Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2015

རེས་གཟའ་ལྷག་པ། ༢༠༡༥།༡༢།༠༢

ཉན་པ།: Listen ཕབ་ལེན། Download ༸སྐུའི་ཡང་སྲིད་ལ་འཁྱོག་བཤད་བྱེད་བཞིན་པ་དེ་ནི་ཆབ་སྲིད་ཀྱི་དགོས་དམིགས་སྒྲུབ་ཐབས་ཡིན་པ་གསུངས་འདུག JDU ཚོགས་ཆེན་སྟེང་བོད་དོན་གྲོས་ཆོད་འཇོག་རྒྱུའི་འབད་བརྩོན་གནང་རྒྱུ། ཅི་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་འཛུགས་འཆར། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ། སྲིད་སྐྱོང་མཆོག་གིས་ཨ་རིའི་སྐུ་ཚབ་ཚོགས་པས་བོད་ངོ་མ་གཟིགས་མེད་པ་གསུངས་འདུག དམིགས་བསལ་ལེ་ཚན། འཇར་མན་ནང་གི་བོད་རིགས་ཚོར་བསྩལ་བའི་བཀའ་སློབ། Wednesday 02/12/2015 Zhu’s remark on reincarnation issue, mere political strategy: CTA JDU leaders pledge to work for Tibet resolution at party GM We will strive to form Parliamentary group for Tibet: Visiting Chilean MP 2110 Tibetan flags raised in solidarity to Tibetan political prisoners: Canberra They never got the true picture: Sikyong on US delegation visit to Tibet FEATURE: His Holiness the Dalai Lama’s address to Tibetans in Germany

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་འཁྱོག་བཤད་བྱེད་པ་ནི་ཆབ་སྲིད་ཀྱི་དགོས་དམིགས་སྒྲུབ་ཐབས་ཡིན་པར་གསུངས་སོང།

རྒྱ་ནག་དབུས་སྲིད་གཞུང་གཙོས་པའི་གཞུང་འབྲེལ་དཔོན་རིགས་མང་དག་ཞིག་ནས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་ཐེ་བྱུས་རིམ་པ་བྱས་པ་མ་ཟད། ལྷག་པར་དུ་ཟླ་ ༡༡ ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་པཎ་ཆེན་ལ་ངོས་འཛིན་བྱས་ཏེ་མི་ལོ་ ༢༠ འཁོར་བའི་དུས་དྲན་དང་བསྟུན། རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ Zhu Weiqun ཡིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི་༸གོང་ས་མཆོག་༸སྐུ་སྒེར་གྱི་རང་དབང་དང་། ནང་པ་སངས་རྒྱས་པའི་བསྟན་པ་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་གནད་དོན་ཁོ་ན་ཙམ་མ་ཡིན་པར། དེ་ལས་ལྷག་པའི་ཆབ་སྲིད་དང་རྒྱ་ནག་དབུས་གཞུང་གི་བདག་དབང་འོག་ནས་ཁ་བྲལ་ཐབས་མེད་པའི་བོད་ཀྱི་གནད་དོན་དང་འདྲེས་པ་ཞིག་ཡིན་སྐོར་བརྗོད་འདུག བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་དྲིལ་བསྒྲགས་དྲུང་ཆེ་གཅིག་ལྕོགས་གནང་མཁན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་རྒྱ་ནག་གཞུང་གིས་མུ་མཐུད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་ཐེ་བྱུས་བྱས་པ་མ་ཟད། ཆབ་སྲིད་སོགས་ཀྱི་གནད་དོན་གང་ཅིའི་ཐོག་ལ་གཞི་མེད་ཀྱི་སྒྲོ་བཏགས་ཞུ་བཞིན་པ་དེ་དག་ནི་རྒྱ་ནག་གཞུང་རང་ཉིད་ཀྱིས་བོད་ཐོག་འཛིན་པའི་ཆབ་སྲིད་ཀྱི་དགོས་དམིགས་བསྒྲུབ་ཐབས་ཡིན་པ་རེད་ཅེས་འགྲེལ་བརྗོད་གནང་སོང།    དེ་བཞིན་ Zhu Weiqun  ཡིས་༸གོང་ས་མཆོག་ནི་བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཐོག་མ་དེ་ཡིན་སྟབས། མ་འོངས་པ་ལའང་༸གོང་ས་མཆོག་གི་མཚན་གནད་དེ་གང་ཟག་སུ་འདྲ་ཞིག་ལ་ཐོབ་ཀྱང་། དེ་ལ་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་ཡོད་པས་ན། མ་འོངས་པར་ཡང་༸སྐུའི་ཡང་སྲིད་ཀྱི་ཐད་ལ་ཐེ་བྱུས་བྱ་བར་རྒྱ་ནག་དབུས་གཞུང་འགན་དབང་ཡོད་སྐོར་གྱི་ལན་འདེབས་བྱས་ཡོད་པ་རེད། བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་མུ་མཐུད་གསུངས་དོན་ལ་རྒྱ་ནག་གཞུང་གིས་ངེས་པར་དུ་༸སྐུའི་ཡང་སྲིད་ཕེབས་དགོས་གལ་ཡིན་པ་དང། དེ་ཡང་རྒྱ་ནག་རང་གིས་ངོས་འཛིན་ཞུ་དགོས་པར་བཤད་པ་དེ་ནི་བོད་མི་གཙོས་པའི་རྒྱལ་སྤྱིའི་ཐོག་ནས་མགོན་པོ་མཆོག་ལ་དད་གུས་ཇི་ཙམ་ཡོད་པ་དང། བོད་ཀྱི་མ་འོངས་པའི་གནད་དོན་དང་༸སྐུའི་ཡང་སྲིད་དབར་འབྲེལ་བ་གཏིང་ཟབ་ཞིག་ཡོད་པ་མ་ཟད།  ལྷག་དོན་རྒྱལ་སྤྱིའི་སྟེང་བོད་ཀྱི་གནད་དོན་དེ་གལ་གནད་ཆེ་ཆུང་ཇི་འདྲ་ཞིག་ལ་ངོས་འཛིན་ཞུ་མིན་ཐོག་རག་ལུས་པར་བརྟེན་རྒྱ་གཞུང་གིས་༸སྐུའི་ཡང་སྲིད་འཚོལ་ཞིབ་ཞུ་རྒྱུ་ཡིན་ཞེས་བཤད་བཞིན་ཡོད་སྐོར་གསུངས་སོང། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ཏེ་སྤྱི་ལོ་ ༢༠༡༡ ཟླ་ ༩ པའི་ནང་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་དོན་ལ། མགོན་པོ་༸གང་ཉིད་མཆོག་གི་ཡང་སྲིད་དེ་བཞིན་རྒྱལ་མཆོག་རྗེ་དགེ་འདུན་གྲུབ་པའི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་དང་། བོད་མི་གཙོས་པའི་དད་ལྡན་མང་ཚོགས་རྣམས་ལ་གོ་བསྡུར་གྱིས་རྒྱལ་དབང་༸སྐུ་འཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་གནང་རྒྱུ་ཡིན་པ་མ་ཟད། གལ་སྲིད་༸སྐུ་འཕྲེང་བཅོ་ལྔ་པའི་ཡང་སྲིད་དགོས་གལ་དུ་གཟིགས་ཚེ། དེའི་བྱེད་སྒོའི་འགན་དབང་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་གི་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས་རྒྱ་ནག་གཞུང་དང་འབྲེལ་བ་གང་ཡང་མེད་པ་རེད་ཅེས་བཀའ་སྩལ་ནན་པོ་ཕེབས་ཡོད་པ་རེད།

