Tibetan Royal Year of 2151 | Year of the Wood Dragon

ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག

Tibetan News Headlines

  • Local religious heads of Dharamsala come together to pray for successful knee treatment of Dalai Lama
  • Former MP Jigmey Jungney formally takes charge as Representative of Delhi Bureau
  • China’s Communist Party expels ex-defence ministers over corruption charges
  • Public poll calls for urgent reform in Tibetan democracy

རེས་གཟའ་པ་སངས། ༢༠༢༤།༠༦།༢༨

  • ༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་སླད་བོད་མི་ཙམ་མ་ཟད་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་འགོ་ཁྲིད་རྣམས་ནས་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།
  • ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་དེ་རིང་དངོས་སུ་ལས་འཁུར་གྱི་ཐུགས་འགན་བཞེས་འདུག
  • རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་དམར་ཤོག་ཚོགས་པ་ནས་ཕྱིར་འབུད།
  • བོད་མིའི་བསམ་ཚུལ་བསྡུ་ལེན་གྱི་སྙན་ཐོ་དབུ་འབྱེད། 

རྒྱ་ནག་སྲིད་གཞུང་གིས་རྒྱ་གར་གཞུང་ལ་ཡུལ་དེ་དང་རྒྱ་གར་དབར་གྱི་ཐད་ཀར་གནམ་གྲུའི་འགྲུལ་བཞུད་བསྐྱར་གསོ་བྱེད་དགོས་པའི་རེ་སྐུལ་ཐེངས་ཁ་ཤས་བྱས་ཡོད་ཀྱང་། རྒྱ་གར་གྱི་མཐོ་རིམ་ལས་བྱེད་ཁག་གཅིག་གིས་ཕྱོགས་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་ཞི་བདེ་སླར་གསོ་མ་བྱུང་བར་རྒྱལ་ཁབ་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག

Inida China Dispute

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༢༠ ཉིན་ The Reuters གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་སྔ་ཕྱི་ལོ་ ༢༠༢༠ ལོའི་ Galwan གདོང་ཐུག་གི་གནད་དོན་རྗེས་སུ་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པའི་ཁྲོད་ཕྱོགས་གཉིས་དབར་གྱི་ཐད་ཀར་གནམ་གྲུའི་འགྲུལ་བཞུད་དེ་ཡང་ལོ་བཞིའི་རིང་བཀག་སྡོམ་བྱས་ཏེ་ད་ལྟའང་བསྐྱར་གསོ་བྱས་མེད་པ་དང་ཆབས་ཅིག འདས་པའི་ལོ་གཅིག་གི་རིང་རྒྱ་ནག་སྲིད་གཞུང་དང་ཡུལ་དེའི་མཁའ་ལམ་འགྲུལ་བཞུད་ལས་ཁང་གཉིས་ཀྱིས་རྒྱ་གར་གཞུང་ལ་རྒྱ་དཀར་ནག་གཉིས་དབར་གྱི་གནམ་གྲུའི་འགྲུལ་བཞུད་དེ་བསྐྱར་གསོ་བྱེད་དགོས་པའི་རེ་སྐུལ་ལན་མང་བྱས་ཡོད་ཀྱང་། རྒྱ་གར་ངོས་ནས་དེར་དང་ལེན་གནང་མེད་པ་རེད་འདུག

