Tibetan Royal Year of 2151 | Year of the Wood Dragon

ཧི་མཱ་ཅལ་ནང་སླར་ཆར་ཞོད་ཀྱི་གོད་ཆག་འོག་མིའི་ཚེ་སྲོག་ཤོར་བར་ཐུགས་གསོ་མཛད་པ།

Tibetan News Headlines

  • Tibetan spiritual leader heads to America for a knee treatment
  • Former Sikyong Lobsang Sangay speaks on Reincarnation and Geopolitics in Delhi
  • State oracle Nechung issues prayer recitation notice for Dalai Lama’s upcoming knee treatment
  • China’s suppression of Tibetan protests over hydropower discussed at side-event of UN human rights council
  • US Congressional delegation calls on PM Narendra Modi after visit to Dharamshala

རེས་གཟའ་པ་སངས། ༢༠༢༤།༠༦།༢༡

  • ༸གོང་ས་མཆོག་ཨ་རིར་ཞབས་པུས་སྨན་བཅོས་སླད་བཞུགས་སྒར་ནས་ཆིབས་ཐོན་མཛད་སོང་།
  • རྒྱ་གར་གཞུང་ངོས་ནས་སྐུའི་ཡང་སྲིད་གནད་དོན་ཐད་ཐེ་བྱུས་གནང་རྒྱུ་མེད་པར་ཨ་རིས་འཛིན་པའི་སྲིད་བྱུས་དེར་རྒྱབ་སྐྱོར་གནང་དགོས།
  • གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་འགྲོ་གང་ཆེ་གསོག་སྒྲུབ་དགོས་པ།
  • རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་ཁམས་སྡེ་དགེའི་གནད་དོན་ཐད་ཟུར་ཚོགས་ཞིག་ཚོགས་གནང་འདུག
  • བཞུགས་སྒར་ནས་ཕྱིར་ཐོན་རྗེས་ཨ་རིའི་སྐུ་ཚབ་རུ་ཁག་ནས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་དང་མཇལ་འཕྲད་གནང་འདུག

དེང་སྐབས་རྒྱ་གར་གྱི་ས་ཁུལ་འདྲ་མིན་ནང་ཆར་ཞོད་ཀྱི་གོ་ཆག་འོག་མི་རྒྱུ་གཉིས་ཀར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་པའི་དུས་སྐབས་འདིར་ཧི་མཱ་ཅལ་མངའ་སྡེའི་ཤིམ་ཁུལ་དུ་ཁ་སང་སླར་ཡང་ཆར་ཞོད་ཀྱི་གོ་ཆག་ཤུགས་ཆེར་ཕོག་པའི་འོག་མི་གྲངས་ ༥༠ ཙམ་གྱི་ཚེ་སྲོག་ཤོར་བའི་གནས་ཚུལ་ཐོན་ཡོད་སྟབས། དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་མཆོག་གི་མཚན་ཐོག་ཏུ་སླར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག

FILE – In this April 5, 2017, file photo, Tibetan spiritual leader the Dalai Lama greets devotees at the Buddha Park in Bomdila, Arunachal Pradesh, India. More than 150 Tibetan religious leaders say their spiritual leader, the Dalai Lama, should have the sole authority to choose his successor. A resolution adopted by the leaders at a conference on Wednesday, Nov. 27, 2019, says the Tibetan people will not recognize a candidate chosen by the Chinese government for political ends. ( AP Photo/Tenzin Choejor, File)

གསུང་འཕྲིན་དེའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༠ ནས་བཟུང་སྟེ་མགོན་པོ་༸གང་ཉིད་མཆོག་ཧི་མཱ་ཅལ་མངའ་སྡེ་ནང་དུ་ཐུགས་དགྱེས་ཚོར་ཆེན་པོའི་ཐོག་ནས་ལོ་བཅུ་ཕྲག་དྲུག་ལྷག་གི་རིང་ལ་༸སྐུ་བཞུགས་མཛད་ཀྱི་ཡོད་སྟབས་ མངའ་སྡེ་འདིའི་མང་ཚོགས་རྣམས་དང་དམིགས་བསལ་གྱི་མཛའ་འབྲེལ་ཟབ་པོ་ཡོད་ཅེས་བཀའ་སྩལ་བསྐྱར་ནན་མཛད་འདུག

མགོན་པོ་༸གང་ཉིད་མཆོག་གིས་ཆར་ཞོད་ཀྱི་གོད་ཆག་འོག་མང་ཚོགས་ཚོའི་ཚེ་སྲོག་ཤོར་བ་སོགས་འབྱུང་བའི་གནོད་འཚེ་ཕོག་པར་ཐུགས་ཕམ་ཆེན་པོས་ཤུལ་ལུས་ནང་མི་སྤུན་མཆེད་དང་མངའ་སྡེའི་མི་མང་ཡོངས་ལ་ཐུགས་གསོ་དང་ཐུགས་སྨོན་མཛད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེ་གཞུང་དང་སྒྲིག་འཛུགས་ཁག་གིས་ཀྱང་ས་གནས་ཁག་ཏུ་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་ཡོད་པ་མཁྱེན་རྟོགས་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག ཧི་མཱ་ཅལ་མངའ་སྡེའི་མང་ཚོགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་སྩལ་མཛད་རྒྱུའི་བཀའ་སྩལ་དང་བཅས་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།