Chile གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གསར་འཛུགས་ཞུ་རྒྱུ་ཡིན་གསུངས་སོང་།

  ལྷོ་ཨ་རིའི་རྒྱལ་ཁབ་ཆི་ལེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Vlado Mirosevic ལགས་དང་ཆི་ལེ་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་Fernando Salinas རྣམ་གཉིས་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་མཇལ་ཁ་ཞུས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གཟིགས་སྐོར་ཕེབས་འདུག  དེ་ཡང་ཟླ་སྔ་མའི་ཕྱི་ཚེས་ ༢༩ ནས་ ༤ བཅས་སུ་བཞུགས་སྒར་དུ་འཚམས་གཟིགས་ལ་ཕེབས་པའི་ཆི་ལེ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Vlado Mirosevic ལགས་དང་ ཆི་ལེ་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་Fernando Salinas རྣམ་གཉིས་ལ་འདི་ག་རླུང་འཕྲིན་ཁང་ནས་མགོན་པོ་མཆོག་གིས་ལྷན་མཇལ་ཞུ་སྐབས་བཀའ་སློབ་ཇི་ཕེབས་ཐད་བཅར་འདྲི་ཞུས་པར།     ཁོང་གིས་བོད་ཀྱི་གྲོགས་པོ་ཚོགས་པའི་འཐུས་མི་དང་ང་གཉིས་ད་ལན་བཞུགས་སྒར་དུ་འཚམས་གཟིགས་དང་འབྲེལ། ཁ་ཉིན་༸གོང་ས་མཆོག་དང་ལྷན་མཇལ་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད། ༸གོང་ས་མཆོག་གི་དགོངས་པ་དེ་བོད་མི་གཅིག་པོ་མིན་པར་འགྲོ་བ་ཀུན་ལ་ཕན་བདེ་བསྒྲུབ་རྒྱུའི་དགོངས་བཞེས་རླབས་ཆེན་བཞེས་ཀྱི་ཡོད་པར་བསྔགས་བརྗོད་ཞུས་ཀྱི་ཡོད་ཅེས་དང་། ལྷག་པར་༸གང་ཉིད་མཆོག་དང་ལྷན་མཇལ་ཞུས་ཡུན་དེའི་ནང་༸གོང་ས་མཆོག་ནས་གཙོ་བོ་ཡ་རབས་བཟང་སྤྱོད་ཀྱི་གལ་གནད་ཆེ་བའི་ཐད་བཀའ་སློབ་གཟབ་ནན་ཕེབས་པ་དེ་སེམས་ལ་འཇུག་པོ་བྱུང་ཞེས་གསུངས་སོང་། ད་དུང་གྲོས་ཚོགས་ཀྱི་འཐུས་མི་ Vlado Mirosevic  ལགས་ཀྱིས་ཁོང་ད་ལན་བཞུགས་སྒར་དུ་ཕེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་སྐོར་དང་། འདིར་ཕེབས་དགོས་དོན་ནི་སྐྱབས་བཅོལ་བོད་མིའི་གནས་སྟངས་དང་བོད་ཀྱི་གནད་དོན་སྐོར་ཤེས་རྟོགས་ཟབ་མོ་ཡོད་པའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཆེད་ཡིན་པ་མ་ཟད་ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་མཇལ་འཕྲད་ཀྱིས་བོད་ནང་གི་གནས་སྟངས་དང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཅས་ཀྱི་ཞིབ་ཁྲའི་གནད་དོན་ཁག་ཤེས་པའི་ཐོག་ནས་རྒྱ་གཞུང་དང་ལྷན་གྲོས་བསྡུར་གྱིས་རྒྱལ་ཁབ་གཉིས་པོའི་དབར་འབྲེལ་བ་བཟང་དུ་འགྲོ་རྒྱུར་དམིགས་པ་ཞིག་ཡིན་པ་གསུངས་སོང་།   