Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2015

རེས་གཟའ་ལྷག་པ། ༢༠༡༥།༠༡།༠༧

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཉེར་བདུན་པ་མཇུག་སྒྲིལ་གནང་འདུག ཨོ་རྒྱན་སྨིན་གྲོལ་གླིང་དགོན་དབུ་བརྙེས་ནས་ལོ་༥༠འཁོར་བའི་དུས་ཆེན་སྲུང་བརྩི་བཞིན་འདུག བོད་མིའི་སྒྲིག་འཛུགས་ནས་གསོ་བ་རིག་པའི་ཐོག་སྲིད་བྱུས་གང་མགྱོགས་བསྐྱར་ཞིབ་དགོས་པའི་གྲོས་ཆོད་བཞག་འདུག ཁེ་ན་ཌ་བོད་ཕྲུག་ལས་འཆར་ཚོགས་པས་སློབ་མ་བཅུ་བཞི་ལ་སློབ་ཡོན་གནང་རྒྱུ་རེད་འདུག མི་སྐྱ་ཚོར་ནང་ཆོས་སློབ་སྦྱོང་སྤྲོད་ཕྱོགས་ཐད་རི་བོ་དགེ་ལྡན་པའི་དབུ་ཁྲིད་ལྷན་ཚོགས་གནང་པ། Wednesday 07/01/2015 Tibetan Task Force meet concludes, Sikyong expresses firm commitment to dialogue Mindrolling marks 50 years founding anniversary CTA urged to formulate guideline on Sowa Rigpa Tibetan group in Canada announces scholarship for 14Tibetan students Tibetan monastic heads gather to discuss Buddhist education for lay Tibetans ཉན་པ།:  Listen ཕབ་ལེན།  Download

རེས་གཟའ་མིག་དམར། ༢༠༡༥།༠༡།༠༦

རྒྱ་གཞུང་གིས་དིང་རི་རྫོང་གི་བོད་མི་གཅིག་འཛིན་བཟུང་བྱས་འདུག ངོ་དེབ་དྲ་ལས་ཁང་ནས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་བརྙན་པར་ཕྱིར་བཏོན་བྱེད་དགོས་དོན་སྐོར་རྒྱུ་མཚན་གསལ་བཤད་དགོས་པ་གསུངས་འདུག རྒྱ་གར་གྱི་ IAS ལས་བྱེད་སྦྱོང་བརྡར་བ་ཁག་ཅིག་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་པ། ཕྱི་དྲིལ་འགྲེམས་སྟོན་ཚན་པས་གུ་ཇ་རཏ་མངའ་སྡེ་ནང་པར་རིས་འགྲེམས་སྟོན་འགོ་འཛུགས་གནང་འདུག བོད་ཀྱི་འཁྱགས་རོམ་བཞུར་ཚད་མྱུར་ཤོས་ཆགས་ཡོད་པའི་ཞིབ་འཇུག་སྙན་ཐོ་བཏོན་འདུག སེར་བྱེས་སུ་འཇང་དགུན་ཆོས་དབུ་འཛུགས་གནང་འདུག དམིགས་བསལ་ལེ་ཚན། བོད་ཀྱི་ཟློས་གར་ཚོགས་པས་འདོན་སྤེལ་གནང་པའི་བོད་ལ་འགྲོ་ཞེས་པའི་གླུ་གཞས། Tuesday 06/01/2015 Tibetan man arrested from Dhingri, his whereabouts unknown Tibet rights group calls facebook to account over internet censorship TPiE Speaker meets IAS aspirants Tibet Photo exhibition in Baroda New report says Tibet's glaciers at their warmest Annual Inter-Monastic Winter Debate Meet underway at Sera MUSIC FEATURE: ‘Bhod la Dro’ by TIPA ཉན་པ།:  Listen ཕབ་ལེན།  Download

རེས་གཟའ་ཟླ་བ། ༢༠༡༥།༠༡།༠༥

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་བདུན་པ་དབུ་འཛུགས་གནང་བ། ༸གོང་ས་མཆོག་གིས་ན་སིག་གྲོང་ཁྱེར་ནང་བཟང་སྤྱོད་སྐོར་བཀའ་སློབ་བསྩལ་འདུག དབང་པོ་སྐྱོན་ཅན་ལ་རོགས་རམ་གནང་སྟེ་༸རྒྱལ་བའི་བཀྲིན་རྗེས་དྲན་ཞུས་འདུག བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ལོ་༡༡འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་འདུག དམིགས་བསལ་ལེ་ཚན་ནང། བོད་དང་གོ་མིན་ཏང་གི་འབྲེལ་བའི་སྐོར་ངོ་སྤྲོད། Monday 05/01/2015 27th Tibetan Task Force Meeting underway in Dharamsala Dalai Lama speaks on Secular Ethics in Nashik, arrives in Delhi MN Tibetans observe Year of Gratitude by providing aid to children with special needs CCTM holds 2nd Special Meeting on the Policy and Legal Issues of Sowa-Rigpa Feature: Tibet- Kuomintang Relations ཉན་པ།:  Listen ཕབ་ལེན།  Download

རེས་གཟའ་ཉི་མ། ༢༠༡༥།༠༡།༠༤

འདས་པའི་བདུན་ཕྲག་གཅིག་གི་གལ་ཆེའི་གསར་འགྱུར་ལ་བསྐྱར་ཞིབ། Sunday 04/01/2015 Week Review ཉན་པ།:  Listen ཕབ་ལེན།  Download

