Tibetan Royal Year of 2151 | Year of the Wood Dragon

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་བསྩལ་བ།

Tibetan News Headlines

  • Tibet and Himalayas: In conversation with two PhD students

རེས་གཟའ་ཉི་མ། ༢༠༢༤།༠༩།༡༥

  • བོད་དང་ཧི་མཱ་ལ་ཡ། འབུམ་རམས་པའི་སློབ་མ་གཉིས་དང་གླེང་མོལ།

མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ནས་མོན་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་གསོལ་འདེབས་ཞུས་ཀྱང་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་དང་ལྷག་པར་དུ་སྐུ་ངལ་གསོ་བཞུགས་མཛད་རྒྱུའི་སླད་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཀོད་མངགས་མཛད་པ་ལྟར། རིན་པོ་ཆེ་མཆོག་གིས་དེ་རིང་ཞོགས་པ་ཕྱག་ཚོད་ ༩།༣༠ ཙམ་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མོན་རིགས་གཙོ་བོར་འགྱུར་བའི་དད་ལྡན་མང་ཚོགས་ལ་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་དབུ་འཛུགས་གནང་སོང་།

Samdhong Rinpoche

དེ་ཡང་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མ་གནང་གོང་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་དེ་བཞིན་༸གོང་ས་མཆོག་ནས་བསྩལ་རྒྱུ་ཐུགས་གཏན་ཁེལ་ཡོད་ཀྱང་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ཀྱི་གནད་དོན་དང་འབྲེལ་ནས་རིན་པོ་ཆེར་བཀོད་མངགས་མཛད་ཡོད་པ་ངོ་སྤྲོད་དང་སྦྲགས། དེ་རིང་གི་ཆོས་འབྲེལ་ཐོག་༸གོང་ས་མཆོག་༸སྐུ་དངོས་ཕེབས་ཡོད་པ་དགོངས་ནས་ཆེད་བཅར་ཞུས་མཁན་གྱི་རིགས་དེ་འདྲ་ཡོད་ཚེ་ཕེབས་ན་འགྲིག་གི་ཡོད་པ་དང་། ལས་དོན་གྱི་ཐོག་ནས་ཞལ་འདོན་གསུང་རྒྱུའི་སླད་དུ་འདིར་མ་བཞུགས་ཐབས་མེད་ཀྱི་གང་ཟག་དེ་འདྲ་ཡོད་ཚེ་བླ་མ་སློབ་མའི་འདུ་ཤེས་བཞག་མི་དགོས་པར་གཏམ་བཤད་ཉན་མཁན་གྱི་ཚུལ་དུ་བཞུགས་ན་འགྲིག་གི་ཡོད་པ་གསུངས་སོང་།

Monpa Devotees

རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་གྲུབ་མཚམས་སུ་མོན་ཡུལ་གྱི་མི་མང་རྣམས་ཆོས་དད་ཆེན་པོ་ཡོད་པ་བཞིན་༸གོང་ས་མཆོག་མཇལ་རྒྱུ་བྱུང་བ་སྐལ་པ་བཟང་པོ་ཞིག་ཡིན་པ་དང་། མོན་ཁུལ་དུ་མི་མང་མཐུན་སྒྲིལ་དང་ཆོས་ཕྱོགས་ཀྱི་བྱ་བ་གང་ཐུབ་གནང་བཞིན་པ་མ་ཟད། སྔར་གྱི་རིག་གཞུང་དང་ལེགས་སྦྱང་བཟང་པོ་རྣམས་གཞུང་དང་སྤྱི་ཚོགས་ནས་མི་ཉམས་རྒྱུན་འཛིན་གནང་བཞིན་པ་དེ་མུ་མཐུད་བདག་གཅེས་གནང་རྒྱུ་དང་། ལྷག་པར་དུ་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ལ་ཐུགས་སྣང་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་རེད་ཅེས་གསུངས་སོང་།

Monpa Devotees

འདི་ག་གསར་འགོད་པས་དེ་རིང་གི་ཆོས་འབྲེལ་གྲུབ་མཚམས་སུ་མོན་པ་ཁག་ཅིག་ལ་བཅར་འདྲི་ཞུས་པའི་སྐབས་དེ་རིང་༸གོང་ས་མཆོག་༸སྐུ་དངོས་སུ་ཕེབས་མེད་ནའང་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་དྲུང་ནས་གསུང་ཆོས་ཞུ་རྒྱུ་བྱུང་བ་དེ་༸གོང་ས་མཆོག་གི་༸སྐུ་མདུན་ནས་ཞུས་པ་ཁྱད་མེད་ཅེས་གསུངས་པ་དང་འབྲེལ། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་དེ་གལ་ཆེ་བ་དང་རིན་པོ་ཆེ་མཆོག་གི་སྐུའི་འཕྲོད་བཞེས་དེ་བཞིན་གང་མྱུར་༸སྐུ་ཁམས་བདེ་ཐང་ཡོང་བའི་གསོལ་འདེབས་ཞུས་ཀྱི་འདུག

Monpa Devotees

འབྲེལ་ཡོད་གསར་གནས།

གསར་གནས།