གྲོས་ཚོགས་འཐུས་མི་ Vlado Mirosevic ལགས་ནས་ཁོང་རང་ཡུལ་དུ་ཕྱིར་འཁོར་རྗེས་བོད་ཀྱི་གནད་དོན་ཁག་ཡུལ་མི་ཚོར་གོ་རྟོགས་སྤེལ་འཆར་ཡོད་པ་དང་ལྷག་དོན་རྒྱལ་ཁབ་དེའི་ནང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་ཞིག་གསར་འཛུགས་བྱ་རྒྱུ་ཡིན་པའི་ཁས་ལེན་ཡང་གནང་ཡོད་པ་རེད།

རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི་ཆོས་ཕྱོགས་ཀྱི་གནད་དོ་རྐྱང་པ་ཞིག་མིན་པར་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཞིག་ཀྱང་ཡིན་སྟབས། རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་དུས་ནམ་ཡང་ཐེ་བྱུས་མེད་པར་བློས་གཏོང་བྱ་རྒྱུ་མིན་ཞེས་བརྗོད་འདུག  དེ་ཡང་ཟླ་ ༡༡ ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གཞུང་གིས་པཎ་ཆེན་རྒྱལ་མཚན་ནོར་བུ་ངོས་འཛིན་བྱས་ཏེ་མི་ལོ་ ༢༠ འཁོར་བའི་དུས་དྲན་དང་བསྟུན། རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ Zhu Weiqun ཡིས་རྒྱ་ནག་གཞུང་འབྲེལ་གསར་ཁང་ The Global Times ཐོག་དཔྱད་རྩོམ་ཞིག་སྤེལ་བའི་ནང་།  རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་རྒྱལ་སྤྱིའི་ཚོགས་པ་ཁག་ནས་སྐྱོན་བརྗོད་རིགས་ཇི་ལྟར་བྱེད་མིན་ལ་མ་ལྟོས་པར་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་དུས་ནམ་ཡང་ཐེ་བྱུས་མེད་པར་བློས་གཏོང་བྱ་རྒྱུ་མིན་ཞེས་བཤད་ཡོད་འདུག མ་ཟད་ད་དུང་དེས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི་༸གོང་ས་མཆོག་༸སྐུ་སྒེར་གྱི་རང་དབང་དང་། ནང་པ་སངས་རྒྱས་པའི་བསྟན་པ་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་གནད་དོན་ཁོ་ན་ཙམ་མ་ཡིན་པར། དེ་ལས་ལྷག་པའི་ཆབ་སྲིད་དང་རྒྱ་ནག་དབུས་གཞུང་གི་བདག་དབང་འོག་ནས་ཁ་བྲལ་ཐབས་མེད་པའི་བོད་ཀྱི་གནད་དོན་དང་འདྲེས་པ་ཞིག་ཡིན་སྐོར་བརྗོད་པ་མ་ཟད། ༸གོང་ས་མཆོག་ནི་བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཐོག་མ་དེ་ཡིན་སྟབས། མ་འོངས་པ་ལའང་༸གོང་ས་མཆོག་གི་མཚན་གནད་དེ་གང་ཟག་སུ་འདྲ་ཞིག་ལ་ཐོབ་ཀྱང་། དེ་ལ་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་ཡོད་པ་རེད་ཅེས་བརྗོད་འདུག  