Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2014

རེས་གཟའ་ཕུར་བུ། ༢༠༡༤།༠༩།༡༨

༸གོང་ས་མཆོག་གིས་བོད་དོན་དཀའ་རྙོག་དེ་རྒྱ་གར་གྱི་དཀའ་རྙོག་ཞིག་ཀྱང་ཡིན་པ་བཀའ་སྩལ་འདུག ཞི་ཅིང་ཕིང་ལ་ངོ་རྒོལ་གནང་མཁན་བོད་མི་༥༠ལྷག་ལྡི་ལིའི་སྐོར་སྲུང་བས་འཛིན་བཟུང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཤེས་ཡོན་ཚོགས་ཆུང་༴ཞིག་བསྐོ་འཛུགས་གནང་གཏན་འཁེལ་འདུག ཁམས་ཚ་བ་དཔའ་ཤོད་ཀྱི་དགེ་འདུན་པ་གཅིག་ལ་ལོ་བཅུ་བཙོན་འཇུག་ཁྲིམས་བཅད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྟོག་ཞིབ་མི་སྣ་བོད་ནང་འགྲོ་བསྐྱོད་ཆོག་པའི་འབོད་སྐུལ། བཞུགས་སྒར་དུ་དབུ་མའི་ལམ་ཉིན་མོ་ཐེངས་བཞི་པ་སྲུང་བརྩི། པེ་རི་སི་རྒྱ་ནག་གཞུང་ཚབ་ཏུ་བོད་མིས་ངོ་རྒོལ་ལས་འགུལ་སྤེལ་འདུག Thursday 18/09/2014 'Tibet's problem is India's problem,' says Dalai Lama Over 50 Tibetan activists detained as China’s Xi visits Delhi TPiE passes resolution to form new committee on Tibetan Education policy Tibetan monk in Tsawa Pashoe sentenced to 10 years imprisonment UNHRC urged to intervene on China’s ongoing violence in Tibet 4th ‘Umay Lam Day’ observed in Dharamsala Tibetans in Paris mark Lhakar with protest in-front of Chinese Embassy ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་ལྷག་པ། ༢༠༡༤།༠༩།༡༧

རྒྱ་ནག་གི་སྲིད་འཛིན་རྒྱ་གར་གྱི་གྲོང་ཁྱེར་ཨེམ་དྷ་བྷཏ་ནང་འབྱོར་འཕྲལ་བོད་ཕྲུག་སློབ་མས་ངོ་རྒོལ་སྐད་འབོད། ལྡི་ལིར་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་གནང་མཁན་སློབ་ཕྲུག་༡༡དོ་དམ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ཁམས་འདན་མའི་གནས་སྟངས་སྐོར་གསལ་བཤད། བོད་མིའི་སྒྲིག་འཛུགས་ནས་ད་ལྟ་བོད་ནས་གསར་དུ་འབྱོར་མཁན་དང་དེ་སྔ་འབྱོར་མཁན་གཉིས་ལ་ཐུན་རྐྱེན་གྱི་དབྱེ་བ་མེད་པ་གསུངས་གནང་སོང། ཨུ་རུ་སུའི་ནང་པོ་ཏ་ལ་བོད་ཀྱི་འགྲེམས་སྟོན་ཁང་ཞེས་པ་དབུ་འབྱེད། འཛམ་གླིང་ཞི་བདེ་སྲུང་སྐྱོབ་ལས་འགུལ་ཚོགས་པས་༸གོང་ས་མཆོག་ལ་ཞིབདེའི་གཟེངས་རྟགས་ཕུལ་འདུག Wednesday 17/09/2014 Tibetan youth activists welcome China’s Xi with protests in Ahmadabad 11 Tibetan students detained in Delhi UNHRC urged to intervene on arbitrary detentions in Tibet TPiE in session: Home Kalon responds to questions on challenges faced by Tibetan new comers Potala Tibetan Exhibition inaugurated in Elista, Kalmykia World Peace Keepers Movement announces peace award for the Dalai Lama ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་མིག་དམར། ༢༠༡༤།༠༩།༡༦

ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་བཀའ་བློན་དུ་བསྐོ་བསྩལ། བཀའ་སྤྱི་གཉིས་ནས་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱ་གར་ནས་རང་དབང་སྐོར་སློབ་གསོ་ལེན་པའི་ཐོག་བོད་ནང་གུ་ཡངས་ཀྱི་སྲིད་བྱུས་འཛིན་རྒྱུའི་ཐུགས་རེ་ཡོད་པ་གསུངས་པ། རྒྱ་གར་གཞུང་ནས་བོད་དོན་ཆེད་རྒྱ་ནག་དང་དམག་རྒྱག་གི་མ་རེད་ཅེས་གསུངས་འདུག ནོ་སྦེལ་གཟེངས་རྟགས་བཞེས་མཁན་ ༡༤ ནས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་མཆོག་ལ་༸གོང་ས་མཆོག་ལ་མཐོང་མཆན་ཕུལ་དགོས་པའི་ཞུ་སྙན་ཕུལ་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་བོད་མི་ ༤༡ གར་སོང་ཆ་མེད་དུ་སོང་བའི་སྐོར་རྟོགས་ཞིབ་གནང་དགོས་པའི་འབོད་སྐུལ། བོད་དང་ཤིང་ཅང་ནང་གསར་འགོད་པ་བསྐྱོད་རྒྱུར་དམ་དྲག་བྱེད་བཞིན་པ་དེ་ནི་ཁྲིམས་འགལ་ཡིན་པ་བརྗོད་འདུག Tuesday 16/09/2014 Ngodup Tsering appointed as new Kalon, Gonpo Phuntsok new Auditor General TPiE in session: Xi Jinping urged to learn from India and soften hard-line policy in Tibet India will not go to war with China over Tibet: Visiting Indian policy expert UNHRC urged to look into 41 cases of enforced disappearance in Tibet Nobel Laureates urge SA President Zuma to give Dalai Lama visa Restriction against journalists in Tibet and Xinjiang ‘arbitrary’: Foreign journalist in China ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་ཟླ་བ། ༢༠༡༤།༠༩།༡༥

༸གོང་ས་མཆོག་བཞུགས་སྒར་ནས་གྲོང་ཁྱེར་མུམ་བྷཡེ་ནང་ཆིབས་སྒྱུར་བསྐྱངས་གནང་སོང། བསོད་ནམས་ཆོས་འཕེལ་ལགས་དབུས་འོས་བསྡུའི་འགན་འཛིན་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོར་འདེམས་ཐོན་བྱུང་བ། བོད་ཀྱི་གཞོན་ནུ་ཚོགས་པ་བརྒྱད་ནས་རྒྱ་གར་ལྷོ་ཕྱོགས་སུ་ཚོགས་འདུ་ཚོགས་འདུག ལྷོ་ཨ་ཕི་རི་ཀའི་གཞུང་ནས་༸གོང་ས་མཆོག་ལ་མཐོང་མཆན་འབུལ་རྒྱུའི་ཐད་འགྱུར་བཅོས་དགོས་པའི་འབོད་སྐུལ། ཕྱི་རྒྱལ་དམག་དཔོན་ཁག་ཅིག་བོད་ནང་འཚམས་གཟིགས། གཉེན་རྩེ་སྤྲུལ་སྐུ་མཆོག་ནས་བཞུགས་སྒར་ཁུལ་དུ་འཕྲོད་བསྟེན་ལུས་སྦྱོང་སློབ་ཁྲིད་གནང་བཞིན་པ། Monday 15/09/2014 Dalai Lama leaves for 2 days Mumbai trip Shosur Sonam Choephel elected new Chief Election Commissioner and Chairman of Public Service Commission Tibetans urge South Africa to give visa to Dalai Lama Estranged TYC chapters meet in Bylakuppe Foreign military attaches visit Tibet Healing body movement training in Dharamsala ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་ཉི་མ། ༢༠༡༤།༠༩།༡༤

གཞས་པ་བློ་བསྟན་རྣམ་གླིང་ལགས་དང་བཅར་འདྲི། Sunday 14/09/2014 Interview with singer Loten Namling ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

རེས་གཟའ་སྤེན་པ། ༢༠༡༤།༠༩།༡༣

བཀའ་བརྒྱུད་དོན་གྲུབ་མཆོག་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བར་འདེམས་ཐོན་བྱུང་སོང། ཁམས་འདན་མའི་ཛ་དྲག་གནས་སྟངས་ལ་ཐེ་ཝན་ནང་གདུང་སེམས་མཉམ་སྐྱེ་ཞུ་བ། ལྷོ་ཨ་ཕི་རི་ཀའི་བརྒྱུད་ལམ་འགའ་ཞིག་ཏུ་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་དང་འབྲེལ་བའི་སྐོར་ལ་འཁྱོག་བཤད་སྤེལ་ཡོད་པ། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་གྲས་ནས་རྒྱ་གར་གྱི་འགོ་ཁྲིད་རྣམས་ལ་འབོད་སྐུལ། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་རྩོམ་པ་པོ་ཚེ་དབང་རྟ་མགྲིན་ལགས་ཀྱིས་བརྩམས་པའི་དཔེ་དེབ་དྲུག་འདོན་སྤེལ་གནང་བ། ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་གནའ་སྲོལ་ཡིག་གཟུགས་འགྲེམས་སྟོན་དབུ་འབྱེད་གནང་པ། Saturday 13/09/2014 Kargyu Dhondup elected Chief Justice Commissioner Taiwan Tibetans hold solidarity prayer vigil for Denma Tibetans South Africa representative clarifies misleading statement by SACP TYC and NDPT appeals PM Modi to discuss Tibet with Xi Amnye Machen releases six books of writer Tsewang Tamding Former Kalon Tripa inaugurates Tibetan Calligraphy Exhibition: Dharamsala ཉན་པ།:  Listen ཕབ་ལེན།  Download Right click "ཕབ་ལེན།" and choose "Save Link As"

Latest news