Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: April, 2016

རེས་གཟའ་ཟླ་བ། ༢༠༡༦།༠༤།༠༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་བཞུགས་སྒར་ནས་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་པ། ཞོགས་ལྗང་ལགས་ཀྱིས་ཉེས་མེད་ཁྲིམས་ཐག་བཅད་པར་ངོས་ལེན་མེད་པའི་ཞུ་ཡིག་ཕུལ་འདུག ལས་འཆར་བཀོད་སྒྲིག་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས། ས་ཞིང་བཙན་འཕྲོག་རྐྱེན་པས་བེུད་གསུམ་ལ་རྨས་སྐྱོན་དང་སྐྱེས་པ་བཅུ་འཛིན་བཟུང་། རྒྱ་གཞུང་ནས་རྒྱ་རིགས་ཁྲིམས་རྩོད་པ་དང་ཞི་རྒོལ་བ་གློད་བཀྲོལ་དགོས་པ། དམིགས་བསལ་ལེ་ཚན། སྲིད་སྐྱོང་སྟག་བྲག་སྐབས་བོད་ཀྱི་ཆབ་སྲིད་གནས་བབ། Monday 04/04/2016 Dalai Lama leaves for 5 days Delhi and Dehradun trip Tibetan writer serving sentence pleads innocence Crack down on Tibetan land grab petitioners in Kanlho, 3 women injured 10 arrested Five days SARD workshop for CTA project officers begins HRW urges China to drop charges and release detained rights lawyers and activists HISTORY FEATURE: Political situation of Tibet during Sikyong Taktra Rinpoche

རེས་གཟའ་ཉི་མ། ༢༠༡༦།༠༤།༠༣

ཉན་པ།: Listen ཕབ་ལེན། Download སྐབས་༡༥པའི་གྲོས་ཚོགས་མཐའ་མའི་སྐོར་དམིགས་བསལ་གླེང་མོལ། Sunday 03/04/2016 last session of 15th TPiE : Panel Discussion

