Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: October, 2021

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཧོང་ཀོང་གི་ཡན་ལག་ལས་ཁུངས་སྒོ་རྒྱག་འཆར།

ཧོང་ཀོང་ནང་གི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཡན་ལག་ལས་ཁུངས་འདི་ལོའི་ལོ་མཇུག་ཏུ་དངོས་སུ་སྒོ་རྒྱག་རྒྱུ་ཡིན་པར་ཡོངས་གྲགས་གནང་འདུག དེ་ཡང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཁ་སང་ཡོང་ཁྱབ་གསལ་སྒྲགས་ཤིག་སྤེལ་བའི་ནང་། ཧོང་ཀོང་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་ཤུགས་རྐྱེན་གྱི་འོག་ཚོགས་པ་དེས་ཁུལ་དེའི་ནང་ཡན་ལག་ལས་ཁུངས་གཉིས་སྒོ་རྒྱག་རྒྱུ་ཡིན་པ་གསུངས་འདུག ཚོགས་པའི་རྒྱལ་སྤྱིའི་འགན་འཛིན་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ Anjhula Mya Singh Bais ལགས་ཀྱིས་གསལ་བསྒྲགས་དེའི་ནང་དུ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་ཡིད་སེམས་སྐྱོ་བའི་ངང་ནས་ཧོང་ཀོང་ཁུལ་གྱི་ཡན་ལག་ལས་ཁུངས་སྒོ་རྒྱག་རྒྱུར་ཐག་བཅད་པ་ཡིན། ཧོང་ཀོང་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་ཏུ། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཞིག་གིས་རང་དབང་ལྡན་ཞིང་འཇིགས་ཞུམ་བྲལ་བའི་ཐོག་ནས་ཕྱག་ལས་གནང་ཐབས་མེད་པར་བརྟེན་ཡན་ལག་ལས་ཁུངས་དེ་ཟླ་བ་རྗེས་མའི་ཚེས་ ༣༡ ཉིན་ནས་ལས་མཚམས་བཞག་སྟེ། ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཡན་ལག་ལས་ཁུངས་གཞན་ཞིག་ལ་གནས་སྤོར་བྱེད་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་འདུགགཞན་ཡང་གསལ་བསྒྲགས་དེའི་ནང་དུ། ད་ལྟའི་བར་དུ་ཧོང་ཀོང་ནི་གཞུང་འབྲེལ་མིན་པའི་སྤྱི་མང་གི་ཚོགས་པ་ཁག་གི་རྟེན་གཞི་ཡག་ཤོས་ཤིག་ཆགས་ཡོད་ཀྱང་། ཉེ་བའི་ལོ་འགའི་རིང་ནས་བཟུང་ཧོང་ཀོང་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་དང་ཚོང་ལས་སྡེ་ཁག་ལ་གོང་རིམ་དཔོན་རིགས་ཀྱིས་རྒོལ་རྡུང་གཏོང་འགོ་ཚུགས་ཡོད་སྟབས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་དེ་ལྟ་བུའི་བརྟན་བརླིང་མེད་པའི་ཁོར་ཡུག་ཅིག་ཏུ་ལས་གཞི་ལག་བསྟར་བྱེད་ཐབས་མེད་པར་གྱུར་ཡོད་སྐོར་ཡང་གསལ་འགྲེལ་གནང་འདུག གཞན་ཡང་ཁོང་གིས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཧོང་ཀོང་ཁུལ་གྱི་ལས་བྱེད་རྣམས་ཀྱིས་འདས་བའི་ལོ་ངོ་བཞི་བཅུ་ལྷག་ལ་ཕྱག་ལས་རྒྱ་ཆེར་གནང་བར་བཀའ་དྲིན་ཆེན་པོ་ཡིན་པར་འགྲེལ་བརྗོད་ཀྱིས། ཧོང་ཀོང་ནང་གི་ལས་བྱེད་རྣམས་ཀྱིས་ཕྱི་ལོ་ ༡༩༩༣ ནས་བཟུང་ཁུལ་དེར་ཉེས་ཅན་སྲོག་ཁྲིམས་ཀྱི་ཁྲིམས་ཡིག་རྩ་མེད་བཟོས་ཡོད་པ་དང་། དེ་བཞིན་ཕྱི་ལོ ༢༠༡༩ ལོའི་མི་མང་གི་ཡར་ལངས་སྐབས་སུ་ཉེན་རྟོག་པས་མང་ཚོགས་ལ་དྲག་ཤུགས་སྤྱད་པའི་བདེན་དབང་འཚོལ་སྡུད་བྱས་ཡོད་པ་སོགས་ལུང་འདྲེན་གྱིས། ཉེས་ཡངས་ཚོགས་པའི་ངོས་ནས་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་མུན་ནག་གི་དུས་སྐབས་སུ་གནས་ཚུལ་འབུར་འདོན་བྱེད་ཐུབ་པ་བྱུང་ཡོད་པར་བརྗོད་འདུགགཞི་རྩའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ནི་ཕྱི་ལོ་༡༩༦༡ ལོར་དབྱིན་ཡུལ་དུ་ཚུགས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁེ་མེད་ཚོགས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་ཚོགས་པ་དེའི་ཁྱབ་ཁོངས་སུ་རྒྱལ་སྤྱིའི་ཐོག་ཚོགས་མི་ས་ཡ་བདུན་ཙམ་ཡོད་པ་མ་ཟད། དུས་རྒྱུན་ནས་འཛམ་གླིང་གི་ས་ཕྱོགས་གང་སར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་འབྲུ་དོན་ལྟར། འགྲོ་བ་མི་ཡོངས་ཀྱི་གཅིག་གྱུར་གྱི་གཞི་རྩའི་ཐོབ་ཐང་དང་ཁེ་དབང་སྲུང་སྐྱོབ་ལ་ཤུགས་སྣོན་གྱིས་ཁྲིམས་རྩོད་དང་ཞིབ་འཇུག་སོགས་ཀྱི་ཕྱག་ལས་གནང་མཁན་གྱི་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་ཚོགས་པ་ཆེ་ཁག་ཅིག་ཆགས་ཡོད་ནའང་། ད་ཆ་ཧོང་ཀོང་གི་ནང་དུ་རྒྱ་ནག་གིས་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་གྱིས་མང་ཚོགས་གང་བྱུང་འཛིན་བཟུང་དང་དྲག་གནོན་བྱས་དང་བྱེད་མུས་ཁྲོད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ལས་བྱེད་རྣམས་ཀྱིས་ཧོང་ཀོང་གི་ནང་དུ་འགྲོ་བ་མིའི་ཐོབ་དང་འབྲེལ་བའི་ལས་དོན་གཉེར་རྒྱུར་དཀའ་ངལ་འཕྲད་བཞིན་པ་རེད་འདུག

ཨ་རྒྱ་གཉིས་དབར་གདོང་ཐུག་གི་འགྱུར་འགྲོས་ཆེན་མོ་འོག་བོད་གཙོས་ཤར་ཏུར་ཀི་སི་ཏན་སོགས་ཀྱི་འགྱུར་ལྡོག་བགྲོ་གླེང་། 

༢༠༢༡ ལོའི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དེ་ཐེ་ཝན་གྱི་རྒྱལ་ས་ཐེ་པི་རུ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དང་ཐེ་སྡོད་བོད་རིགས་ཚོགས་པ་ཟུང་སྦྲེལ་གྱིས་གོ་སྒྲིག་ཞུས་འདུག བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི་ཨ་རྒྱ་གཉིས་དབར་གདོང་ཐུག་གི་འགྱུར་འགྲོས་ཆེན་མོ་འོག་བོད་གཙོས་པའི་ཤར་ཏུར་ཀི་སི་ཏན་དང་ནང་སོག