རེས་གཟའ་སྤེན་པ། ༢༠༡༥།༠༡།༠༣

༸གོང་ས་མཆོག་གིས་གྲོང་གསེབ་པའི་འཚོ་བ་ཡར་རྒྱས་སོང་ན་ཀུན་ལ་ཕན་ཐོགས་ཡོང་རྒྱུའི་སྐོར་བཀའ་སློབ་བསྩལ་འདུག ཨོ་སི་ཊོ་ལི་ཡར་བོད་ཀྱི་སྐད་ཡིག་དང་ཡ་རབས་རྒྱུན་འཛིན་སྐོར་ཚོགས་འདུ་ཚོགས་འདུག སྤྱི་འཐུས་ཚོགས་གཙོ་མཆོག་གིས་མང་གཙོ་ཡིན་ཟེར་ནས་རྩོམ་འདྲ་མིན་བྲིས་ཏེ་སྤྱི་ཚོགས་ལ་གནོད་པ་ཆེ་ན་ཤེས་ཡོན་སྦྱངས་པའི་དགོས་པ་མ་འགྲུབ་པ་རེད་གསུངས་འདུག བལ་ཡུལ་ཉེན་རྟོག་པས་བོད་མི་མཆོད་མཇལ་དུ་བསྐྱོད་མཁན་ལ་དམ་བསྒྲགས་བྱས་འདུག སཀོཊ་ལེནཊ་ནང་གི་གཙུག་ལག་སློབ་གཉེར་ཁང་ནས་རྒྱ་ནག་གི་ཁུང་ཙི་ལྟེ་གནས་དང་འབྲེལ་བ་བཅད་དགོས་ པའི་རེ་འབོད་ཞུས་འདུག དམིགས་བསལ་ལེ་ཚན། ༸གོང་ས་མཆོག་གིས་སྨན་བླའི་རྗེས་གནང་སྐབས་བསྩལ་བའི་ནང་ཆོས་ངོ་སྤྲོད་སྔ་མའི་འཕྲི་ནས། Saturday 03/01/2015 Important to bring development to rural areas: Dalai Lama Global Tibet Institute launched, holds conference on preservation of Tibetan language and culture TPiE Speaker cautions students against misuse of democracy 45 Tibetan monks from Solukhumbu prevented from visiting Kathmandu Scottish universities urged to sever links with Confucius Institutes FEATURE: Introduction to Buddhism by Dalai Lama ཉན་པ།:  Listen ཕབ་ལེན།  Download

རེས་གཟའ་པ་སངས། ༢༠༡༥།༠༡།༠༢

༸གོང་ས་མཆོག་ལ་ སན་ཏོག་བྷ་མ་ནཧྥ་རཏན་ གཟེངས་རྟགས་འབུལ་ལམ་ཞུས་འདུག བོད་མིའི་སྒྲིག་འཛུགས་ནས་མ་འོངས་འགོ་ཁྲིད་ནུས་པ་སྐྱེད་སྲིང་ཡོང་སླད་མཐུན་རྐྱེན་དང་གོ་སྐབས་སོགས་སྔར་ལྷག་སྐྲུན་མུས་ཡིན་པ་གསུངས་འདུག རྒྱ་གཞུང་ནས་བོད་ཀྱི་ས་མཚམས་ཁག་ཏུ་ལྕགས་ཁྲབ་འཁོར་ལོ་འགྲེམས་འཇོག་བྱ་རྒྱུ་རེད་འདུག རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་ཚོགས་ཐེངས་ཉི་ཤུ་རྩ་གཅིག་པ་བཞུགས་སྒར་དུ་ཚོགས་གཏན་འཁེལ་འདུག བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་ཅེས་པའི་དམིགས་བསལ་ལེ་ཚན་ནང་། སྤྱི་ཚོགས་འགུལ་བསྐྱོད་ཚོགས་པའི་སྐོར་སྔ་མའི་འཕྲོ། Friday 02/01/2015 Dalai Lama in Gujarat, receives Santokbaa Memorial Award CTA holds Leadership workshop for Tibetan students China builds lighter tanks for Tibetan border 21st GCM football tournament to be held in Dharamsala DIASPORA FEATURE: Social Action Movement ཉན་པ།:  Listen ཕབ་ལེན།  Download

རེས་གཟའ་ཕུར་བུ། ༢༠༡༥།༠༡།༠༡

ཐེ་ཝན་བོད་སོག་ལས་ཁུངས་ལ་གྲོས་ཚོགས་ནང་སྐྱོན་བརྗོད་གནང་འདུག སིཌ་ནི་ནང་གི་རྒྱ་རིགས་ཁག་ཅིག་ནས་བོད་ཀྱི་སྐུ་ཚབ་དོན་གཅོད་གསར་པ་ལ་འཚམས་འདྲི་ཞུས་འདུག བོད་དོན་རྐང་འཁོར་སྐོར་བསྐྱོད་པ་སན་རྡིཤ་ལགས་ཕུན་ཚོགས་གླིང་གཞིས་ཆགས་སུ་འབྱོར་འདུག རྒྱལ་སྤྱིའི་བོད་མིའི་ཁེ་ལས་པའི་ཚོགས་ཆེན་མཇུག་བསྒྲིལ་གནང་འདུག ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་ཆོས་འབྲེལ་སྤྱི་ཡོངས་སྐོར་ལ་བཅར་འདྲི་ཞུས་པ། Thursday 01/01/2015 Taiwan Lawmakers condemn Mongolian and Tibetan Affairs Commission Representative Lhakpa Tshoko meets Chinese residents of Sydney Lone Cyclist Sandesh Meshram arrives in Phuntsok Ling Settlement Global Tibetan Entrepreneurship Conference concludes in Mundgod Interview on the 18 Stages of the Path treatises ཉན་པ།:  Listen ཕབ་ལེན།  Download

Latest news