Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ལ་རྒྱ་ནག་གི་འགོ་ཁྲིད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་དགོས་པའི་ཞུ་སྐུལ། 

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

དེ་རིང་ཕྱི་ཚེས་ ༡༧ དང་སང་ཕྱི་ཚེས་ ༡༨ བཅས་ཉིན་གྲངས་གཉིས་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres ལགས་པེ་ཅིང་དུ་འཚོགས་རྒྱུའི་བརྒྱུད་གཅིག་ལམ་གཅིག་གི་ཚོགས་འདུ་ཆེད་ཕེབས་ཡོད་པ་དང་བསྟུན། ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་རྒྱ་ནག་གི་དཔོན་རིགས་དང་ལྷན་དུ་ཡུ་གུར་མང་ཚོགས་ཀྱི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་དགོས་པའི་ཞུ་སྐུལ་གནང་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན་མཇལ་འཕྲད་དེ་ཉིད་མ་བྱུང་བའི་གོང་ལ་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres ལགས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་སྤེལ་ཏེ་ཁོང་རྣམས་འཛིན་བཟུང་བཀག་བསྐྱིལ་གྱིས་རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་འདོད་པ་མེད་བཞིན་དུ་ངལ་རྩོལ་གྱི་ལས་རིགས་གཉེར་བཅུག་པའི་བྱ་སྤྱོད་རྣམས་འགྲེལ་བརྗོད་དང་སྦྲགས། སྐུ་ཞབས་ Antonio ལགས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་དོན་ཕན་སོན་པའི་གླེང་སློང་གནང་དགོས་པའི་རེ་སྐུལ་དང་། རྒྱ་གཞུང་གིས་སྤེལ་བཞིན་པའི་དྲག་གནོན་གྱི་ལས་གཞི་རྣམས་འཕྲལ་མར་མཚམས་འཇོག་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ནན་པོ་ཞུས་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་ལྕམ་སྐུ་ Tirana Hassan ལགས་ཀྱིས་སྐུ་ཞབས་ Antonio ལགས་ཀྱིས་ཕྱི་ལོ་ ༢༠༡༧ ལོར་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་འགན་འཁུར་བ་ནས་བཟུང་ད་བར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དངོས་ཡོད་གནས་སྟངས་ལ་འཇིགས་ཞུམ་མེད་པར་རྒྱ་གཞུང་ལ་སྐྱོན་བརྗོད་གནང་ཐུབ་མེད་སྐོར་མངོན་གསལ་དང་འབྲེལ།  སྐུ་ཞབས་ཁོོང་ནས་ཐེངས་འདིའི་རྒྱ་ནག་ནང་གི་མཚམས་གཟིགས་ཀྱི་གོ་སྐབས་ཆེས་བཞེས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཙོས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་དུ་ཞལ་གསང་པོའི་ཐོག་ནས་ཡུ་གུར་མང་ཚོགས་ཀྱི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གླེང་སློང་དང་། ལྷག་པར་དྲག་གནོན་ཅན་གྱི་ལས་དོན་རྣམས་མཚམས་འཇོག་ཡོང་བར་གནོད་ཤུགས་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག

ཞུ་ཡིག་དེའི་ནང་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་ཕྱི་ལོ་ ༢༠༢༢ ལོར་འགྲོ་བ་མིའི་ཐོབ་ཐང་ཐང་གི་སྙན་ཐོ་ཞིག་ཕྱིར་བསྒྲགས་གནང་བར་རྒྱ་གཞུང་གིས་ཁུལ་དེར་ཡོད་པའི་ཡུ་གུར་མི་རིགས་རྣམས་གང་བྱུང་དུ་འཛིན་བཟུང་བཀག་བསྐྱིལ་བྱས་པའི་གནས་ཚུལ་ཐེར་འདོན་དང་འབྲེལ། རྒྱ་གཞུང་ལ་རྒྱལ་ཚོགས་ནང་བཞག་པའི་ཡུ་གུར་དང་འབྲེལ་བའི་གྲོས་ཆོད་ཁག་ལག་བསྟར་དོན་འཁྱོལ་དགོས་པ་དང་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་འཕྲལ་མར་མཚམས་འཇོག་དགོས་པ་སོགས་གསུངས་ཡོད་ཅེས་འགྲེལ་བརྗོད་དང་ཆབས་ཅིག སྐུ་ཞབས་ Antonio མཆོག་གིས་ཐེངས་འདིའི་ཚོགས་འདུའི་གོ་སྐབས་བརྒྱུད་བཙན་དབང་གིས་འཛིན་བཟུང་བྱས་པའི་ཡུ་གུར་མཁས་དབང་ Rahile Dawut ལགས་དང་ཡུ་གུར་མི་རིགས་ཀྱི་རང་དབང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས་རྣམ་གཉིས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་ཡོང་བར་རྒྱ་གཞུང་ལ་གནོད་ཤུགས་སྤྲོད་དགོས་ཞེས་བསྐྱར་ནན་གྱིས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།