རྒྱ་གཞུང་གིས་བོད་ཀྱི་འབྲོག་པའི་རྩ་ས་བཙན་འཕྲོག་བྱས་པར་འབྲོག་པས་ངོ་རྒོལ་བྱས་པ།

ཟི་ཁྲོན་ཞེང་ཆེན་རྔ་བ་ཁུལ་ཁྱུང་ཆུ་རྫོང་ཡུ་མོ་སྡེ་བར་ས་གནས་སྲིད་གཞུང་གིས་ལོ་ཤས་གོང་ནས་ས་གནས་འབྲོག་པའི་རྩ་ས་བཙན་འཕྲོག་བྱས་པ་མ་ཟད། རྩ་ཐང་ནས་བྱེ་མ་འབོར་ཆེན་བཏོན་ཏེ་ཕྱིར་ལ་བཙོངས་འདུག གནད་དོན་དེ་དག་ལ་བརྟེན་ནས་ས་གནས་བོད་མི་ཚོས་གོང་རིམ་ལ་ཞུ་གཏུགས་ལན་མང་བྱས་ཀྱང་། གོང་རིམ་ནས་ཞུ་དོན་ཁག་ལ་ལ་བདག་སྤྲོད་མ་བྱས་སྟབས། ཟླ་འདིའི་ཚེས་ ༣༠ ཉིན་རྩ་སའི་བདག་པོ་བོད་མི་འབྲོག་པ་ཁག་ཅིག་གིས་ས་གནས་སུ་འཛོམས་ཏེ་ངོ་རྒོལ་གནང་འདུག སྐབས་དེར་ས་གནས་རྫོང་དཔོན་གྱི་ཉེན་རྟོག་པ་ཁྲིད་ནས་བོད་མི་ཚོར་བཀག་སྡོམ་བྱས་འདུག་པ་དང། ས་གནས་བོད་མི་དང་ཉེན་རྟོག་པའི་དབར་གདོང་ཐུག་ཀྱི་གནས་ཚུལ་བྱུང་བའི་བརྙན་ཐུང་ཞིག་ཀྱང་ཕྱིར་ཐོན་ཡོད་པ་རེད། ལྷག་དོན་ས་གནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་དོན། གུང་ཁྲན་ཏང་ལ་ཁྲིམས་ཡོད་དམ། ང་ཚོ་ལ་ས་ཆ་བདག་དབང་བྱ་དབང་མི་འདུག ང་ཚོ་ནི་མི་སེར་ཕལ་པ་མིན་པ་ལྟར་དམག་དཔུང་བཏང་ནས་གཉའ་གནོན་བྱས་སོང། ང་ཚོའི་རྩ་ས་གཏོར་བཤིག་བཏང་ནས་བྱེ་མ་ཨོར་ཡོད་པ་རེད། གོང་རིམ་ལ་ཞུ་གཏུགས་ལན་མང་བྱས་ཀྱང་ཡ་ལན་མེད་པར་མུ་མཐུད་ནས་དེ་ལྟར་བྱེད་བཞིན་ཡོད་པ་སོགས་འུ་ཐུག་ཐབས་ཟད་ཀྱི་སྒོ་ནས་འགྲེལ་བརྗོད་གནང་ཡོད། འདི་ག་རླུང་འཕྲིན་ཁང་དུ་སུད་སིར་བཞུགས་པའི་བསོད་ནམས་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན། ཟླ་འདིའི་ཚེས་ ༣༠ ཉིན་ཟི་ཁྲོན་ཞེང་ཆེན་རྔ་བ་ཁུལ་ཁྱུང་ཆུ་རྫོང་ཡུ་མོ་སྡེ་བར་གནས་ཚུལ་དེ་ལྟར་བྱུང་འདུག ས་གནས་དེ་ལྟ་བུ་ལ་ཆ་མཚོན་ན་ཁྱུང་ཆུ་རྫོང་དང་ཐག་ཉེ་བ་ཙམ་དུ་མ་ཟད། འབྲོག་པའི་རྩ་ས་ཤིག་ཀྱང་ཆགས་ཀྱི་ཡོད་པ་རེད་འདུག དེར་ཁྱུང་ཆུ་རྫོང་གི་འགོ་བ་འགའ་ཞིག་ཡོང་ནས་རྩ་ས་དེ་ནས་བྱེ་མ་འབོར་ཆེན་འཁྱེར་ཏེ་བཙོངས་སྟབས། རྩ་སའི་བདག་པོ་འབྲོག་མི་ལ་ལས་དེ་ལྟར་བྱ་མི་ཆོག་པའི་ངོ་རྒོལ་གནང་ཡོད་འདུག ས་གནས་ཀྱི་འགོ་བ་ཁ་ཤས་ཀྱིས་ཉེན་རྟོག་པ་དང་དམག་མིའི་ཁྱི་འཁྲིད་ཏེ་འབྲོག་མིར་བཙན་དབང་གིས་གཉའ་གནོན་བཏང་ཡོད་པ་རེད་ཅེས་གསུངས་སོང། རྩ་བའི་འབྲོག་མི་དེ་དག་གི་ངོ་རྒོལ་གནང་དོན་ནི། འབྲོག་པའི་རྩ་ས་དེར་མུ་མཐུད་གཏོང་བཤིག་གཏང་ཚེ་འབྲོག་པའི་སྒོ་ཕྱུགས་སོགས་ལ་རྩ་བཟའ་རྒྱུ་མེད་པ་དང་འབྲོག་པའི་འཚོ་གནས་ལ་ངལ་བ་ཆེན་པོ་འཕྲད་ཀྱི་ཡོད་འདུག ད་ལྟའི་ཆར་གོང་རིམ་ནས་ཁོང་རྣམ་པས་ཞུ་འབོད་གནང་པ་དེར་ཡ་ལན་གང་ཡང་མེད་པར་མུ་མཐུད་ནས་རྩ་ཐང་གི་བྱེ་མ་དབོར་འདྲེན་བྱེད་བཞིན་ཡོད་པ་རེད།

