Tibetan Royal Year of 2151 | Year of the Wood Dragon

ཨོ་གླིང་བོད་མི་རྣམས་ནས་རྒྱ་ནག་གི་སྲིད་བློན་ Li Qiang ལ་ངོ་རྒོལ་སྐད་འབོད་བྱས་འདུག

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

རྒྱ་ནག་གི་སྲིད་བློན་ Li Qiang  ཨོ་གླིང་སྲིད་བློན་མཆོག་དང་མཇལ་འཕྲད་གཙོས་པའི་ཉིན་གྲངས་བཞིའི་རིང་གི་གཞུང་དོན་སྐོར་བསྐྱོད་སླད་ཁ་ཉིན་སྤྱི་ཚེས་ ༡༥ རེས་གཟའ་སྤེན་པའི་ཉིན་ཨོ་གླིང་གི་རྒྱལ་ས་ Canberra དུ་འབྱོར་ཡོད་པ་དང་། དེ་རིང་སྲིད་བློན་ Li Qiang ཨོ་གླིང་གྲོས་ཚོགས་སུ་བསྐྱོད་པའི་སྐབས་ས་གནས་བོད་མི་དབུས་པའི་ཡུ་གུར་བ་དང་ཐེ་ཝན་ཧོང་ཀོང་སོགས་རྒྱ་ནག་གི་སྡུག་རྩུབ་མྱོང་བཞིན་པའི་མི་རིགས་ཀྱི་ལས་འགུལ་བ་དང་མང་གཙོ་དོན་གཉེར་བ་ཁག་གཅིག་གིས་ངོ་རྒོལ་སྐད་འབོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འདུག གཞི་རྩའི་ད་ལན་རྒྱ་ནག་གི་སྲིད་བློན་ལོ་ ༧ གྱི་རྗེས་སུ་ཨོ་གླིང་ནང་དུ་གཞུང་འབྲེལ་སྐོར་བསྐྱོད་ཆེད་དུ་སླེབས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།

Australia Tibetans Protest

དེ་ཡང་རྒྱ་ནག་གི་སྲིད་བློན་ Li Qiang ནས་ཐེངས་འདིའི་སྐོར་བསྐྱོད་ཁྲོད་ཨ་གླིང་གྲོས་ཚོགས་ནང་ཡུལ་དེའི་སྲིད་བློན་ Anthony Albanese མཆོག་དང་། ཕྱི་སྲིད་བློན་ཆེན་ Penny Wong དེ་བཞིན་ཚོང་འབྲེལ་བློན་ཆེན་ Don Farrell མཆོག་གི་གཙོས་པའི་ཨོ་གླིང་གྲོས་ཚོགས་འཐུས་མི་ཁག་གཅིག་དང་ཐུག་འཕྲད་བྱས་ཡོད་པ་ལྟར། སྐབས་དེར་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་བོད་རིགས་ཚོགས་ཁག་བཅུ་གཉིས་དང་། ཨོ་གླིང་བོད་དོན་ལྷན་ཁང་།  V-tag དྭང་བླངས་བོད་དོན་ལས་འགུལ་བ་བཅས་ནས་མཉམ་རུབ་ཀྱིས་གོ་སྒྲིག་འོག་བོད་མིས་ལྔ་བརྒྱ་ཙམ་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གནང་འདུག་པ་མ་ཟད། སྐབས་དེར་ཐེ་ཝན་དང་ཡུ་གུར་ཧོང་ཀོང་ལ་སོགས་པའི་རྒྱ་ནག་གི་སྲིད་གཞུང་འོག་མནར་གཅོད་མྱོང་བཞིན་པའི་མི་རིགས་ཀྱི་དམངས་གཙོའི་ལས་འགུལ་བ་མི་ཉུང་བ་ཁག་གཅིག་ནས་ཀྱང་མཉམ་ཞུགས་གནང་འདུག

Photo: Ngaba Choezin protesting during Wang Yi’s visit

དེའི་སྐོར་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྔ་བ་ཆོས་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་བ་གོང་གི་སྒྲ་སྒམ་ནས་གསན་ཐུབ།

Dhongdue Kyinzom
Photo: Dhongdue Kyinzom protesting during the Li Qiang visit

དེ་བཞིན་དེ་རིང་གི་ལས་འགུལ་ནང་མཉམ་བཞུགས་གནང་མཁན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྐུ་ཚབ་སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་གསུངས་པ་གོང་གི་སྒྲ་སྒམ་ནས་གསན་ཐུབ།

