Tibetan Royal Year of 2151 | Year of the Wood Dragon

ལ་དྭགས་དབུས་འཛིན་སྐྱོང་མངའ་གཞུང་གིས་༸གོང་ས་མཆོག་ལ་དགྱེས་སྟོན་ལྗགས་སྨིན་འདེགས་འབུལ་ཞུས་པ།

Tibetan News Headlines

  • More than 1700 Tibetan monks in Ngaba forced to attend boarding school
  • Uzra Zeya, Pema Khandu join well-wishers in wishing the Dalai Lama a speedy recovery
  • Dharamshala hosts Tibetan youth convention to foster Tibetan democracy
  • Uttarakhand CM visits Dhondupling Clement town to hear Modi’s ‘Mann Ki Baat’
  • China’s Panchen visits Jokhang Temple in ‘Chinese city of Lhasa’
  • Potala XI Odisha wins first-Ever APFA gold cup tournament

རེས་གཟའ་ཟླ་བ། ༢༠༢༤།༠༧།༠༡

  • རྔ་བ་ཁུལ་གྱི་གྲྭ་ཕྲུག་ ༡༧༠༠ ལྷག་བཙན་དབང་གི་སློབ་འཇུག་བྱས་པ་སོགས་ཀྱི་བོད་མིའི་ཐོག་ཕྱོགས་གང་ས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།
  • ༸གོང་ས་མཆོག་གི་ཞབས་པུས་བརྗེ་འགྱུར་གྱི་གཤག་བཅོས་ལེགས་གྲུབ་བྱུང་བ།
  • བོད་རིགས་ན་གཞོན་འདུ་འཛོམས་ཐེངས་དང་པོ་དབུ་འཛུགས།
  • ཨུ་ཏྟར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ཆེད་ཕེབས་གནང་བ།
  • རྒྱ་དམར་གྱི་པཎ་ཆེན་རྒྱལ་མཚན་ནུར་བུ་ལྷ་སའི་ཇོ་ཁང་དུ་གནས་གཟིགས།
  • ཨོ་རི་ས་གཞིས་ཆགས་ལ་ཨ་ཕ་གསེར་གྱི་ཕོར་པའི་རྐང་སྤོལ་རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁ་ཐོབ་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ལ་དྭགས་དབུས་འཛིན་སྐྱོང་མངའ་གཞུང་ཕྱོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཁུལ་དེའི་སེང་གེ་གཙང་པོའི་ཉེ་འགྲམ་སིན་དུ་གྷ་ཊ་ཞེས་པར་ཆིབས་བསྒྱུར་གྱིས་ཉིན་དགུང་ལྗགས་སྨིན་མཛད་འདུག

དེ་རིང་སྔ་དྲོ་ཚོུད་ ༡༡ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་ལ་དྭགས་སེང་གེ་གཙང་པོའི་ཉེ་འགྲམ་དུ་ཆགས་པའི་སིན་དུ་གྷ་ཊ་ཞེས་པར་ཆིབས་བསྒྱུར་མཛད་ཡོད་པ་དང་སྐབས་དེར་ལ་དྭགས་དབུས་འཛིན་སྐྱོང་མངའ་གཞུང་གི་གནད་ཡོད་དབུ་ཁྲིད་ཁག་དང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ཁྲིམས་རྩོད་པ་བཀྲིས་རྒྱལ་མཚན་ལགས། སྡེ་དཔོན་གཞོན་པ་དཔལ་ཚེ་རིང་དབང་ཕྱུག་ལགས། རྒྱ་གར་དབུས་གྲོས་ཚོགས་ཀྱི་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། ལ་དྭགས་ནང་ཚོགས་དང་མགོན་ཚོགས་གཉིས་ཀྱི་ཚོགས་གཙོ་གཙོས་ལ་དྭགས་ཆོས་ཚོགས་དང་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ནས་ཕེབས་བསུ་དང་འབྲེལ་མགོན་པོ་༸གང་ཉིད་མཆོག་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་ལ་དྭགས་སྒྱུ་རྩལ་དང་རིག་གཞུང་། སྐད་ཡིག་སློབ་གཉེར་ཁང་གི་སྒྱུ་རྩལ་བ་ཁག་འགས་མགོན་པོ་མཆོག་ལ་དད་གུས་ཀྱི་བསྟོད་དབྱངས་གཟིགས་འབུལ་ཞུས་ཏེ་དགྱེས་སྟོན་དགུང་ཚིགས་ཀྱི་མཛད་སྒོ་དབུ་འཛུགས་གནང་སོང་།