༸རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༢ དབུ་བཙུགས་པ།

འདི་ལོའི་རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་སྤོ་ལོ་རྩེད་འགྲན་ཐེངས་ཉི་ཤུ་རྩ་གཉིས་པ་དེ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མི་གཞིས་སྒར་ན་གཞོན་རྩེད་ཐང་དུ་དེ་རིང་ཕྱི་ཟླ་ ༤ པའི་ཚེས་ ༢ ནས་དབུ་འཛུགས་ཀྱིས་ཚེས་ ༡༤ བར་རྩེད་འགྲན་གནང་གི་ཡོད་པ་རེད། དེ་ཡང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་གཞིས་སྒར་གསར་འཛུགས་ཞུས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་དང་བསྟུན། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་མོན་གྷོན་ན་གཞོན་རྩེད་རིགས་ཚོགས་པ་གཉིས་ཟུང་སྦྲེལ་གྱིས་གོ་སྒྲིག་འོག རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ཉེར་གཉིས་པའི་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་ནུ་མཆོག་གཙོས། དམིགས་བསལ་སྐུ་མགྲོན་ནང་སྲིད་དྲུང་འཕར་དཔལྡན་དོན་གྲུབ་མཆོག དེ་བཞིན་མོན་གྷོན་ས་གནས་ཉེན་རྟོག་པ་སྐུ་ཞབས་ཨས་སི་པ་ཊལ་མཆོག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་མཛད་གཙོ་རྣམ་པ། གཞན་ཡང་མོན་གྷོར་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་སེར་སྐྱ་མང་ཚོགས་བཅས་ཚང་ཐོག་དབུ་འཛུགས་གནང་ཡོད་པ་རེད། སྐབས་དེར་བོད་ཀྱི་རྩེད་རིག་ཚོགས་པའི་ཚོགས་གཙོ་སྐལ་བཟང་ལགས་ཀྱིས་གསུང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱལ་ཡུམ་ཆེན་མོ་བདེ་སྐྱིད་ཚེ་རིང་མཆོག་དམ་པ་དེ་ཉིད་བཀྲིན་རྗེས་དྲན་ཞུ་ཆེད་དུ་དམིགས་པ་ཞིག་ཡིན་པ་དང། བོད་ཀྱི་ན་གཞོན་ཚོའི་རྩེད་རིགས་ཡར་རྒྱས་གཏོང་ཐབས། ལྷག་དོན་བོད་ཀྱི་ན་གཞོན་ཚོ་ཆང་རག་དང་ཉེས་ཐ་སོགས་ངན་གོམས་རིགས་ཀྱི་དོར་ཐབས་གཙོས་རྩེད་འགྲན་པའི་དབར་མཐུན་འབྲེལ་གོང་མཐོར་གཏོང་ཐབས་བཅས་ཡིན་སྐོར་སོགས་གསུངས་སོང། དེ་བཞིན་ཁོང་གིས་གཟིགས་མོ་བ་མང་ཚོགས་ནས་ཕྱག་གྲུ་མཉམ་འདེགས་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད། གཞན་ཡང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ད་ལན་གྱི་རྩེད་འགྲན་འདིའི་ཐོག་ལ་རྒྱ་ཆེ་གཟིགས་མོ་བ་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་སེར་སྐྱ་མང་ཚོགས་ཀུན་ནས་ཕྱག་གྲུ་མཉམ་འདེགས་གནང་དགོས་གལ་ཡིན་པ་སོགས་ཀྱི་བཀའ་སློབ་ཟབ་མོ་སྩལ་གནང་ཡོད་པ་རེད། གཞི་རྩའི་རྒྱལ་ཡུམ་ཆེན་མོ་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་ནི། གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱལ་ཡུམ་ཆེན་མོ་བདེ་སྐྱིད་ཚེ་རིང་མཆོག་དམ་པ་དེ་ཉིད་རྗེས་དྲན་ཞུ་ཆེད་དུ། ཕྱི་ལོ་ ༡༩༨༡ ནས་ཐོག་མར་དབུ་ཚུགས་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ནས་རྩེད་འགྲན་དེ་བཞིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གཙོ་འགན་འོག་ལོ་ལྟར་བཙན་བྱོལ་བོད་མིའི་ས་གནས་ཁག་འདྲ་མིན་ནང་གོ་སྒྲིག་ཞུ་བཞིན་ཡོད་པ་རེད། ད་ལྟའི་ཆར་རྒྱལ་ཡུམ་ཆེན་མོ་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་ནི་བཙན་བྱོལ་ནང་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཆེ་ཤོས་དང་མང་ཚོགས་ཀྱི་དགའ་མོས་ཆེ་ཤོས་གནང་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། རྩ་བའི་རྒྱ་གར་དང་བལ་ཡུལ་ནང་གི་བོད་པའི་གཞིས་ཆགས་དང་ཚོགས་སྐྱིད་ཁག་ནས་ཁྱོན་རྐང་རྩེད་སྤོ་ལོའི་རུ་ཁག་ ༡༦ ཙམ་མཉམ་ཞུགས་གནང་འདུག་པ་དང། བྱང་ཨ་རི་དང་ཡོ་རོབ་ས་ཁུལ་ནས་རྐང་རྩེད་སྤོ་ལོའི་རུ་ཁག་མཉམ་ཞུགས་ཐུབ་མེད་པ་རེད།

