Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ངོས་ནས་ཀྱང་ཨ་རིའི་དཔོན་རིགས་ཚོར་མཐོང་མཆན་བཀག་སྡོམ་གྱིས་སྲིད་དོན་ཉེས་ཆད་གཅད་རྒྱུ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

རྒྱ་ནག་གཞུང་གིས་ཨ་རིར་ལན་འདེབས་ཀྱི་ཚུལ་དུ། འགྲོ་བ་མིའི་ཐོབ་ཐང་ཁ་ལ་ཁྱེར་ནས་རྒྱ་ནག་ལ་སྲིད་དོན་ཉེས་ཆད་དགལ་རྒྱུའི་ཐག་གཅོད་ཐད་འགན་འཁྲི་ཡོད་པའི་ཨ་རིའི་དཔོན་རིགས་ཚོ་རྒྱ་ནག་ཏུ་བསྐྱོད་རྒྱུའི་མཐོང་མཆན་བཀག་སྡོམ་གྱིས་སྲིད་དོན་ཉེས་ཆད་གཅད་རྒྱུ་ཡིན་པ་བཤད་འདུག

Lin Jian
Lin Jian

དེ་ཡང་ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Mathew Miller ལགས་ཀྱིས་ཆོས་དད་རང་དབང་ལ་དམ་དྲག་གིས་བོད་མི་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཐོག་དྲག་གནོན་གྱི་གནད་དོན་དང་འབྲེལ་བ་ཡོད་པའི་རྒྱ་ནག་དཔོན་རིགས་ཚོར་ཨ་རིར་བསྐྱོད་རྒྱུའི་མཐོང་མཆན་བཀག་སྡོམ་གྱིས་སྲིད་དོན་ཉེས་ཆད་གཅད་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་བ་ལྟར།  ཁ་སང་ཕྱི་ཚེས་ ༡༦ རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Lin Jian གྱིས་ཀྱང་རྫུན་གཏམ་གྱི་བྱུས་ངན་བཏིངས་མཁན་དང་། རྒྱ་ནག་ལ་སྲིད་དོན་ཉེས་ཆད་གཅད་རྒྱུར་ཤུགས་སྣོན་བསྐྱོན་མཁན། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཁ་གཡར་ཏེ་རྒྱ་ནག་གི་ཁེ་ཕན་ལ་སྣང་ཆུང་བཏང་མཁན་གྱི་ཨ་རིའི་དཔོན་རིགས་ཚོར་རྒྱ་ནག་ཏུ་བསྐྱོད་རྒྱུའི་མཐོང་མཆན་བཀག་སྡོམ་གྱིས་སྲིད་དོན་ཉེས་ཆད་གཅད་རྒྱུ་ཡིན་པ་བརྗོད་འདུག

Mathew Miller
Mathew Miller

Lin Jian གྱིས་ད་དུང་ཨ་རིའི་གཞུང་གིས་བསྐྱར་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་འཁྱོག་བཤད་སྤེལ་བ་དང་འབྲེལ་རྒྱ་གཞུང་དཔོན་རིགས་ཚོར་མཐོང་མཆན་བཀག་སྡོམ་གཅད་རྒྱུའི་ཐག་གཅོད་དེ་ནི་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་ཚབས་ཆེན་བྱེད་ཀྱི་ཡོད་པ་ཞིག་ཆགས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱལ་སྤྱིའི་ཕྱི་འབྲེལ་ལམ་ལུགས་ཀྱི་གཞི་རྩའི་རྩ་ཁྲིམས་ལ་བརྩི་མེད་རྡོག་རོལ་བཏང་བ་མཚོན་གྱི་ཡོད་སྐོར་བཤད་འདུག་ལ། རྒྱ་ནག་ངོས་ནས་ཨ་རིའི་རྣམ་འགྱུར་དེ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་འགྲེལ་བརྗོད་བྱས་འདུག

མ་ཟད་རྒྱ་ནག་གི་སྤྱི་ཚོགས་ཚན་རིག་གཙུག་ལག་སློབ་ཁང་གི་ཉམས་ཞིབ་པ་ Lü Xiang གིས་རྒྱ་གཞུང་གི་གསར་ཁང་ Global Times ལ་ཨ་རི་གཞུང་ནས་དུས་རྟག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྣམས་ཆབ་སྲིད་ཀྱི་ཁེ་ཕན་དུ་བེད་སྤྱོད་བྱེད་ཀྱི་ཡོད་པས། ཐེངས་འདིར་རྒྱ་གཞུང་ནས་ལན་འདེབས་སུ་ཨ་རིར་མཐོང་མཆན་བཀག་སྡོམ་གྱིས་སྲིད་དོན་ཆད་གཅད་རྒྱུ་ཡོངས་གྲགས་བྱས་པ་དེ་ནི་རྒྱུན་ལྡན་གྱི་ལམ་སྲོལ་ཞིག་ཡིན་པ་བརྗོད་འདུག

