Tibetan Royal Year of 2151 | Year of the Wood Dragon

རྔ་བ་ཁུལ་གྱི་གྲྭ་ཕྲུག་ ༡༧༠༠ ལྷག་བཙན་དབང་གིས་སློབ་འཇུག་བྱས་པ་སོགས་ཕྱོགས་གང་ས་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་པ།

Tibetan News Headlines

  • Tibetans and well-wishers begin early birthday celebrations of HHDL across the world
  • Delhi encircled with billboards marking Dalai Lama’s birthday
  • CTA hosts second ‘International Tibet Youth Forum’ in Dharamsala
  • China claims ‘Natural Say’ in choosing next Dalai Lama
  • 17th annual general body meeting of the Tibetan Chamber of Commerce commences in Dharamshala

རེས་གཟའ་ལྷག་པ། ༢༠༢༤།༠༧།༠༣

  • འཛམ་གླིང་ས་ཕྱོགས་གང་སར་ལས་རིམ་རྣམ་པ་འདྲ་མིན་ཐོག་རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུ་འགོ་བཙུགས་པ།
  • ལྡི་ལིར་གོང་ས་མཆོག་གི་བཀའ་སློབ་འཁོད་པའི་བསྒྲགས་བྱང་ ༦༠ ལྷག་ཆེད་འཛུགས་སྒོ་ནས་༸སྐུའི་འཁྲུངས་སྐར་བསུ་བ་ཞུས་པ།
  • རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས།
  • ༸སྐུའི་ཡང་སྲིད་འདེམས་སྒྲུག་གི་བདག་དབང་རྒྱ་ནག་ལ་རང་བཞིན་དུ་ཡོད་ཚུལ་བཤད་འདུག
  • བཞུགས་སྒར་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༧ པ་འཚོགས་པ།

བོད་མདོ་སྨད་རྔ་བ་ཀིརྟི་དགོན་དང་མཛོད་དགེ་རྫོང་གི་དགོན་པ་གཉིས་ནས་གྲྭ་ཕྲུག་ ༡༧༠༠ ལྷག་གྲྭ་བ་བྱ་མི་ཆོག་པའི་བཙན་བཀའ་བཏང་སྟེ་ཕ་མས་འདོད་པ་མེད་པར་ལྟོས་མེད་སློབ་གྲྭ་བཏང་བཞིན་པ་དང་བོད་མི་རྣམས་ལ་རང་གི་ས་ཆའི་ཐོག་ཁང་པ་གསར་རྒྱག་མི་ཆོག་པ་དང་སྒོ་ཕྱུགས་སེམས་ཅན་མང་རུ་བཏང་མི་ཆོག་པ་སོགས་ཕྱོགས་ཡོངས་ནས་དམ་དྲག་བྱེད་བཞིན་པ་རེད་འདུག

Ngaba Kirti And Zoige monastery
Representational Image

དེ་ཡང་དེ་རིང་འདི་ག་འབྲེལ་ཡོད་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། འདི་ལོ་མདོ་སྨད་རྔ་བ་ཁུལ་ཀིརྟི་དགོན་དང་མཛོད་དགེ་དགོན་དུ་རྒྱ་གཞུང་མི་སྣ་སླེབས་ནས་བྱིས་པ་ལོ་ན་  ༡༨ བར་དུ་དགོན་པར་གྲྭ་བཞུགས་བྱ་མི་ཆོག་ཟེར་ནས་ཀིརྟི་དགོན་ནས་གྲྭ་ཕྲུག་ ༡༠༠༠ ལྷག་ཙམ་དང་མཛོད་དགེ་དགོན་ནས་གྲྭ་ཕྲུག་ ༧༠༠ ཙམ་བཙན་དབང་གིས་སློབ་གྲྭར་འཇུག་དགོས་པའི་བཙན་དཀའ་བཏང་འདུག སྐབས་དེར་ཕ་མ་ཁ་ཤས་ཀྱིས་གདོང་ལེན་གནང་ཐབས་གནང་ཡང་རྒྱ་མིའི་བཙན་དབང་འོག་གང་ཡང་བྱས་མ་ཐུབ་པར་ཕྲུ་གུ་སློབ་གྲྭ་མ་བཏང་དཀའ་མེད་ཆགས་ཡོད་པ་མ་ཟད་ཕྲུ་གུ་རྣམས་ཉེ་ཆར་གུང་སེང་ལ་སླེབས་སྐབས་སོ་སོའི་དགོན་པར་འགྲོ་མ་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད་འདུག མ་ཟད་འདི་ལོ་ས་ཁུལ་དེ་དག་ནང་བོད་མི་ཚོས་རང་གི་ཞིང་སའི་ཐོག་ཁང་པ་གསར་རྒྱག་བཀག་སྡོམ་བྱས་པ་དང་། འབྲོག་པ་རྣམས་ལ་སྒོ་ཕྱུགས་སེམས་ཅན་གྱི་གྲངས་འབོར་ལ་ཚད་བཀག་བཟོས་ཏེ་དེ་ལས་ལྷག་པ་ཉར་མི་ཆོག་པའི་བཙན་བཀའ་བཏང་བཞིན་པ་སོགས་དེ་སྔོན་མའོ་སྐབས་ཀྱི་དུས་ཚོད་ལྟ་བུའི་བཙན་བཀའ་བཏང་བཞིན་པ་བཅས་བོད་མིར་བརྙས་བཅོས་བཤད་བཞིན་ཡོད་པ་གསུངས་ཀྱི་འདུག

