Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2016

༸གོང་ས་མཆོག་གིས་ཞི་ཅིང་ཕིང་ནས་རྒྱ་ནག་ནང་བསྐྱར་དུ་གསར་བརྗེ་ཞིག་བྱེད་དགོས་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་རིགས་ཤེས་ཡོན་ཅན་གྱི་བཅར་འདྲིའི་ལས་རིམ་ཞིག་ཐོག་༸གང་ཉིད་མཆོག་གིས་ད་ལྟའི་དུས་སྐབས་འདིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ནས་སྙིང་རྗེའི་ཀུན་ནས་བླངས་ཏེ་རྒྱ་ནག་ནང་དུ་གསར་བརྗེ་ཞིག་བྱེད་དགོས་པ་བཀའ་བསྩལ་འདུག དེ་ཡང་འདི་ལོའི་ཕྱི་ཟླ་བཅུ་པའི་ནང་ཨ་རིའི་ནང་བཅའ་བཞུགས་རྒྱ་རིགས་ཤེས་ཡོན་ཅན་དང་དྲ་རྒྱའི་ཐོག་ཟིན་བྲིས་སྤེལ་མཁན་སྐུ་ཞབས་Qin Weipingགཙོས་པའི་གཞོན་སྐྱེས་གཉིས་བཞུགས་སྒར་དུ་ཆེད་བཅར་གྱིས་༸གང་ཉིད་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་པ་དང་སྦྲགས། ཁོང་རྣམས་ནས་ད་ལྟའི་རྒྱ་གཞུང་གི་ཆབ་སྲིད་ལམ་ལུགས་དང་ས་གནས་མང་ཚོགས་ཀྱི་དངོས་ཡོད་གནས་སྟངས། དེ་བཞིན་མ་འོངས་པར་དཀའ་ངལ་དེ་དག་ལ་གདོང་ལེན་གནང་ཕྱོགས་སོགས་སྐོར་བཅར་འདྲི་ཞུས་པའི་སྐར་མ་ ༤༥ མན་ཙམ་གྱི་བརྙན་འཕྲིན་ལས་རིམ་ཞིག་ཉེ་ཆར་སྤྱི་ཚོགས་དྲ་རྒྱ་ཁག་གི་ཐོག་ཏུ་འདོན་སྤེལ་གནང་འདུག བཅར་འདྲིའི་ལས་རིམ་ཐོག་༸གོང་ས་མཆོག་གིས་ད་ལྟའི་རྒྱ་ནག་ནང་སྐྱོན་ཆ་ཆེ་ཤོས་དེ་ནི་མང་ཚོགས་ལ་གནས་ཚུལ་རྒྱུས་ལོན་བྱ་རྒྱུར་རྒྱ་གཞུང་གིས་གསང་སྟབས་ཐོག་བཀག་འགོག་བྱེད་བཞིན་ཡོད་པ་དེ་ཆགས་ཡོད་པ་དང་། དེ་ཡང་གཙོ་བོ་རྒྱ་ནག་ནང་ཁྲིམས་ཡང་དག་ཞིག་མེད་པར་བརྟེན་ཡོང་གི་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། རྒྱ་ནག་གི་ཁྲིམས་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་ཚད་ལ་སླེབས་པ་ཞིག་བཟོས་དགོས་ཅེས་བཀའ་བསྩལ་མཛད་འདུག ༸གོང་ས་མཆོག་གིས་དུས་རྒྱུན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མང་ཚོགས་ལ་བྱམས་བརྩེ་ལྡན་པའི་འཛམ་གླིང་བསྐྲུན་དགོས་པར་ལམ་སྟོན་སྩལ་བཞིན་ཡོད་སྐོར་དང་འབྲེལ། རྒྱ་ནག་རྒྱལ་ཁབ་ལྟ་བུ་མི་འབོར་མང་ཤོས་ཤིག་དང་ལོ་རྒྱུས་ཐོག་ནས་ནང་པའི་རྒྱལ་ཁབ་ཞིག་ཡིན་སྟབས། ༸གང་ཉིད་མཆོག་ནས་ཁུལ་དེའི་ནང་བྱམས་བརྩེའི་ལས་འགུལ་སྤེལ་རྒྱུར་ཐུགས་རེ་ཆེན་པོ་ཡོད་ཅེས་བཀའ་བསྩལ་འདུག  ལྷག་དོན་ད་ལྟའི་དུས་སྐབས་འདིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་སྙིང་རྗེའི་ཀུན་ནས་བླངས་ཏེ་རྒྱ་ནག་ནང་དུ་གསར་བརྗེ་ཞིག་བྱེད་དགོས་པ་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་ལ་གནས་སྟངས་དེ་འདྲ་ཞིག་འོག་གོ་སྐབས་ཤིག་བྱུང་ཚེ་རྒྱ་ནག་ནང་དུ་མང་ཚོགས་ཁྲོད་བྱམས་བརྩེ་སྤེལ་རྒྱུའི་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་ཅེས་བཀའ་སྩལ་དང་སྦྲགས་ཏེ་རྣམ་ཀུན་རྒྱ་ནག་གི་འགོ་ཁྲིད་ཁག་གིས་༸གང་ཉིད་ལ་སྐྱོན་བརྗོད་དང་དོགས་པ་བྱེད་བཞིན་པ་དེས་༸གང་ཉིད་མཆོག་རྒྱ་ནག་དུ་ཕེབས་རྒྱུར་ཐག་རིང་དུ་བཏང་བ་ལས་ཕན་ཐོགས་ཅི་ཡང་མེད་པ་རེད་ཅེས་བཀའ་མཛད་ཡོད་པ་རེད། མགོན་པོ་མཆོག་གིས་ད་དུས་མ་འོངས་པའི་རྒྱ་ནག་ཁ་ཕྱོགས་དང་འབྲེལ་བཀའ་བསྩལ་དོན་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་དེ་མ་འོངས་པར་གྲུབ་འབྲས་ཐོན་པ་ཞིག་ཡོང་བར་གཙོ་བོ་ཁྱིམ་མཚེས་རྒྱལ་ཁབ་ཁག་གཙོས་པའི་རྒྱལ་ཁབ་གཞན་ཚོས་ཡིད་ཆེས་ཐོབ་རྒྱུ་དེ་གནད་ཆེ་ཆགས་ཡོད་པ་དང་། དེ་ལྟར་ཡོང་བར་རྒྱ་ནག་ནང་དུ་གཏམ་བརྗོད་རང་དབང་དང་། གསར་འགྱུར་རང་དབང་། ཁྲིམས་གྱི་དབང་བསྒྱུར་དགོས་རྒྱུ་ནི་ཆེས་གནད་ཆེ་ཡིན་སྐོར་སོགས་ཀྱི་བཀའ་སློབ་བསྩལ་འདུག