རེས་གཟའ་སྤེན་པ། ༢༠༡༦།༠༤།༠༢

ཉན་པ།: Listen ཕབ་ལེན། Download འབྲོག་ས་བཙན་འཕྲོག་བྱས་པར་འབྲོག་པ་མང་ཚོགས་ནས་ངོ་རྒོལ། ཞི་ཅིང་ཕིང་ལ་འཕྱ་སྨོད་ཀྱི་བྱ་དགའ་སྤྲད་པའི་ལས་འགུལ་སྤེལ་བ། བོད་མི་ཆབ་སྲིད་བཙོན་པ་གསུམ་གློད་བཀྲོལ་དགོས་པའི་ཞུ་འབོད་གནང་འདུག བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༢ དབུ་འཛུགས། སྲིད་སྐྱོང་མཆོག་གིས་འབར་མའི་སྲིད་འཛིན་གསར་པར་འཚམས་འདྲི། དམིགས་བསལ་ལས་རིམ། ༸གོང་ས་མཆོག་གིས་ལ་དྭགས་ནང་ལམ་རིམ་ཐོག་བསྩལ་བའི་བཀའ་ཆོས། Saturday 02/04/2016 Forced land grab sparks nomad protest in Ngaba Tibetan kills himself to end torture in jail Activists amplify rights violation in Tibet with Mock Award for Xi Jinping 11 US lawmakers urge Kerry to call for release of Tibetan political prisoners 22nd GCM Football tournament begins in Mundgod Sikyong congratulates Mr. Htin Kyaw, new President of Myanmar FEATURE: Dalai Lama teaching on Stages on the Path to Enlightenment (Lam Rim)

ཞི་ཅིང་ཕིང་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལེགས་པོ་བྱས་པའི་ཟུར་ཟའི་གཏམ་བརྗོད་འཁྲབ་སྟོན།

