Tibetan Royal Year of 2151 | Year of the Wood Dragon

ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ།

Tibetan News Headlines

  • Tibet and Himalayas: In conversation with two PhD students

རེས་གཟའ་ཉི་མ། ༢༠༢༤།༠༩།༡༥

  • བོད་དང་ཧི་མཱ་ལ་ཡ། འབུམ་རམས་པའི་སློབ་མ་གཉིས་དང་གླེང་མོལ།

མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སང་ཉིན་ཚེས་ ༧ ཉིན་མོན་ཡུལ་གྱི་ལྷ་སྡེ་མི་སྡེ་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དག་སྣང་གསང་བ་རྒྱ་ཅན་ལས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཡིན་པ་དང་། ཐེངས་འདིའི་ཆོས་འབྲེལ་སླད་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གི་དབུས་པའི་མོན་རིགས་ཁྱོན་ ༡༥༠༠ ལྷག་ཙམ་བཞུགས་སྒར་དུ་ཆེད་ཕེབས་གནང་བ་མ་ཟད། སྤྱི་ཁྱབ་བློན་ཆེན་མཆོག་གིས་དེ་རིང་སྡ་དྲོ་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་ཡོད་པ་རེད།

Pema Khandu
པར་དབང་། OHHDL

སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་གཟིམ་ཆུང་མཇལ་ཁ་གྲུབ་མཚམས་སུ་གསར་འགོད་པས་བཅར་འདྲིར་དྭང་ལེན་གནང་སྐབས། ༸གོང་ས་མཆོག་དང་མཇལ་མོལ་བྱ་རྒྱུ་བྱུང་བ་ནི་ཆེས་རྙེད་དཀའ་བ་དང་རང་ཉིད་ལ་མཚོན་ན་ཆེས་དགའ་འོས་པའི་དུས་ཚིགས་ཤིག་ཡིན་པ། དེ་རིང་༸གོང་ས་མཆོག་༸སྐུ་དངོས་སུ་མཇལ་སྐབས་༸གང་ཉིད་མཆོག་ཀྱི་༸སྐུའི་འཕྲོད་བཞེས་ཐད་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པའི་གཟིགས་ཚུལ་བྱུང་ཞེས་གསུངས་པ་དང་འབྲེལ། དེ་རིང་གི་མཇལ་མོལ་ཐོག་༸གོང་ས་མཆོག་རྟ་དབང་ཁུལ་དུ་ཆིབས་བསྒྱུར་གནང་རྒྱུའི་གསོལ་འདེབས་ཞུས་པ་བཞིན་ཐུགས་བརྩེ་བ་ཆེན་པོས་ཞལ་བཞེས་བཟང་པོ་སྨིན་གནང་མཛད་ཡོད་པ་གསུངས་སོང་།

Pema Khandu
པར་དབང་། OHHDL

སྤྱི་ཁྱབ་བློན་ཆེན་མཆོག་གིས་ད་དུང་༸གོང་ས་མཆོག་དང་ཨ་རུ་ནཱ་ཅལ་གྱི་མང་ཚོགས་སྤྱི། ལྷག་དོན་མོན་མི་རིགས་དབར་དམིགས་བསལ་འབྲེལ་ལམ་ཡོད་པ་ནན་བཤད་དང་སྦྲགས། ཁོང་རྣམ་པའི་ངོས་ནས་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་ཐོག་མར་མོན་རྟ་དབང་བརྒྱུད་བཙན་བྱོལ་དུ་ཞབས་སོར་འཁོད་སའི་ས་ཁུལ་དུ་ཕོ་བྲང་ཞིག་གསར་བཞེངས་ཞུས་ཡོད་པ་དེའི་བདག་དབང་ཡོངས་རྫོགས་ད་རེས་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་འབུལ་ལམ་ཞུས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

Pema Khandu
པར་དབང་། OHHDL

རྩ་བའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ཁ་སང་བཞུགས་སྒར་དུ་ཆེད་ཕེབས་གནང་བ་དང་འབྲེལ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་༸དཔལ་ལྡན་རྒྱུད་སྟོད་གྲ་ཚང་དུ་གནས་གཟིགས་ཀྱིས་དེར་གནས་བཞུགས་དགེ་འདུན་འདུ་མང་དང་ལྷན་མོལ་གནང་ཡོད་པ་དང་། དགོང་མོ་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཇི་ལྟར་དགོང་ཚིགས་སུ་གདན་ཞུ་གནང་བ་ལྟར་དེར་ཆེད་ཕེབས་ཀྱིས། དེ་རིང་ཉིན་གུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསོལ་ཚིགས་འདེགས་འབུལ་དང་ལྷན་བོད་ཀྱི་འགྲེམས་སྟོན་ཁང་དང་བོད་ཀྱི་དཔེ་མཛོད་ཁང་དུ་འཚམས་གཟིགས་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་ལྷན་དུ་མཇལ་མོལ་གནང་ཡོད་པ་རེད།

Pema Khandu LTWA
པར་དབང་། LTWA

ཤེས་རྟོགས་བྱུང་བར་གཞིགས་ན། སང་ཉིན་བརྟན་བཞུགས་ཀྱི་མཛད་རིམ་ཁག་གྲུབ་པའི་རྗེས་སུ་སྤྱི་ཁྱབ་བློན་ཆེན་མཆོག་གིས་དབུས་པའི་མངའ་སྡེའི་གནད་ཡོད་མི་སྣ་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དེ་བཞིན་སྲི་ཞུ་ལས་བྱེད་དང་མོན་ནས་ཆེད་ཕེབས་གནང་བའི་མང་ཚོགས་བཅས་ལྷན་བཞུགས་ཀྱི་ཐོག་ནས་༸སྐུའི་གོ་སྟོན་གྱི་མཛད་སྒོ་རྒྱས་པ་ཞིག་བསྐོང་ཚོགས་གནང་རྒྱུ་ཡིན་པ་རེད་འདུག

Pema Khandu
པར་དབང་། TPiE
Pema Khandu TPiE
པར་དབང་། TPiE

འབྲེལ་ཡོད་གསར་གནས།

གསར་གནས།