Tibetan Royal Year of 2151 | Year of the Wood Dragon

སྦིར་གཞིས་ཆགས་ཀྱི་གཞུང་ལམ་ཞིག་ལ་དྭང་ཞབས་དམ་པ་སྐལ་བཟང་རྡོ་རྗེའི་མཚན་བཏགས་པ།   

Tibetan News Headlines

  • Tibetans and well-wishers begin early birthday celebrations of HHDL across the world
  • Delhi encircled with billboards marking Dalai Lama’s birthday
  • CTA hosts second ‘International Tibet Youth Forum’ in Dharamsala
  • China claims ‘Natural Say’ in choosing next Dalai Lama
  • 17th annual general body meeting of the Tibetan Chamber of Commerce commences in Dharamshala

རེས་གཟའ་ལྷག་པ། ༢༠༢༤།༠༧།༠༣

  • འཛམ་གླིང་ས་ཕྱོགས་གང་སར་ལས་རིམ་རྣམ་པ་འདྲ་མིན་ཐོག་རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུ་འགོ་བཙུགས་པ།
  • ལྡི་ལིར་གོང་ས་མཆོག་གི་བཀའ་སློབ་འཁོད་པའི་བསྒྲགས་བྱང་ ༦༠ ལྷག་ཆེད་འཛུགས་སྒོ་ནས་༸སྐུའི་འཁྲུངས་སྐར་བསུ་བ་ཞུས་པ།
  • རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས།
  • ༸སྐུའི་ཡང་སྲིད་འདེམས་སྒྲུག་གི་བདག་དབང་རྒྱ་ནག་ལ་རང་བཞིན་དུ་ཡོད་ཚུལ་བཤད་འདུག
  • བཞུགས་སྒར་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༧ པ་འཚོགས་པ།

དེ་སྔ་ཕྱི་ལོ་ ༢༠༠༣ ལོར་རྒྱ་གར་དང་པ་ཀིས་ཏན་གཉིས་ཀྱི་དམག་འཁྲུག་བྱུང་སའི་ས་ཚིགས་གཙོ་བོ་ Batalik ཞེས་པར་དྭང་ཞབས་ཀྱི་ལས་དོན་ཁྲོད་སྐུ་འདས་གྲོངས་སུ་ཕྱིན་པ་བོད་པའི་དྭང་ཞབས་དམག་མི་ཡོངས་གྲགས་སུ་ Sepoy སྐལ་བཟང་རྡོ་རྗེ་ལགས་ཀྱི་བློས་གཏོང་ལ་ཆེ་བསྟོད་དང་རྗེས་དྲན་སླད་སྦིར་བོད་ཚོགས་གཞིས་ཆགས་ནང་ཡོད་པའི་གཞུང་ལམ་ཞིག་ལ་ Shaheed Sepoy སྐལ་བཟང་རྡོ་རྗེའི་གཞུང་ལམ་ཞེས་མཚན་བཏགས་འདུག

གཞུང་ལམ་དེ་བཞིན་དེ་རིང་ཕྱི་ཟླ་ ༩ ཕྱི་ཚེས་ ༢ སྟེ། བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་དབུ་བརྙེས་ནས་མི་ལོ་ ༦༣ འཁོར་བའི་དུས་སྐབས་དང་བསྟུན། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་མངའ་སྡེ་གཞུང་གི་གྲོང་སྡེ་ཡར་རྒྱས་ཀྱི་བློན་ཆེན་སྐུ་ཞབས་ SH. Kishori Lal ཀྱིས་དབུ་འབྱེད་གནང་འདུག་པ་དང་། སྐབས་དེར་ཁོང་གིས་དབུ་འབྱེད་མཛད་སྒོའི་ཐོག་ཕེབས་པའི་བོད་མི་དང་ས་གནས་ཡུལ་མི་རྣམས་ལ་བོད་པའི་དྭང་ཞབས་དམག་མི་ཚོས་རྒྱ་གར་གི་བདེ་འཇགས་དང་མཐའ་སྲུང་ལས་དོན་ཐོག་ཞབས་ཞུ་ཆེན་པོ་གྲུབ་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ས་གནས་སུ་ཡོད་པའི་མི་མང་རྣམས་རྒྱུན་དུ་མཐུན་སྒྲིལ་གནང་དགོས་གལ་ཡིན་པ་སོགས་གསུངས་འདུག

གཞི་རྩའི་དྭང་ཞབས་དམ་པ་ Shaheed Sepoy སྐལ་བཟང་རྡོ་རྗེ་ལགས་ནི་སྦོར་བོད་ཚོགས་ཀྱི་ཁོངས་སུ་གཏོགས་པའི་བོད་མི་ཞིག་ཡིན་པ་དང་། ཁོང་ཕྱི་ལོ་ ༡༩༩༧ ལོར་དྭང་ཞབས་དམག་མིའི་ཁོངས་སུ་ཞུགས་ཏེ། ཕྱི་ལོ་ ༢༠༠༣ ལོར་ Batalik མཐའ་མཚམས་ས་ཁུལ་དུ་ OP Rakshak ཞེས་པའི་ཞབས་ཞུའི་ལས་དོན་ཁྲོད་མགོ་ལ་མེ་མདའ་ཕོགས་ཏེ་སྐུ་ཚེ་མ་ཟིན་པའི་གནས་སྟངས་བྱུང་རྗེས། ད་རེས་སྦིར་བོད་ཚོགས་སུ་གཞུང་ལམ་ཞིག་ལ་དམ་པ་ཁོང་གི་མཚན་བཏགས་པ་དང་ལྷན་དུ་རྒྱལ་སྒོ་ཞིག་ཀྱང་གསར་བསྐྲུན་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།