Tibetan Royal Year of 2151 | Year of the Wood Dragon

ཨ་རི་གཞུང་གིས་ཆོས་དད་རང་དབང་དང་གྲངས་ཉུང་མི་རིགས་ཐོག་དྲག་གནོན་བྱེད་མཁན་རྒྱ་ནག་དཔོན་རིགས་རྣམས་ལ་ཉེས་ཆད་གཅད་རྒྱུ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ཆོས་དད་རང་དབང་ལ་དམ་དྲག་དང་བོད་མི་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་ཐོག་ལ་དྲག་གནོན་གྱི་གནད་དོན་དང་འབྲེལ་བ་ཡོད་པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་རྣམས་ལ་ཨ་རིའི་ནང་དུ་བསྐྱོད་རྒྱུའི་མཐོང་མཆན་བཀག་སྡོམ་གྱིས་སྲིད་དོན་ཉེས་ཆད་གཅད་རྒྱུ་ཡིན་པ་གསུངས་འདུག

US-China_7th_discussion_on_trading_issue-2

དེ་ཡང་ཁ་ཉིན་ཕྱི་ཚེས་ ༡༢ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་གནས་ཐོག་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་དུ། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Matthew Miller ལགས་ཀྱིས་ཨ་རིའི་ངོས་ནས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་འགན་འཁྲི་འཁུར་དགོས་པའི་སྐུལ་སློང་མུ་མཐུད་སྤེལ་བའི་ཁྲོད། ད་རེས་ལས་ཁུངས་ཀྱི་ངོས་ནས་ཆོས་དད་དང་གྲངས་ཉུང་མི་རིགས་ཐོག་དྲག་གནོན་བྱས་མཁན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་རྣམས་ཀྱི་ཐོག་ལ་ཨ་རིའི་གཞུང་གིས་ཕྱི་མི་གནས་སྤོ་དང་རྒྱལ་ཁོངས་ཁྲིམས་ལུགས་ཀྱི་དོན་ཚན་ ༢༡༢ ཀྱི་འོག་ནས་ཨ་རིའི་ནང་དུ་བསྐྱོད་རྒྱུའི་མཐོང་མཆན་བཀག་སྡོམ་བྱ་རྒྱུའི་ཐག་གཅོད་གནང་ཡོད་པ་གསུངས་འདུག

བསྒྲགས་གཏམ་ནང་ད་དུང་ད་ལྟ་ཤིན་ཅང་ནང་དུ་མི་རིགས་རྩ་གཏོར་གྱི་བྱ་འགུལ་སྤེལ་བཞིན་པ་དང་། ཧོང་ཀོང་ནང་དུ་མང་ཚོགས་ཀྱི་གཞི་རྩའི་རང་དབང་རྡོག་རོལ་གཏོང་བཞིན་པ། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་བྱ་འགུལ་མུ་མཐུད་སྤེལ་བཞིན་པ། དེ་བཞིན་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲོད་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་བྱ་འགུལ་སྤེལ་བཞིན་པ་བཅས་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་གིས་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་བརྩི་བཀུར་བྱ་རྒྱུའི་དེ་སྔའི་ཁས་ལེན་ཁག་ཡོངས་སུ་རྩིས་མེད་རྡོག་རོལ་བྱས་ཡོད་པས་སྐྱོན་བརྗོད་གནང་བ་མ་ཟད། རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་འབྲུ་དོན་བརྩི་འཇོག་དགོས་པ་དང་། འདི་ལོའི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་ཐོག་རྒྱ་གཞུང་གིས་ཁྲིམས་འགལ་ཐོག་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏང་དགོས་པ་གཙོས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་རྒྱབ་གཉེར་སྐུལ་འདེབས་གནང་བ་ཁག་ལ་ངོས་ལེན་བྱ་དགོས་པ་གསུངས་འདུག

USCIRF 2024 Report

གཞི་རྩའི་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ USCIRF ཞེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གིས་སྤྱི་ལོ་ ༢༠༢༤ ལོའི་སྙན་ཐོ་འདོན་སྤེལ་གནང་ཡོད་པའི་ནང་དུ། འདས་པའི་ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་ནང་དུ་ཆོས་དད་རང་དབང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་སོང་བ་དང་། ལྷག་པར་བོད་བརྒྱུད་ནང་བསྟན་ཐོག་དྲག་གནོན་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་ལས་དོན་ཚབ་ཆེ་རུ་བཏང་ཡོད་པ་མངོན་གསལ་དང་འབྲེལ། ཨ་རིའི་གཞུང་ནས་རྒྱ་ནག་དེ་བཞིན་ཆོས་དད་རང་དབང་གི་གནད་དོན་ཐད་དམིགས་བསལ་གྱི་སེམས་འཁུར་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཞིག་ཏུ་ངོས་འཛིན་ཡོང་བའི་ཞུ་སྐུལ་གནང་ཡོད་པ་རེད།

སྤྱིར་ཨ་རིའི་ནོར་སྲིད་ལྷན་ཁང་གིས་ཕྱི་ལོ་ ༢༠༢༢ ལོའི་ནང་ཕྱི་ལོ་ ༢༠༡༦ ནས་ ༢༡ བར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་བྱས་མྱོང་མཁན་ Wu Yingjie དང་། དེ་བཞིན་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཟེར་བའི་ཉེན་རྟོག་སྤྱི་ཁྱབ་གཙོ་འཛིན་བྱས་མྱོང་མཁན་ Zhang Hongbo གཉིས་ལ་སྲིད་དོན་ཉེས་ཆད་བསྐྱལ་ཏེ་ཨ་རིའི་ནང་ཡོད་པའི་དཔོན་རིགས་དེ་དག་གཉིས་པོའི་རྒྱུ་དངོས་དང་དངུལ་དངོས་སྤྲོད་ལེན་གྱི་ལས་དོན་ཡོངས་རྫོགས་བཀག་སྡོམ་གནང་འདུག དེ་བཞིན་སྔ་ལོའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ངོས་ནས་བོད་ནང་གི་བུ་ཕྲུག་རྣམས་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་སྟེ་བཙན་དབང་སྒོ་ནས་བཅའ་སྡོད་སློབ་གྲྭའི་ནང་བཅུག་སྟེ་རྒྱ་མི་རིགས་ཅན་དུ་བསྒྱུར་ཐབས་བྱེད་མཁན་གྱི་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་ཨ་རིའི་ནང་བསྐྱོད་རྒྱུའི་མཐོང་མཆན་བཀག་སྡོམ་གྱིས་ཉེས་ཆད་གཅད་རྒྱུ་ཡིན་པ་ཡོངས་གྲགས་གནང་ཡོད་པ་དང་། ཐེངས་འདིར་ཨ་རིའི་ཕྱི་སྲིད་ལས་ཁུངས་ངོས་ནས་ཆོས་དད་རང་དབང་ལ་དམ་དྲག་དང་བོད་མི་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་ཐོག་ལ་དྲག་གནོན་གྱི་གནད་དོན་དང་འབྲེལ་བ་ཡོད་པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་རྣམས་ལ་མཐོང་མཆན་བཀག་སྡོམ་གྱིས་སྲིད་དོན་ཉེས་ཆད་གཅད་རྒྱུ་ཡིན་སྐོར་གསུངས་ཡོད་ཀྱང་། དཔོན་རིགས་དེ་དག་སུ་ཡིན་དང་དཔོན་རིགས་ཀྱི་གྲངས་འབོར་སོགས་ཀྱི་གནས་ཚུལ་གང་ཡང་ཡོང་གྲགས་གནང་མིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།