དེ་ཡང་ཁ་སང་ཕྱི་ཟླ་ ༤ ཚེས་ ༡ སྟེ་འཛམ་གླིང་ས་ཕྱོགས་གང་སར་མི་ཕན་ཚུན་དབར་མགོ་སྐོར་གཏོང་རེས་བྱེད་པའི་ཉིན་མོ་དང་ བསྟུན། རྡ་ས་མེག་གྷན་ཁྲོམ་གཞུང་དུ་ཞི་ཅིང་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ལེགས་པོ་བྱས་པར་བྱ་དགའ་གནང་པའི་ཟུར་ཟའི་གཏམ་བརྗོད་ཞིག་འཁྲབ་སྟོན་གནང་སོང་། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་གིས་དེ་ལྟར་འཁྲབ་སྟོན་གནང་དོན་གཙོ་བོ་ནི། འདས་པའི་ཉིན་ཤས་གོང་རྒྱ་གཞུང་གིས་བོད་མགོ་ལོག་ཏུ་བོད་མི་གསུམ་ནས་ཕྱི་ཕྱོགས་ཀྱི་སྐད་འཕྲིན་ཚོགས་པ་འདྲ་མིན་ནང་མཉམ་ཞུགས་བྱས་པ་མ་ཟད། ལྷག་དོན་འདི་ལོ་ ༢༠༡༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་བཀའ་མོལ་གནང་པའི་དབང་གིས་འཛིན་བཟུང་བྱས་པ་དང།  དཀར་མཛེས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཧོར་ཤུལ་སྡེ་པའི་བོད་མི་འགའ་ཞིག་ལ་མེ་མདའ་བརྒྱབ་པས་བོད་མི་གཉིས་ཀྱི་ཚེ་སྲོག་ཤོར་ཡོད་པ་མ་ཟད། གཞན་ཡང་བོད་ཀྱི་སྐད་ཡིག་བདག་དབང་ཆེད་ཞུ་གཏུག་གི་རྩོམ་ཡིག་སྤེལ་མཁན་མདོ་ཁམས་ཡུལ་ཤུལ་ཁུལ་གྱི་བོད་མི་བཀྲིས་དབང་ཕྱུག་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ནས་ད་ཆ་རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་བྱེད་པའི་ཉེས་འཛུགས་ཀྱང་བྱས་པ་སོགས་བོད་ནང་ཛ་དྲག་གནས་སྟངས་མུ་མཐུད་བྱུང་བཞིན་ཡོད་སྟབས། རྒྱ་གཞུང་གི་བྱ་སྤྱོད་དེར་ངོ་རྒོལ་དང་རྒྱལ་སྤྱིའི་མང་ཚོགས་ཁྲོད་བོད་ནང་ཡ་ང་བའི་དངོས་ཡོད་ཀྱི་ཛ་དྲག་གནས་ཚུལ་བརྒྱུད་བསྒྲགས་བྱ་ཆེད་དམིགས་པ་ཞིག་ཡིན་འདུག ལས་འགུལ་བ་རྣམས་ནས་བོད་ནང་དྲག་གནོན་བརྒྱུད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཡག་ཤོས་བྱེད་མཁན་དང་གཅིག་སྡུད་རིང་ལུགས་བརྒྱུད་མང་གཙོ་ལག་བསྟར་ཚད་མཐོ་ཤོས་བྱེད་མཁན་ཞེས་པའི་འཕྲད་དར་ཁག་ཅིག་ཕྱག་ཏུ་བསྣམས་ཤིང་། བོད་མི་ཆབ་སྲིད་བཙོན་པ་ཚོས་ངོ་བོ་མཚོན་ཐབས་བྱས་པ་དང་དེ་བཞིན་གཅིག་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་ཆས་གོས་སྤྲས་ཐོག་གཏམ་བརྗོད་ཀྱི་ལམ་ནས་ཞི་ཅིང་ཕིང་ལ་བོད་ནང་གི་བོད་མིའི་ཐོག་དྲག་གནོན་ཚབས་ཆེ་བྱས་པའི་བརྒྱུད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཡག་ཤོས་བྱེད་ལུགས་དང་། ལྷག་དོན་སྲིད་དབང་སྒེར་འཛིན་དང་གཅིག་སྡུད་རིང་ལུགས་ཀྱི་དབང་ཆ་བེད་སྤྱོད། རྒྱ་ནག་རྒྱལ་ཁབ་འདི་བཞིན་མང་གཙོ་ལག་བསྟར་བྱེད་མཁན་ཚད་མཐོ་ཤོས་ཡིན་ལུགས་བཅས་ཀྱིས་འཕྱ་སྨོད་ཀྱི་བྱ་དགའ་ཁག་གསུམ་སྤྲད་པའི་ཟུར་ཟའི་གཏམ་བརྗོད་འཁྲབ་སྟོན་ཞུས་གནང་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅིུག་པ་མཇུག་སྒྲིལ་གནང་པ།