སྐབས་དེར་རྒྱ་གར་དབུས་གྲོས་ཚོགས་ཀྱི་ལ་དྭགས་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་༸གོང་ས་མཆོག་གི་གཞན་ཕན་དང་བྱམས་སྙིང་རྗེ་། འཚེ་མེད་ཞི་བ། མཐུན་སྒྲིལ་སོགས་ཀྱི་དགོངས་གཞི་ནི་ང་ཚོ་ལ་དྭགས་མི་མང་སྤྱི་དང་སྒོས་གངས་ཅན་ཧི་མཱ་ལ་ཡའི་མི་རིགས་དང་འཛམ་གླིང་ཞི་བདེ་འདོད་མཁན་ཡོངས་ལ་སེམས་འགུལ་ཐེབས་གཞི་ཡིན་པས་བཀའ་དྲིན་ཆེན་པོ་ཡིན་སྐོར་གསུངས་པ་དང་ལྷག་དོན་མགོན་པོ་༸གང་ཉིད་མཆོག་དགུང་ལོ་ཇི་ཙམ་བགྲེས་པོར་ཕེབས་ཀྱང་དུས་རྟག་ཏུ་བྱམས་བརྩེའི་ཐོག་ནས་ལ་དྭགས་སུ་ཡང་ཡང་ཆིབས་བསྒྱུར་མཛད་ཀྱི་ཡོད་སྟབས་ལ་དྭགས་སེར་སྐྱ་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུས་པ་དང་ཆབས་ཅིག ༸གོང་ས་མཆོག་ལོ་ལྟར་ལ་དྭགས་སུ་ཆིབས་བསྒྱུར་བཀའ་དྲིན་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད།

དེ་བཞིན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲིས་རྒྱལ་མཚན་ལགས་ཀྱིས་༸གོང་ས་མཆོག་དེ་རིང་སིན་དུ་གྷ་ཊ་ཞེས་པར་ཆིབས་སྒྱུར་བསྐྱངས་ཏེ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་དང་ལ་དྭགས་དབུས་འཛིན་མངའ་ཁུལ་ཐུན་མོང་ནས་གོ་སྒྲིག་ཞུས་པའི་དགྱེས་སྟོན་དགུང་ཚིགས་ཀྱི་མཛད་སྒོར་དབུ་བཞུགས་མཛད་པར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་འབྲེལ། ལ་དྭགས་དེ་ཉིད་རྒྱ་གར་དབུས་འཛིན་སྐྱོང་མངའ་ཁུལ་དུ་གྱུར་པ་ནས་བཟུང་ཁུལ་དེར་གནས་བཞུགས་བོད་མི་ཚོར་ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་གཞིར་བཞག་ཐོག་ལ་དྭགས་མི་མང་དང་གཅིག་མཚུངས་གཞི་རྩའི་མཐུན་རྐྱེན་བསྐྲུན་ཡོད་པ་དང་། ལྷག་དོན་ལ་དྭགས་འབྲོག་ཁུལ་མང་པོར་འདས་པའི་མི་ལོ་བདུན་ཅུ་ནང་བྱུང་མྱོང་མེད་པའི་ཐུང་ཆུའི་ངལ་བ་ཁག་སེལ་ཐུབ་ཡོད་པ་སོགས་སྙན་སེང་ཞུས་ཏེ་ལ་དྭགས་ནང་ཡོད་པའི་བོད་མི་ཚོ་དང་ང་ཚོའི་དབར་འབྲེལ་འདྲིས་ཟབ་མོ་ཡོད་པས་མགོན་པོ་༸གང་ཉིད་མཆོག་ལ་དྭགས་སུ་ཡང་ནས་ཡང་དུ་ཆིབས་བསྒྱུར་བཀའ་དྲིན་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་སོང་།