དེ་བཞིན་ Zhu Weiqun  ཡིས་མུ་མཐུད་བཤད་པར་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་ཆོས་ཁས་མི་ལེན་མཁན་ཞིག་ནས་ཐག་གཅོད་ཞུ་ཐབས་མེད་པ་སོགས་ཀྱི་ལན་འདེབས་བསྟུད་མར་གནང་པ་ཁག་ལུང་འདྲེན་དང་བཅས་ཏེ།  ཆབ་སྲིད་དང་རྒྱལ་རབས་ལོ་རྒྱུས་སོགས་དང་འབྲེལ་བའི་གནད་དོན་གལ་ཆེ་ཞིག་ཡིན་སྟབས།  ང་ཚོ་རྒྱ་ནག་དབུས་སྲིད་གཞུང་ངོས་ནས་ད་བར་གནད་དོན་དེའི་ཐད་ལ་ཕྱིར་འཐེན་བྱས་མེད་ལ། མ་འོངས་པར་ཡང་ཕྱིར་འཐེན་དང་ཐེ་བྱུས་མེད་པར་བློས་གཏོང་མི་བྱ་བར་རྒྱ་ནག་དབུས་གཞུང་གི་ཁྲིམས་སྲོལ་ལྟར་ལག་བསྟར་བྱ་རྒྱུ་ཡིན་ཞེས་ལན་འདེབས་ཀྱི་གསལ་བཤད་བྱས་འདུག བཞུགས་སྒར་དུ་བཞུགས་པའི་རྒྱ་ནག་ཉམས་ཞིབ་པ་དང་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་དོན་ལ།  Zhu Weiqun  ཡིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་བ་༸སྐུ་འཕྲེང་རིམ་བྱུང་གི་ལམ་ལུགས་དེ་མགོན་པོ་༸གང་ཉིད་མཆོག་གི་རྗེས་སུ་མཚམས་ཆད་སྲིད་པའི་དགོངས་ཚུལ་སྟོན་པར་སྐྱོན་བརྗོད་བྱས་པ་དང་སྦྲགས། མགོན་པོ་མཆོག་ལ་གནད་དོན་དེའི་ཐད་ལ་ཐུགས་ཐག་གཅོད་གནང་རྒྱུའི་བདག་དབང་གང་ཡང་མེད་པ་རེད་ཅེས་བརྗོད་པ་མ་ཟད། ཡང་སྲིད་ཀྱི་གནད་དོན་དེའི་ཐད་ལ་སྲོལ་རྒྱུན་ལྟར་མུ་མཐུད་ནས་གནས་དགོས་པ་ཞིག་རེད་ཅེས་བརྗོད་པ་ནི་རྒྱ་ནག་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་ཐེ་བྱུས་བྱས་པ་ཞིག་དང་། རྒྱལ་རབས་ལོ་རྒྱུད་སོགས་གང་གི་ཆ་ནས་བདེན་དཔང་མེད་པའི་འཁྱལ་རྩོམ་ཁོ་ན་ཡིན་པར་གསལ་བཤད་གནང་སོང་། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ཏེ་སྤྱི་ལོ་ ༢༠༡༡ ཟླ་ ༩ པའི་ནང་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་དོན་ལ། མགོན་པོ་༸གང་ཉིད་མཆོག་གི་ཡང་སྲིད་དེ་བཞིན་རྒྱལ་མཆོག་རྗེ་དགེ་འདུན་གྲུབ་པའི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་དང་། བོད་མི་གཙོས་པའི་དད་ལྡན་མང་ཚོགས་རྣམས་ལ་གོ་བསྡུར་གྱིས་རྒྱལ་དབང་༸སྐུ་འཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་གནང་རྒྱུ་ཡིན་པ་མ་ཟད།  གལ་སྲིད་༸སྐུ་འཕྲེང་བཅོ་ལྔ་པའི་ཡང་སྲིད་དགོས་གལ་དུ་གཟིགས་ཚེ། དེའི་བྱེད་སྒོའི་འགན་དབང་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་གི་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས་རྒྱ་ནག་གཞུང་དང་འབྲེལ་བ་གང་ཡང་མེད་པ་རེད་ཅེས་བཀའ་སྩལ་ནན་པོ་ཕེབས་ཡོད་པ་རེད།

