Tibetan Royal Year of 2151 | Year of the Wood Dragon

རྩོམ་པ་པོས་རྩོམ་བྲིས་པའི་བརྒྱུད་རིམ་ཁྲོད་བོད་ཅེས་པ་དེ་རང་ཉིད་ལ་གང་ཞིག་མཚོན་ནམ།

Tibetan News Headlines

  • Dalai Lama arrives in New York City for a knee treatment
  • Tibetan spiritual leader commends PM Modi on inauguration of new Nalanda university campus
  • Tibetans mark World Music Day with celebration of banned music in Tibet
  • CTA organizes inaugural Tibetan Arts and Craft Festival in Dharamshala
  • Governing body meetings of Sambhota Tibetan schools society convenes in Mussoorie
  • Taiwan unites to reject China’s dangling of death sentence threat before ‘hardline separatists’

རེས་གཟའ་ཟླ་བ། ༢༠༢༤།༠༦།༢༤

  • ༸གོང་ས་མཆོག་ཞབས་པུས་སྨན་བཅོས་སླད་ཨ་རིར་ཞབས་སོར་བདེ་བར་འཁོད་པ།
  • ༸གོང་ས་མཆོག་གིས་སྲིད་བློན་མོ་དྷི་མཆོག་ལ་ Nalanda གཙུག་ལག་སློབ་གཉེར་ཁང་གསར་པ་དབུ་འབྱེད་ཐོག་འཚམས་འདྲི་མཛད་པ།
  • བོད་ནང་གི་གཞས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་བརྒྱུད་འཛམ་གླིང་རོལ་དབྱངས་ཉིན་མོ་སྲུང་བརྩི།
  • བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་དང་པོ་ཚོགས་པ།
  • སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དགུ་པ་དང་བཅུ་བདུན་གཉིས་སྐོང་ཚོགས།
  • རྒྱ་ནག་གིས་ཐའེ་ཝན་རང་བཙན་རྩོད་ལེན་པར་སྲོག་ཁྲིམས་གཅད་རྒྱུའི་ཁྲིམས་ཡིག་ལམ་སྟོན་སྤེལ་བར་ཐའེ་ཆབ་སྲིད་ཚོགས་པ་དབྱེས་མེད་ཀྱིས་རྐྱེོན་བརྗོད་གནང་བ།

ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་གྱི་དགོང་དྲོ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ The other space ཡང་སྟེང་དུ་ཨ་རིར་གནས་སྡོད་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་རྩོམ་སྒྲིག་དང་སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་དཔེ་བསྐྲུན་ཁང་ pengueiin ཞེས་པས་འདོན་སྤེལ་གནང་བའི་ THE PENGUIN BOOK OF MODERN TIBETAN ESSAYS འམ་དེང་དུ་བོད་ཀྱི་དངོས་བྱུང་རྩོམ་རིག་ཕྱོགས་སྒྲིག་ཀྱི་དཔེ་དེབ་དབུ་འབྱེད་གནང་ཡོད།

སྐབས་དེར་རྩོམ་ཤོག་ཕྱོགས་སྒྲིག་གནང་བའི་ཁོངས་སུ་རྩོམ་པ་པོ་དོན་གྲུབ་བཀྲིས་རིག་ལྗོངས་ལགས་ཀྱིས་བཙན་བྱོལ་ནང་གྱི་ཉི་མ་གཅིག་ཅེས་པའི་རྩོམ་དང་རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་ཀྱིས་རང་ཉིད་ཀྱི་སྤོ་ལགས་དང་པ་ལགས། རང་ཉིད་བཅས་ཀྱི་མི་ཐོག་གསུམ་གྱི་ནང་དུ་མཐོང་ཐོས་མྱོང་གསུམ་ཕྱིར་དྲན་དང་རང་ཉིད་ལ་བག་ཆགས་སྐོར་གྱི་རྩོམ། བོད་མིའི་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ང་ལྟ་བུའི་བཙན་བྱོལ་བར་མི་ཚེ་དང་ནང་ཟེར་ས་མེད་པའི་གནས་བབ་ཅེས་པའི་རྩོམ་གཉིས། དེ་བཞིན་རྩོམ་པ་པོ་དང་གློག་བརྙན་བཟོ་བསྐྲུན་པ་བསྟན་འཛིན་བསོད་ནམས་ལགས་ཀྱིས་ ༡༩༩༥ ལོར་བོད་དུ་ཆས་པའི་མྱོང་བ་དང་རྡོ་རྗེ་གླིང་དུ་ལོ་གསར་གཏོང་སྟངས་ཕྱིར་དྲན་ཞེས་རྩོམ་ཐུང་གཉིས་བཅས་སྒྲོག་སྦྱང་གནང་ཡོད།

དཔེ་དེབ་དབུ་འབྱེད་ཀྱི་ལས་རིམ་གྲུབ་མཚམས་སུ་གསར་འགོད་པས་རྩོམ་པ་པོ་གསུམ་དང་ལྷན་དུ་རང་ཉིད་ཀྱི་རྩོམ་ཤོག་ངོ་སྤྲོད་དང་འབྲེལ་རྩོམ་པ་པོས་རྩོམ་བྲིས་པའི་བརྒྱུད་རིམ་ཁྲོད་བོད་ཅེས་པ་དེ་རང་ཉིད་ལ་གང་ཞིག་མཚོན་གྱི་ཡོད་དམ་ཞེས་དང་རྩོམ་བྲིས་ཐོག་ལ་གླེང་མོལ་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།