China Visa Restriction

ཉམས་ཞིབ་པ་ཁོང་གིས་ད་དུང་རྒྱ་ནག་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྣམས་ཆབ་སྲིད་ཀྱི་ཁེ་ཕན་ལ་མ་ལྟོས་པར་དེ་དག་གོང་མཐོར་ཆེད་དུ་རྒྱལ་ཁབ་གཞན་དང་ལྷན་དུ་གྲོས་མོལ་བྱ་འདོད་ཡོད་པ་དེ་ལྟར་ཡང་ཨ་རི་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྣམས་རྒྱལ་ཁབ་གཞན་ལ་གནོད་སྐྱོན་གཏོང་ཆེད་དུ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པས། ད་རེས་རྒྱ་ནག་གིས་ཨ་རིར་མཐོང་མཆན་བཀག་སྡོམ་གྱིས་སྲིད་དོན་ཉེས་ཆད་དེ་ནི་ལུགས་མཐུན་གྱི་ལན་འདེབས་བྱས་པ་ཞིག་ཡིན་པར་བཤད་འདུག

དེ་བསྟུན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Lin གྱིས་ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༤ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པའི་སྙན་ཐོར་མོས་མཐུན་བྱས་ཡོད་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་གྲུབ་འབྲས་ལེགས་པོ་སོན་ཡོད་པར་ངོས་འཛིན་བྱས་ཡོད་པ་བརྗོད་འདུག་པ་དང་། ཨ་རིར་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཐེ་བྱུས་བྱེད་རྒྱུ་ཐོབ་ཐང་མེད་ལ་གནས་སྟངས་ཀྱང་རྩ་བ་ནས་མེད་པ་བཤད་འདུག

China Visa Restriction

མ་ཟད་ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་དུས་ཡུན་རིང་པོར་ཨ་རིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གཡོ་བྱུས་ཇི་ལྟར་བྱེད་ཀྱི་ཡོད་མེད་བལྟས་ཤིང་ཡོད་པས། གལ་ཏེ་ཨ་རིས་དོན་དངོས་སུ་འགྲོ་བ་མིའི་ཐོབ་ཐང་སྐོར་དོ་སྣང་དང་སེམས་འཁུར་ཡོད་ན། མགོ་གཉིས་ཅན་གྱི་གཡོ་སྒྱུ་རིགས་དོར་ཏེ་རང་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་ལ་བསམ་ཞིབ་བྱ་སྟེ་དེ་དག་སེལ་བར་འབད་བརྩོན་བྱ་དགོས་པས། གཞན་རྒྱལ་ཁབ་ཀྱི་ནང་སྲིད་གནད་དོན་ལ་ཐེ་བྱུས་དང་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ཏེ་སྲིད་དོན་ཉེས་ཆད་བཅད་རྒྱུ་མཚམས་འཇོག་བྱ་དགོས་པའི་བརྡ་ལན་བཏང་འདུག

གཞི་རྩའི་འདི་ལོའི་ཕྱི་ཟླ་དང་པོའི་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དེ་གནང་བའི་རྗེས་ཀྱི་བརྒྱུད་རིམ་ཁྲོད། རྒྱལ་ཚོགས་ནས་དུས་བཀག་བསྐྱར་ཞིབ་སྐབས་འབུར་དུ་ཐོན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁག་གཅིག་གི་ཐད་རྒྱ་ནག་གཞུང་ལ་རྒྱབ་གཉེར་སྐུལ་འདེབས་དོན་ཚན་ ༤༢༨ ཙམ་ཆེད་འདོན་གནང་ཡོད་ཀྱང་། ཉེ་ཆར་རྒྱ་ནག་གཞུང་གིས་ལན་འདེབས་སྙན་ཐོའི་ནང་དུ་དོན་ཚན་ ༢༩༠ ལ་མ་གཏོགས་ངོས་ལེན་བྱ་རྒྱུ་མིན་ཞེས་རྒྱལ་ཚོགས་ཀྱི་དགོངས་འཆར་རྣམས་ལ་རྩིས་མེད་ཀྱི་རྣམ་པ་ཤུགས་ཆེ་བཏོན་ཡོད་པ་རེད། མ་ཟད་ཟླ་བ་འདིའི་ཟླ་འགོར་རྒྱལ་ཚོགས་ནང་དུ་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་སྐུལ་འདེབས་སྙན་ཐོ་དང་རྒྱ་ནག་གི་ལན་འདེབས་སྙན་ཐོ་བཅས་ཀྱི་ལས་རིམ་ཡོངས་སུ་མཇུག་སྒྲིལ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་གྱི་གཙོས་པའི་རྒྱ་ནག་ཁྱོན་ཡོངས་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནད་དོན་ལ་ཕྱོགས་ཡོངས་ནས་ངོས་ལེན་མེད་སྐོར་བརྗོད་པ་མ་ཟད། རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ཀྱི་ཐོག་ལ་དྲག་གནོན་དང་། ཧོང་ཀོང་ནང་དུ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཕྱིར་བསྡུ་བྱ་རྒྱུ། དེ་བཞིན་ལས་འགུལ་བ་གང་བྱུང་འཛིན་བཟུང་དང་གར་སོང་ཆ་མེད་དུ་གཏོང་བ། མ་ཟད་ལྟ་སྲུང་དམ་དྲག་སོགས་དང་འབྲེལ་བའི་རྒྱལ་ཚོགས་དང་ཚོགས་མི་རྒྱལ་ཁབ་རྣམ་པས་སེམས་འཚབ་བཏོན་པ་རྣམས་ལ་ངོས་ལེན་བྱས་མེད་པ་རེད།

Universal Periodic Review China

འབྲེལ་ཡོད་གསར་གནས།

གསར་གནས།