དེ་རིང་ཟླ་ ༤ ཚེས་ ༡ ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བཅིུག་པའི་སྔོན་རྩིས་གྲོས་ཚོགས་སམ་གྲོས་ཚོགས་མཐའ་མ་མཇུག་སྒྲིལ་དང་བསྟུན། སྐབས་དེར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་མཇུག་བསྡོམས་གསུང་བཤད་གནང་དོན། མང་ཚོགས་ཀྱིས་མ་འོངས་པར་འགན་འཁྱེར་མཁན་ཚོར་བསམ་བློ་གསར་པའི་ཐོག་ནས་ནུས་པ་མཉམ་སྤུང་གནང་གལ་ཆེ་བའི་གཞེན་སྐུལ་གནང་སོང། དེ་ཡང། ཟླ་བ་འདིའི་ཕྱི་ཚེས་ ༢༡ ནས་དབུ་བཙུགས་ཀྱིས་དེ་རིང་བར་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བཅིུག་པའམ་མཐའ་མ་དེ་ཚོགས་ཡོད་པ་དང། ཉིན་གྲངས་བཅིུས་ཀྱི་དུས་ཡུན་དེའི་ནང་གྲོས་ཚོགས་སུ་གཞུང་འབྲེལགྱི་གྲོས་ཆོད་གྲོས་འཆར། ཁྲིམས་བཟོའི་ལས་དོན། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བ་དང་ཐུགས་སྣང་གཞེན་སྐུལ་སོགས་ཀྱི་ལས་རིམ་འདྲ་མིན་ཐོག་ལ་འཐུས་མི་རྣམས་ནས་བགྲོ་གླེང་གནང་བ་མ་ཟད། ལྷག་དོན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༦་་་་༡༧ ལོའི་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་ཐད་ལ་བགྲོ་གླེང་དང་གཏན་འབེབས་གནང་ཡོད་པ་རེད། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མའི་སྔ་དྲོ་ཚོགས་དུས་ཐོག་སྲིད་སྐྱོང་མཆོག་གིས་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་གསུང་བཤད་གནང་དོན། ཁ་སང་གྲོས་ཚོགས་སུ་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་དོགས་འདྲི་ཕེབས་པ་ཁག་ལ་ལན་འདེབས་གནང་ཡོད་པ་དང། ད་དུང་སྲིད་སྐྱོང་མཆོག་གིས་ད་བར་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འདས་པའི་ལོ་བཞི་དང་ཕྱེད་ཀའི་ནང་༸གོང་ས་མཆོག་གིས་བཀའ་དགོངས་གལ་ཆེར་འཛིན་པའི་ཐོག ཤེས་ཡོན་དང་ཆོས་རིག་ལས་དོན། དེ་བཞིན་མང་ཚོགས་ཀྱི་བདེ་དོན་བཅས་ཀྱི་ལས་དོན་ལ་ཧུར་ཐག་གནང་ཡོད་པ་དང། ཁྱད་པར་དུ་སྤྱི་འཐུས་འགའ་ཞིག་ནས་སྲིད་སྐྱོང་གིས་བོད་མིའི་གཅིག་སྒྲིལ་ལ་དོ་ཕོག་འགྲོ་བའི་ལས་ཀ་བྱས་སོང་ཅེས་གསུངས་པ་དེར་ངོས་ལེན་ཞུ་ཐབས་མེད་ཅེས་གསུངས་སོང། གཞན་ཡང་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དང་འབྲེལ་ཏེ་སྲིད་སྐྱོང་མཆོག་གིས་གསུངས་དོན་ལ། ད་བར་འཛམ་གླིང་གི་ལོ་རྒྱུས་ནང་འགོ་ཁྲིད་དང། ཆབ་སྲིད་འཕོ་འགྱུར་སོགས་རིམ་པ་བྱུང་ཡོད་པའི་གནས་ཚུལ་ཁག་ལུང་འདྲེན་དང་སྦྲགས། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བོད་རྒྱ་འབྲེལ་མོལ་དེ་ཡང་སྲིད་པར་འགྲེལ་བརྗོད་གནང་དོན་ལྟར། བརྟན་བརྟན་ཡོང་གི་རེད་ཅེས་གསུངས་ཡོད། རྩ་བའི་ད་ལན་གྱི་གྲོས་ཚོགས་ཀྱི་ཚོགས་དུས་འདི་ནི་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་མཐའ་མ་དེ་ཆགས་ཀྱི་ཡོད་པ་རེད། ཚོགས་གཙོ་མཆོག་གིས་དེ་རིང་མཇུག་སྡོམ་གསུང་བཤད་གནང་སྐབས་མང་ཚོགས་ཀྱི་ངོས་ནས་འོས་བསྡུའི་ལས་རིམ་མཇུག་སྒྲིལ་ཟིན་སྟབས། གཙོ་བོ་མ་འོངས་པར་འགན་འཁྱེར་མཁན་ཚོར་བསམ་བློ་གསར་པའི་ཐོག་ནས་ནུས་པ་མཉམ་སྤུང་བྱ་རྒྱུ་གལ་ཆེ་ཡིན་པའི་ལམ་སྟོན་ནན་པོ་གནང་པ་མ་ཟད། ཐེངས་འདིའི་འོས་བསྡུ་ཆེན་མོའི་ཉམས་མྱོང་དང་བསྟུན། སྲིད་སྐྱོང་དབུས་པའི་མ་འོངས་པའི་བཀའ་བློན་དང་སྤྱི་འཐུས་རྣམས་ནས་འོས་བསྡུའི་ལས་རིམ་གྱི་སྒྲོམ་གཞི་ལ་འགྱུར་བཅོས་གཏོང་རྒྱུར་དགོངས་པ་རྒྱ་ཆེན་པོ་བཞེས་དགོས་པའི་འབོད་སྐུལ་བཅས་གནང་ཡོད།

