Tibetan Royal Year of 2151 | Year of the Wood Dragon

ཨོསྟྲེ་ལི་ཡའི་ཕྱི་སྲིད་བློན་ཆེན་གྱིས་བོད་ཕྲུག་རྣམས་ཕ་མ་དང་ཁ་བྲལ་གཏོང་ཐབས་བྱེད་བཞིན་པར་བློ་འཚབ། 

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

ཕྱི་ཟླ་ ༩ ཚེས་ ༤ ཉིན་ཨོསྟྲེ་ལི་ཡའི་གྲོས་ཚོགས་སུ་ཕྱི་སྲིད་བློན་ཆེན་ Penny Wong ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནད་དོན་དང་འབྲེལལ་ནས་རྒྱ་གཞུང་གིས་བོད་ཕྲུག་རྣམས་རང་གི་ཕ་མ་དང་ཁ་བྲལ་བཏང་སྟེ་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་དང་ཆོས་རིག་སོགས་ནག་གསུབ་གཏོང་ཐབས་བྱེད་བཞིན་པར་བློ་འཚབ་གནང་བར་མ་ཟད། རྒྱ་ནག་གཞུང་དང་འབྲེལ་མོལ་སྐབས་༸སྐུའི་ཡང་སྲིད་ཀྱི་གནད་དོན་གཙོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གླེང་སློང་བྱུང་ཡོད་པ་དང་། མུ་མཐུད་ནས་རྒྱ་ནག་གཞུང་ལ་དེ་འབྲེལ་སྐོར་གླེང་སློང་གནང་རྒྱུ་ཡིན་ཞེས་གསུངས་འདུག

ཨོསྟྲེ་ལི་ཡའི་བོད་དོན་ལྷན་ཁང་གིས་ཕྱི་ཚེས་ ༤ ཉིན་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཉིན་མོར་ཡུལ་དེའི་ཕྱི་སྲིད་བློན་ཆེན་དང་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་གཏུག་གནང་དོན་ལྟར་ཉིན་དེར་ཨོསྟྲེ་ལི་ཡའི་གྲོས་ཚོགས་སུ་ལྗང་ཁུ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Janet Rice ལགས་ཀྱི་ཨོསྟྲེ་ལི་ཡའི་གཞུང་དང་ལྷག་པར་ཕྱི་སྲིད་བློན་ཆེན་མཆོག་ནས་རྒྱ་ནག་གཞུང་གི་འགོ་ཁྲིད་དང་མཇལ་མོལ་གནང་སྐབས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བོད་ནང་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭར་བོད་ཕྲུག་ས་ཡ་གཅིག་ལྷག་རང་གི་ཕ་མ་དང་ཁ་བྲལ་བཏང་སྟེ་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་དང་ཆོས་རིག་སོགས་ནག་གསུབ་གཏོང་བཞིན་པ། དེ་བཞིན་བོད་མིའི་ཆོས་དད་རང་དབང་སོགས་ཀྱི་སྐོར་ལ་གླེང་སློང་གནང་གི་ཡོད་དམ་ཞེས་འདྲི་རྩད་གནང་སྐབས་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Penny Wong ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་བོད་ཕྲུག་རྣམས་རང་གི་ཕ་མ་དང་ཁ་བྲལ་བཏང་སྟེ་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་དང་ཆོས་རིག་སོགས་ནག་གསུབ་གཏོང་ཐབས་བྱེད་བཞིན་པར་བློ་འཚབ་ཡོད་པར་མ་ཟད། རྒྱ་ནག་གཞུང་དང་འབྲེལ་མོལ་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གླེང་སློང་བྱུང་ཡོད་པ་དང་། སླད་མར་རྒྱ་ནག་གཞུང་ལ་དེ་འབྲེལ་སྐོར་གླེང་སློང་གནང་རྒྱུ་ཡིན་ཞེས་གསུངས་ཡོད།