བོད་མིའི་སྒྲིག་འཛུགས་ནས་ལྕམ་ནེན་སི་པི་ལོ་སི་མཆོག་སླར་མང་གཙོ་ཚོགས་པའི་འགོ་ཁྲིད་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོས་ཚོགས་འགོ་མའི་འཐུསམི་ལྕམ་ནེན་སི་པི་ལོ་སི་མཆོག་སླར་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་འགོ་ཁྲིད་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ཁོང་གིས་ད་བར་བོད་དོན་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞེས་གསུངས་འདུག རྩ་བའི་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་གི་གུས་བརྩི་དང་བོད་དོན་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་རྒན་འགྲས་ཤིག་ཡིན་པ་རེད། ཁ་སང་ཟླ་ ༡༢ ཚེས་ ༡ ཉིན་ཁོང་ལ་གྲོས་ཚོགས་ནང་འོས་གྲངས་ ༡༣༤ ཐོབ་ནས་སླར་ཡང་གྲོས་འོག་མའི་འགོ་ཁྲིད་དུ་བདམས་ཐོན་བྱུང་འདུག སྲིད་སྐྱོང་མཆོག་གིས་འཚམས་འདྲི་ནང་ལྕམ་སྐུ་མཆོག་ལ་ཆེ་བསྟོད་དང་འབྲེལ་ད་རེས་ཁོང་སླར་ཡང་གནད་འགག་ཆེ་བ་མང་གཙོ་ཚོགས་པའི་འགོ་ཁྲིད་དུ་བདམས་ཐོན་བྱུང་བ་འདི་ནི་ཁོང་གི་ཕུལ་བྱུང་འགོ་ཁྲིད་ཀྱི་ཡོན་ཏན་ལ་གདེང་འཇོག་དང། དྲང་བདེན་དང་བཟང་སྤྱོད་ཀྱི་རིན་ཐང་སྲུང་སྐྱོབ་གནང་མཁན་ཁྱད་པར་བ་ཞིག་ཡིན་པའི་ངོས་འཛིན་མཚོན་ཐུབ་ཀྱི་ཡོད་སྐོར་གསུངས་པ་འདུག ཁོང་གིས་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ལ་དོན་དམ་གྱི་གྲོགས་པོའི་འདུ་ཤེས་བཅངས་པར་བཀྲིན་ཆེ་ཞུ་ཡང་གསུངས་འདུག  ཁྱད་པར་དུ་སྲིད་སྐྱོང་མཆོག་ནས་འཚམས་འཕྲིན་འདི་བརྒྱུད་ལྕམ་སྐུ་མཆོག་ནས་ད་བར་བོད་དོན་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་ཤུགས་ཆེ་གནང་སྟེ་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་གནང་ཡོད་པ་དེ་ང་ཚོ་བོད་མི་ཚང་མས་བཀྲིན་སྙིང་བཅངས་ཞུ་བཞིན་ཡོད་པ་མ་ཟད། ང་ཚོས་རེ་བ་ལ་ཕྱོགས་གཉིས་ཀྱི་དམ་ཚིགས་མུ་མཐུད་སྲ་བརྟན་ཡོང་བ་དང་ལྕམ་སྐུ་མཆོག་གིས་མ་འོངས་ལས་དོན་མཐའ་དག་ལམ་ལྷོང་ལྡན་པ་ཡོང་རྒྱུ་སྨོན་ལམ་ཡོད་སྐོར་གསུངས་འདུག དུས་མཚུངས་སུ་ཨ་རིའི་སྤྱི་མཐུན་ཚོགས་པ་ནས་ཡིན་པ་བདམས་ཐོན་སྲིད་འཛིན་སྐུ་ཞབས་ཌོ་ནོལ་ཊརམ་མཆོག་ནས་ཟླ་བ་རྗེས་མའི་ཚེས་༢༠ནས་སྲིད་འཛིན་ལས་འཁུར་བཞེས་ཀྱི་ཡོད་པའི་དུས་མཚམས་འདིར། ཨ་རིའི་སྲིད་འཛིན་གསར་རྙིང་དབར་འཛིན་སྐྱོང་ལས་དོན་དང་། ལས་ཁུངས་གནད་འགག་ཆེ་ཁག་གི་ལས་བྱེད་འཕོ་སྒྱུར་སོགས་གཏང་བཞིན་པའི་དུས་ཚོད་གལ་གནད་ཅིག་ཆགས་ཡོད་སྟབས། སྐུ་ཚབ་དོན་གཅོད་དང་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་ཟུང་འབྲེལ་ཐོག་ནས་ཉིན་ཤས་གོང་ཨ་རིའི་གྲོས་ཚོགས་གོང་འགོ་གཉིས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཞུས་ནས་སྲིད་འཛིན་གསར་པའི་དབུ་ཁྲིད་འོག་ཨ་རིའི་གཞུང་ནས་བོད་དོན་རྒྱབ་སྐྱོར་དང་བོད་ཐོག་འཛིན་པའི་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་ཡོང་བའི་ཞུ་སྐུལ་གནང་འདུག བོད་མིའི་སྒྲིག་འཛུགས་ནས་དེ་དོན་གནས་ཚུལ་སྤེལ་བའི་ནང་ཨ་རིའི་སྐུ་ཚབ་དོན་གཅོད་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་འཐུས་མི་ལྕམ་ Diane Feinstein མཆོག་དང་མཇལ་འཕྲད་ཞུས་གྲུབ་རྗེས་ཁོང་གིས་སྔར་བཞིན་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་གནང་འདུག གཞི་རྩའི་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་གི་གུས་བརྩི་དང་བོད་དོན་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་རྒན་འགྲས་ཤིག་ཡིན་པ་དང་། དེ་སྔ་བཞུགས་སྒར་དུ་མགོན་པོ་༸གང་ཉིད་མཆོག་གི་ཞལ་མཇལ་སླད་ཆེད་ཕེབས་གནང་མྱོང་ཡོད་པ་ཞིག་རེད།