རེས་གཟའ་པ་སངས། ༢༠༡༦།༠༤།༠༡

ཉན་པ།: Listen ཕབ་ལེན། Download བོད་ནང་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱ་རྒྱུ་མཚམས་འཇོག་དགོས་པའི་ཞུ་འབོད། རྒྱ་གཞུང་གི་ཉེན་རྟོག་པ་དང་རྐུ་མ་གཉིས་ཁ་མཐུན་གྱིས་བོད་མིར་མེ་མདའ་བརྒྱབ་འདུག སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་མཐའ་མ་འཇུག་སྒྲིལ། བལ་ཡུལ་དུ་སྐྱབས་བཅོལ་བའི་བོད་མི་རྣམས་ལ་ཁྲིམས་ཐོག་ནས་ངོས་འཛིན་གྱི་ཡིག་ཆ་སྤྲོད་དགོས་པ་བརྗོད་འདུག ཨ་རི་ནང་བོད་ཀྱི་སྒྱུ་སྩལ་གཟའ་འཁོར་ལས་རིམ་སྟ་གོན། རིས་མེད་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་བཞི་པ་དབུ་འཛུགས་གནང་པ། Friday 01/04/2016 Tibetan protest Xi’s visit to the US, calls for end to nuclear dumping in Tibet Chinese police opens fire at Tibetans in Serta Last session of 15th Tibetan Parliament in Exile concludes Nepal should give legal status to Tibetans living without papers CU-Boulder hosting Tibetan Arts Week in preparation for Dalai Lama’s visit Meet on Monlam Buddhist terminology dictionary