བཞུགས་སྒར་དུ་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་སྲུང་བརྩི་ཞུས་པ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡ སྟེ་འཛམ་གླིང་ཕྱོགས་ཡོངས་ལ་སྲོག་ཉེན་ཅན་གྱི་ནད་གཞི་ Aids འམ་གཉན་ནད་རེག་དུག་ལ་ཐབས་རྒོལ་གྱི་ World Aids Day འམ་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོར་སྲུང་རྩིས་གནང་བཞིན་ཡོད་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་། འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་རྙིང་ཞེན་ཅན་གྱི་རིག་གཞུང་ལྡན་པའི་ཚོགས་སྡེ་ཀུན་དང་མཚུངས་པར་བོད་མིའི་ཚོགས་སྡེ་ཁག་གི་ནང་དུའང་རིག་གཞུང་ལ་ཚོར་སྐྱེན་དང་ལྟ་སྟངས། དེ་བཞིན་ནད་གཞི་དེའི་ཐད་ལ་ཕྱོགས་ཡོངས་ཀྱི་ཤེས་ཡོན་གྱི་གོ་རྟོགས་ཧ་ཅང་ཞན་པས་བོད་པའི་སྤྱི་ཚོགས་ཁྲོད་དུ་ཕྱི་གསལ་ནང་གསལ་གྱི་བགྲོ་གླེང་ཡོང་རྒྱུར་ངལ་བ་འཕྲད་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག ནད་གཞི་དེའི་དཀའ་རྙོག་དང་ཁྱབ་འཕེལ་འགོག་ཐབས་སུ་ཐབས་ལམ་ལེགས་ཤོས་གཅིག་པོ་ནི་ཤེས་ཡོན་གྱི་སློབ་གསོ་རྒྱ་གང་ཆེ་སྤེལ་རྒྱུ་དེ་རེད་ཅེས་གསུངས་འདུག  དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་བཀའ་བློན་མཆོག་གིས་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་འདོན་སྤེལ་གནང་འདུག་པ་དང། དེའི་ནང་ཁོང་གིས་ད་ལྟའི་ཆར་འཕྲོད་བསྟེན་ལས་ཁུངས་ཀྱི་མཁྱེན་རྟོགས་འོག་གཉན་ནད་རེག་དུག་ཕོག་པའི་བོད་མི་དེབ་སྐྱེལ་ཞུས་པ་ ༦༠  ཙམ་ཆགས་ཡོད་པ་དང། དེའི་ཁོངས་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་གཉན་ནད་རེག་དུག་གི་ལས་གཞིའི་བརྒྱུད་རྒྱབ་སྐྱོར་ཐོབ་བཞིན་པ་ནད་པ་གྲངས་ ༣༠ ལྷག་ཙམ་ཡོད་སྐོར་འགྲེལ་བརྗོད་གནང་འདུག ད་དུང་ཁོང་གིས་གསུངས་པར་ཟླ་བ་འདི་ཧྲིལ་པོའི་ནང་རྒྱ་གར་དང་བལ་ཡུལ་སོགས་ཀྱི་ཕྱོགས་མཐའ་ཁག་ཏུ་ཡོདཔའི་བོད་མིའི་གཞིས་ཆགས་དང་སློབ་གྲྭ དེ་བཞིན་བོད་མི་སུད་ཚོང་བའི་ས་ཁུལ་ཁག་ཡོངས་ལ་དམིགས་ཏེ་གཉན་ནད་རེག་དུག་གི་ནད་གཞི་གོ་རྟོགས་སློབ་གསོ་སྤེལ་རྒྱུའི་ལས་འགུལ་ཆེད་འབད་འབུངས་ཞུ་རྒྱུ་ཡིན་སྐོར་གསུང་པ་མ་ཟད། ནད་གཞི་དེས་མནར་བའི་ནད་པ་གང་མང་མདུན་དུ་ཐོན་ཏེ། རང་ཉིད་ཡུན་རིང་འཚོ་གནས་ཐུབ་ཆེད་འཕྲོད་བསྟེན་ལས་ཁུངས་ཀྱི་རྒྱབ་སྐྱོར་མཐུན་འགྱུར་ལ་ལོངས་སུ་སྤྱོད་དགོས་པའི་འབོད་སྐུལ་ནན་བརྗོད་གནང་འདུག