རེས་གཟའ་པ་སངས། ༢༠༡༦།༡༢།༠༢

ཉན་པ།: Listen ཕབ་ལེན། Download བོད་མིའི་སྒྲིག་འཛུགས་ནས་ལྕམ་ནེན་སི་པི་ལོ་སི་མཆོག་སླར་ཡང་མང་གཙོ་ཚོགས་པའི་འགོ་ཁྲིད་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་འདུག རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་མཆོག་ནས་ཀརྨ་པ་རིན་པོ་ཆེ་མཆོག་མཇལ་ཁ་ཞུས་པ། རྒྱ་གཞུང་ནས་བོད་ཁུལ་དུ་ལྟ་རྟོག་དོ་དམ་ལས་དོན་ལོ་དྲུག་པར་ཕར་འགྱངས། རྒྱ་ནག་གཞུང་ནས་རྒྱལ་ནང་ཙམ་མ་ཟད་ཕྱི་ཕྱོགས་ཀྱི་ཝི་ཅེཊི་སྐད་འཕྲིན་ལའང་སྟངས་འཛིན་ཆེན་པོ་བྱེད་བཞིན་པ་བརྗོད་འདུག ༸གོང་ས་མཆོག་གིས་ཞི་ཅིན་ཕིང་ནས་རྒྱ་ནག་ནང་ཡང་བསྐྱར་གསར་བརྗེ་ཞིག་བྱེད་དགོས་སྐོར་གསུངས་འདུག རྒྱ་གར་ལྷོ་ཕྱོགས་སུ་གཉེན་ནད་རེག་དུག་ཉིན་མོ་སྲུང་བརྩི་ཞུས་པ། Friday 02/12/2016 Sikyong congratulates Nancy Pelosi for re-election as house democratic leader Shri Kiren Rijiju meets with Karmapa Rinpoche China extends Tibet surveillance program for sixth year in row One App, Two Systems: How WeChat uses one censorship policy in China and another internationally Xi should bring new Cultural Revolution based on Kindness: Dalai Lama Tibetans in South India observe World Aids Day