Australia གྲོས་ཚོགས་འཐུས་མི་སྐུ་ཞབས་ Bob Brown ལགས་ཀྱིས་དེ་རིང་སྤྱི་ཚོགས་དྲ་ལམ་ཐོག་བརྙན་ཐུང་ཞིག་འདོན་སྤེལ་བརྒྱུད། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སླེབས་ལ་ཉེ་བའི་སྐུའི་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་པ་དང་སྦྲགས། ད་རེས་Canberra དུ་བོད་མི་གཙོས་པའི་ཞི་བའི་ལས་འགུལ་ནང་མཉམ་བཞུགས་གནང་མཁན་ཡོངས་ལ་འཚམས་འདྲི་གནང་བ་དང་འབྲེལ། ད་ལན་རྒྱ་ནག་གི་སྲིད་བློན་ཨོ་གླིང་ནང་སླེབས་པ་དང་བསྟུན་ཨོ་གླིང་སྲིད་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གི་སྲིད་བློན་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་ཐད་གླེང་སློང་ངེས་པར་དུ་དགོས་ཏེ། རྒྱ་ནག་ནང་མང་གཙོ་སླར་གསོ་བྱ་ཐབས་གནང་དགོས་པའི་ནན་སྐུལ་གནང་འདུག

Australia Tibetans Protest
Bob Brown

དབྱེས་ཞིབ་པ་རྣམས་ཀྱི་གསུངས་ན། ད་ལན་སྲིད་བློན་ Li Qiang གི་ཨོ་གླིང་སྐོར་བསྐྱོད་འདི་བཞིན། མ་འོངས་པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨོ་གླིང་དུ་བསྐྱོད་རྒྱུའི་ལམ་ཁ་བཟོས་ཆེད་དུ་དམིགས་པ་ཞིག་ཡིན་པ་རེད།

རྩ་བའི་དེ་སྔ་ཨོ་གླིང་སྲིད་གཞུང་ནས་ Foreign Interference འམ་ཕྱིའི་རྒྱལ་ཁབ་ཀྱིས་ཤུགས་རྐྱེན་ལ་གདོང་ལེན་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་བྱས་པར། རྒྱ་ནག་གཞུང་གིས་ཨོ་གླིང་གི་ཕྱིར་ཚོང་ཁག་གཅིག་བཀག་སྡོམ་བརྒྱུད་ནས་འཁོན་ལན་སློག་པའི་ཁྲོད་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཉམས་གུད་དུ་ཕྱིན་ཡོད་པ་དེ་ལྟར་ཡང་། སྤྱི་ལོ་ ༢༠༢༢ ལོར་སྲིད་བློན་ Anthony Albanese མཆོག་གིས་གཞུང་འཛིན་པ་ནས་བཟུང་རྒྱ་ནག་གིས་རྒྱལ་ཁབ་ཕྱོགས་གཉིས་བར་གྱི་འབྲེལ་ལམ་སྔར་བཞིན་རྒྱུན་སྐྱོང་ཡོང་རྒྱུའི་ཐད་རྣམ་པ་འདྲ་མིན་སྒོ་ནས་ཧུར་བརྩོན་བྱས་བཞིན་པས་ད་ཆ་ཨོ་གླིང་གི་ Live Lobster ཞེས་སྡིག་སྲིན་གསོན་པོའི་ཕྱིར་ཚོང་ཁོ་ན་མ་གཏོགས་དེ་སྔ་བཀག་སྡོམ་བྱས་པའི་ཕྱིར་ཚོང་གཞན་མཐའ་དག་བཀག་སྡོམ་མེད་པ་བཟོས་ཡོད་པ་སོགས་འབྲེལ་ལམ་ཡར་རྒྱས་ཀྱི་རྣམ་པ་མངོན་རྒྱུ་ཡོད་པ་རེད་འདུག

Australia Tibetans Protest

དེའི་བར་ན་དེ་རིང་ SBS གསར་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་སྲིད་བློན་ Li Qiang ལ་ཨོ་གླིང་བོད་མི་གཙོས་པའི་མང་གཙོ་དོན་གཉེར་བ་ཁག་གཅིག་གིས་ཞི་རྒོལ་གནང་སྐབས། ཨོ་གླིང་ས་གནས་ཉེན་རྟོག་པས་ཁྲིམས་མཐུན་ཐོག་ཞི་བའི་ལས་འགུལ་སྤེལ་མཁན་རྣམས་ལ་རྡུང་རྡེག་བཏང་བ་སོགས་དོན་མེད་ཀྱི་དྲག་སྤྱོད་བེད་སྤྱོད་བྱས་ཡོད་པས་རྐྱོན་བརྗོད་བྱས་མཁན་བྱུང་ཡོད་འདུག་ལ། ཡིན་ནའང་ཨོ་གླིང་ཉེན་རྟོག་པས་ངོས་ནས་དེ་ལྟ་བུའི་རྐྱོན་བརྗོད་ཞུ་གཏུགས་བྱས་མཁན་བྱུང་མེད་པའི་འགྲེལ་བརྗོད་བྱས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།