Inida China Dispute

གནད་དོན་དང་འབྲེལ་རྒྱ་གར་གྱི་ཐབས་བྱུས་དཔྱད་ཞིབ་པ་དང་ཕྱི་འབྲེལ་མི་སྣ་ཁག་གཅིག་གིས་རྒྱལ་ཁབ་གཉིས་དབར་ཕྱི་ལོ་ ༢༠༢༠ ལོར་མི་གསོད་ཁྲག་སྦྱོར་ཀྱི་གནས་སྟངས་བྱུང་བའི་ཁྲོད་རྒྱ་གར་གྱི་དམག་མི་ཉི་ཤུ་ལྷག་གི་ཚེ་སྲོག་ཤོར་ཡོད་པ་ནས་བཟུང་རྒྱ་གར་གྱིས་རྒྱ་ནག་དེ་བཞིན་རང་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་ཉེན་ཁ་ཞིག་དང་། ལྷག་པར་རྒྱ་གར་གཞུང་ནས་ཇི་སྲིད་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་རྣམས་སེལ་མ་ཐུབ་པ་དེ་སྲིད་དུ་ཕྱོགས་གཉིས་ཀྱི་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་སྐོར་གྱི་བཞེངས་ཕྱོགས་འཛིན་འགོ་འཛུགས་ཡོད་པ་མ་ཟད། དེའི་ཁྲོད་རྒྱ་གར་གྱིས་ཡུལ་དེར་གནས་སྡོད་རྒྱ་ནག་གི་གསར་འགོད་པ་ཚོར་མཐོང་མཆན་དམ་དྲག་དང་རྒྱ་ནག་གི་ཚོང་ལས་ཁང་ཚོས་མ་དངུལ་འཇོག་རྒྱུར་བཀག་སྡོམ། རྒྱ་ནག་གི་ Tiktok མཉེན་ཆས་བཀག་སྡོམ་ཙམ་མ་ཟད། རྒྱལ་ཁབ་ཕྱོགས་གཉིས་དབར་ཐད་ཀར་གནམ་གྲུའི་འགྲུལ་བཞུད་དེའང་བསྐྱར་གསོ་གནང་མེད་པ་སོགས་ས་མཚམས་ཀྱི་དཀའ་རྙོག་རྐྱེན་པས་རྒྱ་གར་གཞུང་ནས་ཕྱོགས་གཉིས་ཀྱི་ལས་གཞི་བྱེ་བྲག་པ་མང་པོ་ཞིག་བཀག་སྡོམ་གནང་ཡོད་པ་མངོན་གསལ་གནང་འདུག

Inida China Dispute

ཡང་ཁག་གཅིག་གིས་རྒྱ་གར་དང་རྒྱ་ནག་གཉིས་ནི་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དང་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། རྒྱ་དཀར་ནག་གཉིས་དབར་ཐད་ཀར་བསྐྱོད་མཁན་གྱི་གནམ་གྲུ་མེད་པ་དེ་ནི་རྒྱུན་ལྡན་ཞིག་མིན་པ་དང་། ལྷག་པར་རྒྱ་གར་གཞུང་ནས་རྒྱ་ནག་དང་འབྲེལ་བ་ཉུང་འཕྲི་གནང་དགོས་པའི་བཞེངས་ཕྱོགས་དེས་ཕུགས་ལ་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཕོག་ཐེབས་ངེས་ཙམ་མ་ཟད། རྒྱ་གར་ངོས་ནས་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་གནམ་གྲུའི་འགྲུལ་བཞུད་དེ་བསྐྱར་གསོ་གནང་མེད་པ་དེས་རྒྱ་གར་གྱི་དགོས་མཁོ་ངོ་མ་དེ་མཚོན་གྱི་མེད་སྐོར་སོགས་ཀྱི་དགོངས་ཚུལ་གསུངས་མཁན་ཡོད་འདུག

གཞི་རྩའི་ཨེ་ཤེ་ཡའི་རྒྱལ་ཁབ་ཆེ་ཤོས་གཉིས་ཀྱི་དབར་ཐད་ཀར་གནམ་གྲུའི་འགྲུལ་བཞུད་དེ་ནི་དགོས་ངེས་ཅན་ཞིག་དང་། དེས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལའང་ཕན་ནུས་ཆེན་པོ་སྦྱིན་གྱི་ཡོད་པ་དེ་ལྟར་ཡང་། རྒྱ་གཞུང་ངོས་ནས་མཐའ་མཚམས་ཁུལ་གྱི་དཀའ་རྙོག་ཁག་ཞི་འགྲིག་བྱ་རྒྱུ་ལས་ལྡོག་སྟེ་རྒྱ་གར་གི་ས་ཁུལ་ཁག་ཅིག་ལ་ཧམ་འཛུལ་གྱི་ལས་དོན་མུ་མཐུད་སྤེལ་བཞིན་པར་རྟེན་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དེ་དཀའ་ངལ་ཅན་ཞིག་ཏུ་གྱུར་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།