རྒྱ་གཞུང་གིས་བོད་ཁུལ་དུ་ལྟ་རྟོག་དོ་དམ་གྱི་ལས་དོན་ལོ་དྲུག་པར་ཕར་འགྱངས།

ཕྱི་ལོ་ ༢༠༠༨ ལོའི་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་བྱུང་བའི་རྗེས་སུ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དམ་བསྒྲགས་དང་དྲག་གནོན་ཤུགས་ཆེ་རུ་གཏོང་བཞིན་པའི་ཁྲོད། ཕྱི་ལོ་ ༢༠༡༡ ལོ་ནས་འགོ་འཛུགས་ཀྱིས་བོད་ཀྱི་ས་ཁུལ་ཁག་ཏུ་ཏང་ཡོན་ལས་བྱེད་པ་སྟོང་ཕྲག་མང་པོ་ཆེད་གཏོང་ཐོག་བོད་མིར་དམ་བསྒྲགས་ཀྱི་ལས་དོན་ལོ་དྲུག་པར་ཕར་འགྱངས་བྱས་འདུག དེ་ཡང་ཉེ་ལམ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཚོགས་འདུ་ཞིག་བསྐོང་ཚོགས་ཀྱིས་བོད་མིའི་ཉིན་རེའི་བྱེད་སྒོ་དང་བསམ་བློ་གཏོང་སྟངས་སོགས་ལ་རྟ་རྟོག་དོ་དམ་ཡོང་ཆེད་གྲོང་ཚོ་རིམ་པའི་ནང་དུ་བཅའ་སྡོད་ལས་བྱེད་ཆེད་གཏོང་བྱ་རྒྱུའི་ལས་གཞི་ཞིག་ཕྱི་ལོ་ ༢༠༡༡ ལོ་ནས་དངོས་སུ་ལག་བསྟར་བྱས་ཡོད་པ་ལྟར། ལོ་རིམ་དྲུག་པའི་ནང་མུ་མཐུད་སྤེལ་རྒྱུའི་ཐག་གཅོད་བྱེད་པ་དང་འབྲེལ་ཏེ་ཚོགས་འདུ་དེའི་ཐོག་གྲོང་ཚོ་བཅའ་སྡོད་རུ་ཁག་སྐོར་དྲུག་པའི་འདེམས་གཏོང་གསལ་བསྒྲགས་དང་སྐབས་ལྔ་པའི་ལས་དོན་གྲུབ་འབྲས་ལེགས་སོན་ཅན་ལ་བྱ་དགའ་སྤྲད་ཡོད་པ་རེད། གྲོང་ཚོ་བཅའ་སྡོད་རུ་ཁག་སྐོར་དྲུག་པ་འདིའི་ཐོག་དམར་ཤོག་ཚོགས་པའི་ལས་བྱེད་པ་ཁྱོན་ ༢༢༠༠༠ ཙམ་ཆེད་གཏོང་བྱ་རྒྱུ་ཡིན་པ་འཁོད་འདུག དེའི་ཁོངས་ནས་ཞིང་ཆེན་རིམ་པའི་ལས་བྱེད་པ་ ༢༤༠༨ དང་ཁུལ་རིམ་པའི་ལས་བྱེད་པ་ ༥༥ ནས་བཅའ་སྡོད་ལས་བྱེད་གཞན་རྣམས་ལ་སྣེ་ཁྲིད་བྱ་རྒྱུ་ཡིན་འདུག ལས་བྱེད་དེ་དག་བོད་ཁུལ་གྱི་གྲོང་ཚོ་ཁྱོན་ ༥༤༠༠ ལྷག་ཙམ་དང་དེའི་ཉེ་འདབས་ཀྱི་ས་ཁུལ་དུ་གནས་སྡོད་ཀྱིས་བོད་མི་མང་ཚོགས་རྣམས་ལ་ལྟ་རྟོག་དོ་དམ་སྔར་ལྷག་ཤུགས་ཆེ་བྱ་གཏན་འཁེལ་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་སང་གནས་ཚུལ་སྤེལ་བར་གཞིགས་ཚེ་རྒྱ་གཞུང་གིས་ལས་དོན་དེའི་འོག་བོད་ཀྱི་ཞི་རིམ་ས་ཁུལ་ནང་དུ་ཆུ་མ་ཡོང་གོང་གི་རགས་ཞེས་བོད་ནང་སླར་ཡང་ ༢༠༠༨ ལྟར་བོད་མིའི་ཁྲོད་ནས་སྒེར་ལངས་མི་ཡོང་སླད་དོགས་ཡོད་ཅན་རྣམས་ལ་ལྟ་རྟོག་དོ་ནན་བྱ་རྒྱུའི་ཆེད་དུ་ཡིན་པ་དང་། དེའང་ཐོག་མའི་འཆར་ལོ་གསུམ་རིང་གི་ལས་དོན་སྤེལ་རྒྱུ་ཡིན་པ་བརྗོད་ཡོད་ཀྱང་། རྗེས་སུ་ཕྱི་ལོ་ ༢༠༡༤ ལོར་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པ་རྣམས་ནས་ལས་དོན་དེ་གཟེངས་ཐོན་བྱས་པར་བརྟེན་ལས་གཞི་དེ་རྒྱ་བསྐྱེད་གཏོང་ཕྱིར་དུས་ཚོད་ངེས་མེད་རིང་ཕར་འགྱངས་བྱ་རྒྱུའི་གསལ་བསྒྲགས་སྤེལ་བའི་ཁྲོད་ད་རེས་སྐབས་དྲུག་པ་འགོ་འཛུགས་ཡོད་པ་དང་། ལས་དོན་དེའི་བརྒྱུད་རྒྱ་གཞུང་གིས་བོད་མིའི་ཐོག་ཉིན་རེའི་བྱེད་སྒོ་གཙོས་འགྲོ་སྡོད་སྤྱོད་གསུམ་ལ་ཚོད་འཛིན་དོ་ནན་བྱེད་བཞིན་ཡོད་སྟབས་དེ་དག་གི་རང་དབང་མེད་པ་བཟོས་པ་མ་ཟད། དེར་དང་ལེན་མི་བྱེད་མཁན་རྣམས་ལ་ཐོ་གཞུང་ནག་པོའི་ནང་མིང་བཀོད་རྒྱུའི་འཇིག་སྐུལ་བྱེད་པར་བརྟེན་བོད་ཁྲོད་ནས་རྒྱ་གཞུང་ལ་མི་དགའ་བའི་རྣམ་པ་ཆེས་ཤུགས་ཆེ་རུ་གཏོང་ཡོད་པ་མངོན་གསལ་ཆགས་ཡོད་པ་གསུངས་འདུག འདི་ག་རླུང་འཕྲིན་ཁང་ལ་ལས་ཁུངས་དེའི་ཉམས་ཞིབ་པ་པདྨ་ཆོས་མགྲོན་ལགས་ཀྱི་གསུངས་པར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཙམ་མ་ཟད། ཟི་ཁྲོན་ཞིང་ཆེན་དང་། མཚོ་སྔོན། ཀན་ལྷོ་སོགས་བོད་ཀྱི་ས་ཁུལ་གཞན་ཁག་དང་དེ་མིན་ཤིན་ཅང་དུའང་བརྟན་ལྷིང་དང་བདེ་འཇགས་ཞེས་པའི་མིང་བྱང་འོག དྲ་མིག་ཅན་སྤྱི་ཚོགས་དོ་དམ་ལམ་ལུགས་དང་དམངས་བདེ་ཉེན་རྟོག་ས་ཚིགས། དགོན་པར་བཅའ་བསྡོད་ལས་དོན་རུ་ཁག གྲོང་ཚོར་བཅའ་སྡོན་རུ་ཁག རྨང་བརྟན་མང་ཕན་ལས་འགུལ། དུས་སྤྲེལ་དོ་དམ་ཞེས་ལས་དོན་ཆེ་ཁག་མང་དག་ཅིག་སྤེལ་བཞིན་ཡོད་སྐོར་ཡང་གསུངས་སོང་།

རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་མཆོག་གིས་ཀརྨ་པ་རིན་པོ་ཆེ་མཆོག་གི་མཇལ་ཁར་བཅར་འདུག

དཔལ་༸རྒྱལ་དབང་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཟླ་ ༡༡ ཚེས་ ༢༨ ནས་དབུ་འཛུགས་ཀྱིས་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ནཱ་ཅལ་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་པ་དང་བསྟུན། ཁ་སང་ཚེས་ ༡ ཉིན་དེ་སྔ་ཁུལ་དེའི་གྲོས་ཚོགས་འཐུས་མི་དང་ད་ལྟ་རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་ Kireེn Rijiju མཆོག་གིས་ཀརྨ་པ་རིན་པོ་ཆེ་མཆོག་གི་མཇལ་ཁར་ཆེད་བཅར་ཞུས་འདུག དེ་ཡང་ཚེས་ ༣༠ ཉིན་ཀརྨ་པ་རིན་པོ་ཆེ་མཆོག་རྟ་དབང་མངའ་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་ནས་ཁུལ་དེའི་གྲོང་ཁྱེར་བྷུམ་དི་ལར་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ཁ་སང་ཟླ་ ༡༢ ཚེས་ ༡ ཉིན་རིན་པོ་ཆེ་མཆོག་གིས་ཁུལ་དེའི་དད་ལྡན་མང་ཚོགས་རྣམས་ལ་ཚེ་དབང་དང་བཀའ་ཆོས་སོགས་བསྩལ་ཡོད་པ་རེད། སྐབས་དེར་ཆེད་ཕེབས་གནང་པའི་རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་གིས་རིན་པོ་ཆེའི་མཇལ་ཁར་བཅར་ཡོད་པ་མ་ཟད། སྐབས་དེར་ཁོང་གིས་ད་རེས་དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཁུལ་དེར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་མང་ཚོགས་སྟོང་ཕྲག་བརྒལ་བར་བཀའ་ཆོས་བསྩལ་བ་དང་། ཁྱད་པར་དུ་ཞི་བདེ་དང་བྱམས་སྙིང་རྗེའི་ཐོག་ལམ་སྟོན་མཛད་པར་དགའ་བསུའི་འཚམས་འདྲི་དང་སྦྲགས། ཐེངས་འདིའི་ཆིབས་བསྒྱུར་ཐད་རྒྱ་གར་དབུས་གཞུང་གིས་ཀྱང་རྙོག་གླེང་གང་ཡང་མེད་པར་ཆོག་མཆན་གནང་པ་གཙོས་མཐུན་འགྱུར་གང་ལེགས་གནང་པར་ཐུགས་རྗེ་ཆེ་ཞེས་གསུངས་འདུག ཀརྨ་པ་རིན་པོ་ཆེ་མཆོག་བྷུམ་དི་ལར་ཆིབས་བསྒྱུར་མ་མཛད་གོང་རྟ་དབང་དགོན་པའི་ཉེ་འདབས་སུ་ཆགས་པའི་རྩེད་ཐང་ཆེན་མོར་དད་ལྡན་མང་ཚོགས་ ༢༠༠༠༠ ལྷག་ལ་ཐུགས་རྗེ་ཆེན་པོའི་བཀའ་དབང་དང་ནང་ཆོས་ངོ་སྤྲོད་བསྩལ་བ་དང་འདི་བཞིན་བསྟན་འཛིན་སྒང་སོགས་སུ་གནས་གཟིགས་ཀྱང་མཛད་ཡོད་པ་རེད། གཞི་རྩའི་ད་རེས་ཀརྨ་པ་རིན་པོ་ཆེ་མཆོག་གི་རྒྱ་གར་བྱང་ཤར་མངའ་ཁུལ་གྱི་ཆེས་ཐོག་མའི་ཆིབས་བསྒྱུར་འདི་ནི་ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་དང་རྟ་དབང་རྗོང་གཉིས་ཀྱིས་གོ་སྒྲོག་ཞུས་པ་ཞིག་ཡིན་པ་དང་། ཨ་རུ་ནཱ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ཁོང་ནས་ད་རེས་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ཁུལ་འདིར་གདན་ཞུ་གནང་ཐུབ་པ་འདི་ནི་ཧ་ཅང་གི་བསྐལ་པ་བཟང་པོ་ཡིན་སྐོར་འགྲེལ་བརྗོད་གནང་པ་མ་ཟད། རྒྱ་གཞུང་གིས་ད་ལྟའི་ཆར་རིན་པོ་ཆེ་མཆོག་གི་ཆིབས་བསྒྱུར་དེའི་སྐོར་ལ་འགྲེལ་བརྗོད་གང་ཡང་བྱེད་མེད་ཀྱང། བློན་ཆེན་མཆོག་གིས་གསར་འགོད་པའི་འདྲི་བ་དྲི་ལན་གནང་སྐབས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་བཅས་ནི་རྒྱ་གར་གཞུང་གི་སྐུ་མགྲོན་ཡིན་པ་དང་། རྒྱ་གཞུང་གི་ངོས་ནས་རྒྱ་གར་གྱི་ནང་སྲིད་གནད་དོན་ཐད་ལ་ཐེ་བྱུས་རིགས་གནང་ན་འགྲིག་གི་མ་རེད་ཅེས་གསུངས་ཡོད་པ་རེད། རྩ་བའི་དེ་རིང་ཉིན་རྒྱབ་ཀརྨ་པ་རིན་པོ་ཆེ་མཆོག་ཁུལ་དེ་ནས་ཕེབས་ཐོན་གྱིས་གྲོང་ཁྱེར་ Goawati ནས་མཁའ་ལམ་བརྒྱུད་བཞུགས་སྒར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གྱི་ཡོད་པ་རེད་འདུག

རེས་གཟའ་ཕུར་བུ། ༢༠༡༦།༡༢།༠༡

ཉན་པ།: Listen ཕབ་ལེན། Download དགའ་ལྡན་ཕོ་བྲང་ནས་མེ་སྐྱོན་ཕོག་མཁན་སུད་ཚོང་བར་ཧིན་སྒོར་འབུམ་ལྔ་བཅུ་གནང་འདུག ༸གོང་ས་མཆོག་ཐེ་ཝན་ནང་གདན་ཞུ་ཐད་རྒྱ་གཞུང་གིས་སྐྱོན་བརྗོད། རྒྱ་ནག་གི་ ཡུ་ཀུ་ བརྙན་མཛོད་ནང་༸གོང་ས་མཆོག་དང་འབྲེལ་བའི་བརྙན་འཕྲིན་འཇུག་མི་ཆོག་པ་བཟོས་འདུག བེུད་མེད་ནུས་སྟོབས་གོང་འཕེལ་གྱི་ཚད་མཐོའི་ཟབ་སྦྱོང་བསྐྱར་ཞིབ་ཐེངས་དང་པོ་ཚོགས་པ། བཞུགས་སྒར་དུ་འཛམ་གླིང་གཉེན་ནད་རེག་དུག་ཉིན་མོ་སྲུང་བརྩི་ཞུས་པ། Thursday 01/12/2016 Dalai Lama donates 50 Lacs to Lal Quila fire victims China warns Taiwan not to allow Dalai Lama visit TAI slams Tibet censorship in Chinese video sharing site Youku Panel discussion on role of Women’s empowerment in Tibetan community and beyond Exile Tibetans marks World Aids Day

དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མེ་སྐྱོན་ཕོག་མཁན་་སུད་ཚོང་བར་ཞལ་འདེབས་འབུམ་ལྔ་བཅུ་གནང་འདུག

དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཉེ་ཆར་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཁང་རྙིང་པ་ལཱལ་ཀི་ལཱ་ Lal Qila མདུན་གྱི་བོད་མིའི་སུད་ཚོང་བའི་ཁྲོམ་ར་ ༡༣༨  ལ་མེའི་འཇིག་པའི་འོག་ཤུལ་མེད་དུ་གྱུར་བའི་སུད་ཚོང་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་སྦྲགས་ཟླ་ ༡༡ ཚེས་ ༢༤ ཉིན་ཧིན་སྒོར་འབུམ་ལྔ་བཅུ་ཐམ་པའི་ཞལ་འདེབས་གནང་འདུག ལཱལ་ཀི་ལཱ་ བོད་མི་སུད་ཚོང་ཚོགས་པའི་ཚོགས་གཙོ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་པར། ཟླ་བ་འདིའི་ཚེས་ ༨ ཉིན་ཐོ་རངས་ཚོུད་ ༡།༣༠ ཙམ་ལ་མེ་སྐྱོན་གྱི་གོད་ཆག་བྱུང་རྗེས་ད་བར་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད། དེ་བཞིན་བོད་མི་སྒེར་སོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ཞལ་འདེབས་གནང་སོན་བྱུང་བ་ཁྱོན་བསྡོམས་ཧིན་སྐོར་ས་ཡ་ ༡༢ ལྷག་བྱུང་འདུག་པ་དང། ད་ལྟའི་གནས་སྐབས་འདིར་ཁྲོམ་ས་ ༤༠ བསྐྱར་གསོ་ལེགས་གྲུབ་ཀྱིས་ཉིན་གཉིས་གསུམ་རྗེས་ཁྲོམ་ས་ ༤༠ དེ་དག་སྤྱི་པའི་ངོ་བོའི་ཐོག་ནས་ཚོང་སྒོ་གསར་པ་དབུ་འཛུགས་གནང་རྒྱུ་དང་། དེ་ནས་ཡོང་བབ་ཇི་བྱུང་ཚང་མ་ཆ་སྙོམ་བགོ་འགྲེམས་གནང་གཏན་འཁེལ་འདུག བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་མུ་མཐུད་གསུངས་པར་མེ་སྐྱོན་ཕོག་མཁན་མི་སྒེར་ལ་ཞལ་འདེབས་ཐོབ་མུས་ཡིན་ནའང། ཁོང་ཚོར་ཅ་དངོས་ཉོ་སའི་སྦྱིན་བདག་གི་བུན་གཡར་ཐོག་ལ་སེམས་ཁྲེལ་ཆེན་པོ་ཡོད་སྐོར་ཡང་གསུངས་སོང་། རྩ་བའི་ད་རེས་ཀྱི་མེ་སྐྱོན་ཁྲོད་ལྡི་ལིའི་ལཱལ་ཀི་ལཱ་མདུན་སར་ཡོད་པའི་བོད་མིའི་སུད་ཚོང་བ་རྣམས་ལ་མ་དངུལ་ས་ཡ་ ༡༢༩ ལྷག་གི་གྱོང་གུད་ཕོག་ཡོད་པ་རེད། ད་བར་དཔལ་ལྡན་དགའ་ཕོ་བྲང་ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་ཛ་དྲག་ངལ་སེལ་ཆེད་འབུམ་ ༡༥  དང་དེ་རྗེས་སླར་འབུམ་ ༣༠ གནང་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ཚོགས་ཀྱི་ཀྱང་ངལ་སེལ་ཐེབས་རྩ་ནས་ཧིན་སྒོར་ ༧༠༠༠༠ ཐམ་པ་གསོལ་རས་གནང་ཡོད་པ་དང་། ལྡི་ལིའི་གཞུང་ནས་འབུམ་ ༡༣༨ སོགས་གནང་པར་བརྟེན་ཁྱོན་ཞལ་འདེབས་ལག་སོན་བྱུང་བ་ཧིན་སྒོར་ས་ཡ་ ༡༢ ལྷག་བྱུང་འདུག