རྩ་བའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོད་རྩིས་ལྟར་བྱས་ན། ད་ལྟའི་ཆར་འཛམ་གླིང་དེའི་ནང་ནད་གཞི་དེས་མནར་བའི་མང་ཚོགས་ཀྱི་གྲངས་འབོར་དེ་ས་ཡ་ ༣༦. ༩ ཙམ་ཆགས་ཡོད་པ་དང། དེའི་ཁོངས་ནས་ཕྱི་ལོ་ ༢༠༡༤ ལོ་གཅིག་པོར་མི་གྲངས་ས་ཡ་ ༢ ཙམ་ལ་གཉན་ནད་རེག་དུག་གི་ནད་གཞི་གསར་དུ་ཕོག་པ་དང་། ནད་གཞི་དེས་རྐྱེན་པས་མི་གྲངས་ས་ཡ་ ༡་༢ ཙམ་འདས་གྲོངས་སུ་གྱུར་ཡོད་པ་རེད། དེ་བས་ཀྱང་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ Aids སྔོན་འགོག་གི་ལས་གཞི་དང་འབྲེལ། ཨ་རིའི་ Stand ford གཙུག་ལག་སློབ་གཉེར་ཁང་གི་དབུ་འཛུགས་གནང་བའི་ Teach Aids ལས་གཞིའི་ལྷན་དུ་མཉམ་ལས་གནང་རྒྱུ་དང་སྦྲགས། བོད་པའི་རིག་གཞུང་གི་ཆ་ནས་ཚོར་སྐྱེན་ཟབ་ཅིང་སྨན་བཅོས་ཆ་ནས་ཁ་གསལ་བའི་གློག་བརྙན་གྱི་སྙན་ཆེད་འདོན་སྤེལ་གནང་རྒྱུ་ཡིན་པ་ཡོང་གྲགས་གནང་འདུག    རྩ་བའི་དེ་རིང་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་དང་བསྟུན། བཞུགས་སྒར་མེག་གྷན་དུ་འཕྲོད་བསྟེན་ལས་ཁུངས་དང་ཀུན་ཕན་དགེ་རྩ་ཚོགས་པ། བོད་ཀྱི་བེུད་ཚོགས་པ་བཅས་རུ་ཁག་ཅིག་དང། དེ་བཞིན་བདེ་ལེགས་སྨན་ཁང་དང་ས་གནས་རྒྱ་གར་གྱི་ Rotaryཚོགས་པ་བཅས་རུ་ཁག་གཉིས་པོ་སོ་སོ་ནས་རིན་མེད་ཀྱི་ཁྲག་བརྟག་དཔྱད་དང་། གོ་རྟོགས་ཀྱི་གཏམ་བརྗོད་འཁྲབ་སྟོན། དེ་བཞིན་མང་ཚོགས་ཚོར་ཡིག་ཆ་དང་འགྱིག་ཤུབས་བགོད་འགྲེམས་གནང་པ་སོགས་བརྒྱུད་ནད་གཞི་དེ་སྔོན་འགོག་བྱ་ཐབས་ཀྱི་གོ་རྟོགས་རྒྱ་ཆེ་སྤེལ་བ་དང་སྦྲགས་ཏེ་རེག་དུག་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༡༥།༡༢།༠༡

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་པར་བརྗོད་འདུག ལྷ་སའི་ནང་དམ་གནོན་མྱུལ་ཞིབ་ཤུགས་ཆེ་བྱེད་བཞིན་པ། དིང་རི་ཁུལ་དུ་རྒྱ་ནག་གི་རྒྱལ་དར་བསྒྲེང་འཛུགས་བྱ་རྒྱུ་མེད་པ། བཞུགས་སྒར་དུ་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་སྲུང་བརྩི། རྒྱལ་ཚོགས་ཀྱི་ COP21 ཞེས་ཁོར་ཡུག་ལྷན་ཚོགས་ཐོག་བོད་མཐོ་སྒང་གི་གནད་དོན་སྐོར་བཅར་འདྲི། Tuesday 01/12/2015 China sticks to right to decide reincarnation of Dalai Lama, says it’s a political matter China deploys mass surveillance to secure streets around Lhasa We don’t hoist Chinese flags: Recent escapee from Dhingri Tibetan community still faces difficulties to openly discuss AIDS: Health Kalon COP21: Interview with Zamlha Tempa Gyaltsen

