློན་ལི་ཆང་དང་ལྷན་གྲོས་མོལ་གནང་བའི་ནང་ཁོང་གིས་རྒྱ་གཞུང་གིས་དབྱིན་ཡུལ་ནང་དེ་ལྟ་བུའི་སོ་མྱུལ་གྱི་ལས་དོན་གཉེར་བཞིན་པར་སྐྱོན་བརྗོད་དང་སྦྲགས། དེར་དབྱིན་གཞུང་གི་ངོས་ནས་བཟོད་ཐབས་བྲལ་བའི་གནད་དོན་་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག་ལ། ཁོང་གིས་རང་རྒྱལ་ཁབ་ཀྱི་བདེ་འཇགས་གཙོས་རྩ་ཆེ་བའི་མང་གཙོའི་ལམ་ལུགས་དང་འགྲོ་བ་མིའི་ཐོབ་ཐང་སོགས་སྲུང་སྐྱོབ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག

དེའི་བར་ན་ཁ་སང་དབྱིན་ཡུལ་གྲོས་ཚོགས་ནང་གནད་དོན་དེའི་ཐོག་བགྲོ་གླེང་ལྷུག་པོ་གནང་སྟེ་སྲིད་བློན་གཞོན་པ་སྐུ་ཞབས་ Oliver Dowden ལགས་ཀྱིས་རྒྱ་ནག་གཞུང་གིས་རྣམ་ཀུན་ནས་ཐབས་ཤེས་སྣ་མང་བརྒྱུད་དབྱིན་ཡུལ་ནང་གསང་མྱུལ་གྱི་ལས་དོན་སྤེལ་ནས་དབྱིན་ཡུལ་གྱི་མང་ཚོགས་ཀྱི་བདེ་འཇགས་དང་མང་གཙོའི་ལམ་ལུགས་སོགས་ལ་དོ་ཕོག་བཏང་ཡོད་པར་མངོན་གསལ་དང་ཆབས་ཅིག རྒྱ་ནག་གི་བྱེད་ཕྱོགས་དེ་དག་ལ་དབྱིན་གཞུང་གི་ངོས་ནས་གདོང་ལེན་གནང་དགོས་པའི་དུས་ལ་བབ་ཡོད་པས་རྒྱ་ནག་ཐོག་འཛིན་པའི་བཞེངས་ཕྱོགས་ལ་བསྒྱུར་བཅོས་གནང་དགོས་གལ་ཡིན་པར་གསུངས་འདུག

གཞན་ཡང་ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ Mao Ning ཟེར་བས་དབྱིན་ཡུལ་གཞུང་གིས་རྒྱ་ནག་གི་གསང་མྱུལ་བའི་གནས་ཚུལ་ཕྱིར་བསྒྲགས་གནང་བར་ངོས་ལེན་མེད་ཅེས་དང་། སྐྱོན་བརྗོད་དེ་ནི་རྒྱ་ནག་ལ་མིང་རྗེས་ངན་པ་བཟོ་ཆེད་ཡིན་ཚུལ་སོགས་ཀྱི་ལན་འདེབས་བྱས་འདུག

རྩ་བའི་དབྱིན་ཡུལ་གྲོས་ཚོགས་ཉམས་ཞིབ་པ་ Chris Cash ཟེར་བ་ནི་དེ་སྔ་རྒྱ་ནག་ནང་ལས་དོན་གཉེར་མྱོང་ཡོད་མཁན་ཞིག་དང་།སོ་མྱུལ་ལས་དོན་དང་འབྲེལ་ནས་གསར་ཁང་གིས་བཅར་འདྲི་ཞུས་པར་ཁོ་པའི་ཁྲིམས་རྩོད་པས་ Chris Cash ནི་སོ་པ་ཞིག་མིན་པ་དང་རྒྱ་ནག་གི་སླད་སོ་མྱུལ་གྱི་ལས་དོན་གང་ཡང་གཉེར་མེད་ཅེས་མངོན་གསལ་བྱས་པ་དང་ཆབས་ཅིག ཁོ་པས་ད་བར་དབྱིན་ཡུལ་གཞུང་མང་གཉིས་ལ་རྒྱ་ནག་དེ་བཞིན་དབྱིན་ཡུལ་དང་འཛམ་གླིང་སྤྱིའི་བདེ་འཇགས་ལ་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པར་སློབ་གསོ་སྤྲོད་མཁན་གྱི་གང་ཟག་ཞིག་ཡིན་པར་འགྲེལ་བརྗོད་བྱས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།