རླུང་འཕྲིན་ཁང་ནས་ཨོསྟྲེ་ལི་ཡའི་བོད་དོན་ལྷན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བསོན་ནམས་དཔལ་འབྱོར་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཨོསྟྲེ་ལི་ཡའི་གྲོས་ཚོགས་སུ་རྒྱ་གཞུང་གིས་བོད་ཕྲུག་རྣམས་རང་གི་ཕ་མ་དང་ཁ་བྲལ་བཏང་སྟེ་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་དང་ཆོས་རིག་སོགས་ནག་གསུབ་གཏོང་ཐབས་བྱེད་བཞིན་པར་བློ་འཚབ་ཡོད་ཅེས་གཞུང་འབྲེལ་གྱི་གནད་ཡོད་མི་སྣ་ཅིག་གིས་གསུངས་པ་དེ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ Janet Rice ལགས་ཀྱི་རྒྱ་གཞུང་གིས་གཞིས་བཞུགས་བོད་མི་རྣམས་ལ་ངལ་རྩོལ་བསྒྱུར་བཀོད་ཀྱི་ལས་གཞིར་བཙན་བཅུག་བྱེད་བཞིན་པའི་སྐོར་ལ་འདྲི་རྩད་གནང་བར་ཕྱི་སྲིད་བློན་ཆེན་མཆོག་གིས་ཨོསྟྲེ་ལི་ཡའི་རྒྱལ་ཡོངས་ labour party ནང་ངལ་རྩོལ་བསྒྱུར་བཀོད་བཀག་སྡོམ་བྱ་རྒྱུའི་ཁྲིམས་གཞི་གཏན་འབེབབ་གནང་དོན་ལྟར་ངལ་རྩོལ་བསྒྱུར་བཀོད་ཀྱི་ལས་གཞིའི་འོག་ནས་བཟོ་བསྐྲུན་བྱས་པའི་ཚོང་ཟོག་ཁག་ཨོསྟྲེ་ལི་ཡར་ནང་འདྲེན་བྱ་རྒྱུ་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་གྱི་ཁྲིམས་གཞི་གཏན་འབེབས་གནང་ཡོད་པར་ངོ་སྤྲོད་གནང་ཡོད།

གཞི་རྩའི་ཁ་ཉིན་ཕྱི་ཚེས་ ༤ ཉིན་ Australia Tibet Council ཞེས་ཨོསྟྲེ་ལི་ཡའི་བོད་དོན་ལྷན་ཁང་གི་གོ་སྒྲིག་འོག་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཉིན་མོ་ཞེས་ཕྱི་སྲིད་བློན་ཆེན་ Penny Wong མཆོག་གིས་གཙོས་པའི་ཨོསྟྲེ་ལི་ཡའི་ཆབ་སྲིད་ཚོགས་པ་བཞི་ཙམ་གྱི་གྲོས་ཚོགས་འཐུས་མི་ཁག་ ༣༠ ཙམ་ལ་བོད་ནང་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭར་བོད་ཕྲུག་ས་ཡ་གཅིག་ལྷག་རང་གི་ཕ་མ་དང་ཁ་བྲལ་བཏང་སྟེ་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་དང་ཆོས་རིག་སོགས་ནག་གསུབ་གཏང་རྒྱུའི་སྲིད་བྱུས་མཚམས་འཇོག་དགོས་པ་དང་། བོད་ནང་ཆོས་དད་རང་དབང་དང་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་ནས་ཐེ་བྱུས་བྱེད་བཞིན་ཡོད་སྟབས་ཨོསྟྲེ་ལི་ཡའི་གཞུང་གི་ཕྱི་འབྲེལ་སྲིད་བྱུས་ནང་བོད་བརྒྱུད་ནང་བསྟན་གྱི་གནང་སྲོལ་དང་མཐུན་པའི་ངོས་འཛིན་གནང་བའི་༸རྒྱལ་བའི་ཡང་སྲིད་ལ་ངོས་བཞེས་གནང་དགོས་པའི་ཞུ་སྐུལ། དེ་བཞིན་རྒྱ་གཞུང་གིས་གཞིས་བཞུགས་བོད་མི་རྣམས་ལ་ངལ་རྩོལ་བསྒྱུར་བཀོད་ཀྱི་ལས་གཞིར་བཙན་བཅུག་བྱས་པ་ལས་བཟོ་བསྐྲུན་བྱས་པའི་ཚོང་ཟོག་ཁག་ཨོསྟྲེ་ལི་ཡར་ནང་འདྲེན་བྱ་རྒྱུ་མེད་པའི་ཁྲིམས་གཞི་གཏན་འབེབས་གནང་དགོས་པ་སོགས་བོད་དོན་ཞུ་གཏུག་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།