བཞུགས་སྒར་དུ་མང་ཚོགས་རྣམས་ལ་གཉེན་ནད་རེག་དུག་གི་གོ་རྟོགས་སྤེལ་བ།

བཞུགས་སྒར་ཁུལ་དུ་ས་གནས་མང་ཚོགས་རྣམས་ལ་གཉེན་ནད་རེག་དུག་གི་གོ་རྟོགས་སྤེལ་བའི་བརྒྱུད་རྒྱལ་སྤྱིའི་གཉེན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད། དེའང་ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་མོ་འདི་ནི་ World AIDS Day འཛམ་གླིང་ཨེཊས་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༡༢ ཚེས་ ༡ འཛམ་གླིང་ཨེ་ཌས་ཉིན་མོ་འདིར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ཀུན་ཕན་ལས་ཁང་གཉིས་ཀྱིས་གོ་སྒྲིག་འོག་མེག་ལོཊ་གྷན་ཇ་རླངས་འཁོར་འབབ་ཚུགས་ནས་འགོ་འཛུགས་ཐོག་བག་སུ་ནཱཐ་དང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཁྲོམ་གཞུང་དུ་ས་གནས་ཡུལ་མི་དང་མང་ཚོགས། དེ་བཞིན་ཕྱོགས་མཐའ་ཁག་ནས་སྤྲོ་འཆམ་དུ་ཕེབས་པ་རྣམས་ལ་གཉེན་ནད་རེག་དུག་གི་ནད་གཞི་ངོ་སྤྲོད་དང་སྔོན་འགོག་གནང་ཐབས་བཅས་འཁོད་པའི་ཡིག་འགྲེམས་དང་། རེག་དུག་ནད་གཞི་ཕན་ཚུན་དབར་ཇི་ལྟར་འགོས་མིན་གྱི་འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད་གནང་པའི་བརྒྱུད་རྒྱལ་སྤྱིའི་གཉེན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་སོང་། སྐབས་དེར་ལས་འགུལ་གོ་སྒྲིག་པ་ཚོས་དེ་རིང་གི་ཉིན་མོ་དང་འབྲེལ་ UNAIDS འམ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཉེན་ནད་རེག་དུག་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ Michel Sidibe ལགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་པ་དང་། ཀུན་ཕན་ལས་ཁང་གི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་གཉེན་ནད་རེག་དུག་གི་ནད་གཞི་དེ་དེང་སྐབས་འཛམ་བུ་གླིང་ཐོག་བཅོས་ཐབས་མེད་པའི་ཆེས་ཛ་དྲག་གི་ནད་གཞི་ཞིག་ཡིན་སྐོར་ངོ་སྤྲོད་དང་སྦྲགས། བར་ལམ་ནས་རྒྱ་ནག་གཞུང་གིས་བོད་ནང་ལོག་ལ་སྨད་ཚོང་མ་མང་དག་ཞིག་ཆེད་གཏོང་གིས་ནད་གཞི་དེ་ཁྱབ་སྤེལ་གཏོང་བཞིན་ཡོད་པ་ཐེར་བཏོན་གནང་སོང་།  ལྷག་དོན་བཙན་བྱོལ་ནང་བཞུགས་པའི་བོད་མི་རྣམས་རང་ཉིད་ཀྱི་འཚོ་ཐབས་དང་འབྲེལ་ཕྱོགས་བསྐྱོད་སོགས་མང་དག་ཞིག་གནང་དགོས་སྟབས། རང་སོ་སོར་ནད་གཞི་དེ་མི་འགོས་ཕྱིར་སྔོན་འགོག་གི་ཐབས་ལམ་གང་ཡོད་རྣམས་གང་ལེགས་སྤྱོད་དགོས་གལ་ཡིན་པ་སོགས་གསུངས་སོང་། ཁྱད་པར་དུ་ཁོང་གིས་ང་ཚོའི་སྤྱི་ཚོགས་ཁྲོད་དུ་ནད་རིགས་དེ་ཡོད་མཁན་རྣམས་ལ་མཐོང་ཆུང་གིས་སྤྱི་ཚོགས་ལས་ཕུད་ཐབས་གནང་རྒྱུ་མེད་པ་དང་ནད་པ་དེ་དག་ལ་རྒྱུན་དུ་བྱམས་པ་དང་བརྩེ་བའི་ཐོག་ནས་རོགས་རམ་གང་ཐུབ་གནང་གལ་ཡིན་པའི་ལམ་སྟོན་གནང་ཡོད། གཞི་རྩའི་གཉེན་ནད་རེག་དུག་གམ་ AIDS ནད་གཞི་དེ་ཉིད་ཐོག་མ་བྱུང་བ་ནས་བཟུང་ད་བར་རྒྱལ་སྤྱིའི་མེ་འབོར་ས་ཡ་ ༧༨ ལྷག་ལ་ནད་གཞི་དེ་ཕོག་ཡོད་ཅིང་།  ནད་གཞི་དེའི་རྐྱེན་པས་མི་འབོར་ས་ཡ་ ༣༥ ལྷག་རྐྱེན་འདས་སུ་གྱུར་བ་མ་ཟད། ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་ཆ་བཞག་ན་ད་ལྟའི་ཆར་གཉེན་ནད་རེག་དུག་གི་ནད་གཞི་ཕོག་པའི་བོད་མི་ ༡༣༠ ལྷག་ཡོད་པ་རེད།

Latest news