མཛད་སྒོ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནས་འཛམ་གླིང་འདིའི་སྟེང་འགྲོ་བ་མི་ཐེར་འབུམ་བདུན་ལྷག་ཅམ་ཡོད་པ་དེ་དག་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་ཀྱི་ཡོད་པ་མ་ཟད། ཚང་མ་ཨ་མའི་བྱམས་སྐྱོང་འོག་ནས་འཚར་ལོངས་བྱུང་བ་ཤ་སྟག་ཡིན་སྟབས་སོ་སོའི་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་ས་བོན་དེ་གཅེས་འཛིན་གྱིས་གོང་འཕེལ་དུ་བཏང་སྟེ་དུས་རྟག་ཏུ་སེམས་པ་བཟང་པོ་གནང་གལ་ཡིན་པ་དང་། དེས་རང་ཉིད་ཀྱི་སེམས་ལ་ཞི་བདེ་དང་ལུས་ལ་བདེ་ཐང་ཡོང་བར་དགེ་མཚན་ལྡན་ཡོད་པར་ལམ་སྟོན་མཛད་ཡོད། ༸གོང་ས་མཆོག་གིས་ཆོས་ལུགས་ཚང་མའི་ལྟ་གྲུབ་ཐ་དད་ཡིན་ཀྱང་བྱམས་བརྩེ་དང་སྙིང་རྗེའི་ལམ་སྟོན་གཞི་རྩར་བཞག་ཡོད་སྟབས་ད་ཆ་ཆོས་ལུགས་ཀྱི་མིང་ཐོག་ནས་འཚེ་བ་དང་མི་གསོད་ཁྲག་སྦྱོར་གྱིས་ལས་བྱས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་དང་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་ཡོང་བར་འབད་རྩོན་གནང་ཚེ་དེ་ལྟར་ཡོང་རྒྱུ་ཡོད་པར་བཀའ་སྩལ་འདུག་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་དེང་སྐབས་ཚན་རིག་འཕེལ་རྒྱས་ཆེན་པོ་ཕྱིན་པའི་དུས་རབས་འདིར་ནང་ཆོས་ནི་ཚན་རིག་དང་མཐུན་པར་འགྲོ་ཐུབ་མཁན་གཅིག་པོ་དེ་ཆགས་ཡོད་སྟབས་ཚན་རིག་པ་ཚོས་ནང་པའི་གཞུང་ནས་གསུངས་པའི་སེམས་ཁམས་རིག་པར་དོ་སྣང་ཆེན་པོ་གནང་བཞིན་ཡོད་པར་བཀའ་ནན་མཛད་དེ་ཚང་མས་ནང་པའི་ཆོས་ཀྱི་ལྟ་གྲུབ་དང་སེམས་ཁམས་རིག་པར་སློབ་གཉེར་གནང་དགོས་གལ་བཀའ་སྩལ་ཞིང་། མཐར་མགོན་པོ་༸གང་ཉིད་མཆོག་སླད་མར་རྒྱ་གར་རྒྱ་གདིང་དུ་ཆར་བ་ཤུགས་ཆེར་འབབ་སྐབས་ལ་དྭགས་ནང་སླར་ཆིབས་བསྒྱུར་མཛད་རྒྱུའི་བཀའ་བཞེས་སྨིན་སྩལ་མཛད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།