སྟོད་དིང་རི་ནང་རྒྱ་ནག་གི་རྒྱལ་དར་བསྒྲེང་འཛུགས་བྱེད་ཀྱི་མེད་པ།

  བོད་ཀྱི་སྟོད་ཕྱོགས་དིང་རི་ནང་བོད་མི་ཚོས་རང་ཁྱིམ་ཡང་སྟེང་དུ་རྒྱ་གཞུང་གི་སྐར་ལྔ་ཅན་གྱི་དར་དམར་བསྒྲེང་འཛུགས་བྱེད་ཀྱི་མེད་པ་རེད་འདུག  དེ་ཡང་བོད་ཀྱི་སྟོད་ཕྱོགས་དིང་རི་ནས་ཡིན་ཞིང་ད་ཆ་བཙན་བྱོལ་དུ་ཕེབས་པའི་བོད་མི་ཞིག་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་སྟོད་ཕྱོགས་དིང་རི་ནང་གི་གནས་སྟངས་ཇི་ཡོད་ཐད་ངོ་སྤྲོད་ཀྱི་ལམ་ནས་འགྲེལ་བརྗོད་གནང་ཡོད་པ་རེད།  ཁོང་གི་གསུངས་དོན་ལ། བོད་ཀྱི་སྟོད་ཕྱོགས་དིང་རིའི་ནང་བོད་མི་ཚོས་དང་བླངས་ཀྱིས་རྒྱ་ནག་གི་སྐར་ལྔའི་དར་དམར་བསྒྲེང་འཛུགས་བྱེད་ཀྱི་མེད་པ་དང་།   ཅི་སྟེ་རྒྱ་གཞུང་གིས་བཙན་བཀའ་ཕབས་ཏེ་བསྒྲེང་འཛུགས་བྱ་དགོས་པ་བཤད་ཚེ་ཉིན་གཅིག་ཙམ་རིང་སྒྲེངས་འཛུགས་གནང་པ་ལས།  ཕྱི་ཉིན་མར་ཕབ་ཀྱི་ཡོད་པ་རེད་འདུག ལྷག་དོན་ཁུལ་དེའི་བོད་མི་ཚོས་རྒྱུན་དུ་ཕན་ཚུལ་བཀའ་མོལ་གནང་སྐབས་བོད་སྐད་ཁོ་ན་སྤྱོད་པ་ལས་དེ་མིན་རྒྱ་སྐད་སྤྱོད་ཀྱི་མེད་སྐོར་གསུངས་ཀྱི་འདུག ཁོང་གིས་མུ་མཐུད་གསུངས་པར་རྒྱ་ནག་གཞུང་གིས་བོད་ནང་སྔར་ལྷག་འཛུགས་སྐྲུན་ཡར་རྒྱས་ཤུགས་ཆེ་བཏང་ཡོད་སྐོར་རྒྱུན་དུ་བརྗོད་བཞིན་ཡོད་ཀྱང་།  གཙོ་བོ་ཕྱི་ལ་མཐོང་རྒྱུ་ཡོད་པའི་གཞུང་ལམ་ཁག་འཛུགས་སྐྲུན་བྱས་པ་ཙམ་ལས་དོན་དངོས་ཐོག་གྲོང་ཚོའི་ནང་ལ་ཡར་རྒྱས་གང་ཡང་གཏང་མེད་པ་མ་ཟད། རྒྱ་གཞུང་གིས་སྟོད་ཕྱོགས་སུ་མ་དངུལ་བཏང་བ་ཚང་མ་རྒྱ་མི་རིགས་ཁོ་ནའི་ཁེ་ཕན་སླད་ཡིན་པ་མ་གཏོགས་ས་གནས་བོད་མི་ཚོའི་དགོས་མཁོ་ལ་དམིགས་པ་དང་དགེ་མཚན་གང་ཡང་མེད་པར་འགྲེལ་བརྗོད་གནང་གི་འདུག དེ་དང་ཕྱོགས་མཚུངས་ས་གནས་བོད་རིགས་ཚོས་བོད་ནང་སྐུ་ལུས་མེར་སྲེག་གནང་པའི་དོན་གནད་ཐོག་གླེང་སློང་གནང་པ་ཙམ་མིན་པར་དེ་དག་གི་རྒྱབ་ལྗོངས་སོགས་ཀྱི་ཐད་གོ་རྟོགས་ཡོད་པ། དེ་བཞིན་ཞུགས་འབུལ་གནང་རྒྱུའི་ཐབས་ལམ་དེ་ནི་འཚེ་བ་མེད་པའི་ཐབས་ལམ་ཞིག་ཡིན་པ་མ་ཟད། ཐབས་ལམ་དེ་བརྒྱུད་ནས་བོད་ཀྱི་རང་དབང་རྩོད་ལེན་གནང་གི་ཡོད་སྐོར་གོ་རྟོགས་ཡོད་པ་བཅས་གསུངས་འདུག

Latest news