རྒྱ་གཞུང་གི་ཉེན་རྟོག་པ་དང་རྐུ་མ་གཉིས་མཉམ་འབྲེལ་གྱིས་བོད་མིར་མེ་མདའ་བརྒྱབ་འདུག

ཉེ་སྔོན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཧོར་ཤུལ་སྡེ་པའི་རུ་ཁག་གཉིས་པའི་བོད་མི་འགའ་ཞིག་གི་གཡག་སུམ་ཅུ་ཙམ་རྐུ་མས་འཁྱེར་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་དུ་སུད་སིར་བཞུགས་པའི་མགོ་ལོག་འཇིགས་མེད་ཀྱིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན། ཟླ་འདིའི་ཚེས་ ༣༠ ཉིན་དཀར་མཛེས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཧོར་ཤུལ་སྡེ་པའི་རུ་ཁག་གཉིས་པའི་བོད་མི་འགའ་ཞིག་གི་གཡག་སུམ་ཅུ་ཙམ་ཁ་ཆེ་བ་རྐུ་མ་ཞིག་གིས་རླངས་འཁོར་ནང་བླུགས་ཏེ་འཁྱེར་ཡོད་པ་ཤེས་ནས་དེ་དག་བཙོང་མཁན་སུ་ཡིན་རྩད་རྩོད་བྱས་ཀྱང་ངོས་ལེན་བྱས་མེད་སྟབས། བོད་མི་དེ་དག་གིས་གཡག་བླུགས་པའི་རླངས་འཁོར་དེ་ཚུར་བླངས་ཡོད་ཀྱང། ཉིན་དེའི་ཕྱི་དྲོར་གསེར་རྟ་རྫོང་གི་ཉེན་རྟོག་པ་ཧོར་ཤུལ་ཡུལ་དུ་ཡོང་ནས་གཡག་ཡོད་པའི་རླངས་འཁོར་དེ་ཕྱིར་བཙན་འཕྲོག་བྱས་འདུག སྐབས་དེར་བོད་མི་དེ་དག་གི་གསལ་བཤད་ཇི་ལྟར་བྱས་ཀྱང་ཉན་འཇོག་མེད་པར་རྐུ་མ་དང་ཉེན་རྟོག་པ་གཉིས་མཉམ་འབྲེལ་གྱིས་བོད་མིར་གང་བྱུང་མེ་མདའ་བརྒྱབ་པས་དེ་དག་གི་རྐང་ལག་སོགས་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་སྟབས། གསེར་རྟ་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་སླད་འཁྱེར་ཡོད་འདུག་ཀྱང་འགའ་ཞིག་ལ་སྨན་ཁང་དེ་ནས་འགན་ལེན་མ་ཐུབ་སྟབས། ཁྲིན་ཏུའུ་སྨན་ཁང་དུ་འཁྱེལ་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད་འདུག་ཅེས་གསུངས་སོང་། བོད་མི་དེ་དག་ལས་ངག་དགེ་དང་བསོད་འཕེལ་ཟེར་བ་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་འདུག་པ་དང། ལྷག་དོན་མི་གཅིག་གི་དཔྱི་མགོར་མེ་མདའ་བདུན་བརྒྱད་ཙམ་ཕོག་པས་སྲོག་ཉེན་ལ་ཐུག་ཡོད་པ་རེད་འདུག དེ་མཚུངས་སུ་ཉེན་རྟོག་པས་མང་ཚོགས་ལ་མེ་མདའ་བརྒྱབ་པས་ཁོང་རྣམ་པའི་རྐང་པ་ཕལ་ཆེར་ཕན་མེད་ལྟ་བུ་བཟོས་འདུག་པ་མ་ཟད། རྨས་མའི་ལུས་ནས་ཕྱིར་བཏོན་པའི་མེ་མདའི་ལྡེའུ་ཀྱང་མཐོང་རྒྱུ་ཡོད་འདུག གཞན་ཡང་མང་ཚོགས་དང་ཉེན་རྟོག་པའི་དབར་གདོང་ཐུག་བྱུང་ཡོད་པའི་གནས་ཚུལ་བཅས་མངོན་གྱི་འདུག

Latest news