kirti-monastery-592011
Representational Image

གནས་ཚུལ་ངོ་སྤྲོད་པའི་གསུངས་ན། སྔ་ལོ་མདོ་སྨད་བླ་བྲང་ཁུལ་དུའང་དེ་མཚུངས་ཀྱི་དམ་དྲག་འོག དགོན་པའི་གྲྭ་མང་པོ་ཞིག་སློབ་གྲྭ་མ་བཏང་དཀའ་མེད་བཟོ་བཞིན་པ་དང་། སློབ་གྲྭའི་ནང་དུ་རྒྱ་ནག་གཞུང་ལ་བསྟོད་པ་སོགས་ཀྱི་ཆབ་སྲིད་སློབ་གསོ་ཤུགས་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག

རྩ་བའི་རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནས་བོད་ནང་དུ་བཙན་དབང་གིས་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མ་ཟད། སློབ་གྲྭའི་ནང་དུ་སློབ་ཁྲིད་ཕལ་མོ་ཆེ་བ་རྒྱ་ཡིག་རྒྱ་སྐད་ཐོག་ཡིན་པར་ཕྲུ་གུ་རྣམས་རང་མི་རིགས་ཀྱི་སྐད་དང་ཡི་གེ་གོམས་གཤིས་སོགས་གང་ཡང་མི་ཤེས་མཁན་གྱི་མི་རབས་ཞིག་བཟོས་བཞིན་ཡོད་པ་དཔང་རྟགས་དང་སྦྲགས་ནས་གནས་ཚུལ་རིམ་པ་ཐོན་མུས་ཡིན་པ་རེད། བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྐོར་གནས་ཚུལ་ཕྱི་གྱར་གནང་མཁན་འབུམ་རམ་པ་རྒྱལ་ལོ་ལགས་ཀྱིས་གསུངས་ན། ཁོང་གི་ཚ་བོ་ཚ་མོ་རྣམས་བཅའ་སྡོད་སློབ་གྲྭའི་ནང་དུ་བཞག་རྗེས་རང་ཁྱིམ་དུ་འབྱོར་སྐབས། རྒྱ་ཡིག་རྒྱ་སྐད་མ་གཏོགས་བཤད་ཀྱི་མེད་པ་དང་གོམས་གཤིས་སོགས་ཡོངས་རྫོགས་རྒྱ་མི་དང་གཅིག་མཚུངས་ཆགས་ཡོད་པ་མངོན་གསལ་གནང་ཡོད་པ་རེད། མ་ཟད་སྔ་ལོ་བཅའ་སྡོད་སློབ་གྲྭ་ནང་གི་བརྙན་པར་ཁག་གཅིག་ཕྱི་གྱར་བྱུང་བའི་ནང་དུ། བོད་པའི་བྱིས་པ་ཆུང་ཆུང་རྣམས་ཕ་མ་དང་ཁ་བྲལ་ནས་བཞག་པ་རྣམས་ཀྱིས་ཉིན་ལྟར་རང་གི་ཕ་མ་དྲན་བཞིན་ཡོད་པ་སོགས་ཡིད་སྐྱོའི་གནས་སྟངས་མངོན་གསལ་བྱུང་ཡོད་པ་རེད།

Dazha-Monastery-in-Zoige-County-Aba-03
Representational Image

འབྲེལ་ཡོད་གསར་གནས།

གསར་གནས།