ཧོང་ཀོང་། ཐེ་ཝན་གྱི་འགྱུར་ལྡོག་ཆགས་ཀྱི་འདུགཁ་སྔོན་ཚེས་ ༢༣ ཉིན་ཚོགས་པའི་བགྲོ་གླེང་ཚོགས་འདུའི་སྐུ་མགྲོན་གཙོ་བོ་ནི་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Freddy Lim ལགས་གཙོས་མཁས་དབང་དང་སྲིད་དོན་པ། ལས་འགུལ་བ། སྤྱི་ཚོགས་ཞབས་ཞུ་བ་སོགས་མི་གྲངས་ ༦༠ ནས་ལྷན་ཞུགས་གནང་ཡོད་པ་རེད། བགྲོ་གླེང་ཐོག་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་དང་ཧོང་ཀོང་ནི་བོད་དང་ཤར་ཏུར་ཀི་སི་ཐན་བཞིན་གྱུར་ཟིན་པ། གུང་ཁྲན་སྲིད་དབང་འོག་ཏུ་བོད་ཀྱི་རིག་གཞུང་མདུན་ལམ་རྩ་མེད་དུ་འགྲོ་སྲིད་དམ་ཞེས་སོགས་བརྗོད་གཞི་སྣ་མིན་ཐད་གོ་བསྡུར་གནང་འདུགཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་ཞབས་ Freddy Lim ལགས་ཀྱིས་བོད་མི་རྣམས་ནས་འདས་པའི་ལོ་ངོ་ ༧༠ ལྷག་གི་རིང་རྒྱ་ནག་གཞུང་ལ་ཡིད་མ་ཞུམ་པར་གདོང་ལེན་གནང་དང་གནང་མུས་ཡིན་པས་བོད་མི་རྣམས་ཀྱི་ཞུམ་པ་མེད་པའི་བློ་དེ་གཞན་ལ་མིག་དཔེ་ཞིག་ཏུ་གྱུར་ཡོད་པར་མ་ཟད་ཁོང་རང་ཉིད་ནས་བོད་མིས་གཙོས་པའི་བོད་མི་དང་འདྲ་བའི་གཉའ་གནོན་ཅན་གྱི་སྲིད་བྱུས་འོག་མྱོང་བཞིན་པའི་མི་རིགས་ལ་རྒྱབ་སྐྱོར་ཡོད་ཅེས་པའི་གསུང་བཤད་གནང་ཡོད། དེ་བཞིན་ཐེ་ཝན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་ Wang Ting-yu ལགས་ཀྱིས་རྒྱ་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་ཐོག་ཏུ་སྤེལ་བའི་དྲག་གནོན་ཅན་གྱི་སྲིད་བྱུས་དང་ཐེ་ཝན་ལ་ཡང་ཡང་འཇིགས་སྐུལ་སོགས་བྱེད་བཞིན་པར་འཛམ་གླིང་གཉིད་སད་བཞིན་ཡོད་ལ། ལྷག་པར་དུ་ཆེས་ཛ་དྲག་གི་དུས་ཚིགས་འདིའི་ཁྲོད་ད་རེས་ཀྱི་བགྲོ་གླེང་དེ་དུས་དང་འཚམས་པ་ཞིག་དང་སྒོས་ང་ཚོ་ཚང་མས་ནུས་ཤུགས་རྡོག་རྩ་གཅིག་ཏུ་དྲིལ་དགོས་པར་སྐུལ་མ་གནང་ཡོད།ཐའེ་པེ་གྲོང་སྡེ་སྤྱི་ཁྱབ་པ་ལྕམ་སྐུ་ Lin Ying Meng ལགས་ཀྱིས་གྲོང་སྡེ་ལྷན་ཚོགས་ལ་དབུས་བཞིན་ཕྱི་སྲིད་དང་འབྲེལ་བའི་དབང་ཚད་མེད་པ་དང་། གྲོང་སྡེ་ལྷན་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཏེ་ད་ཆ་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་ཡོད་སྐོར་འགྲེལ་བརྗོད་གནང་བར་མ་ཟད་སླད་མར་ཤིན་ཅང་རྒྱབ་སྐྱོར་ཚོགས་པ་ཞིག་ཀྱང་འཛུགས་འཆར་ཡོད་སྐོར་སྙན་སྒྲོན་གནང་ཡོད།བགྲོ་གླེང་ཚོགས་འདུའི་ཐོག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཨ་རི་དང་རྒྱ་དཀར་ནག་གཉིས་ཀྱི་གནས་བབ་གསར་པའི་འོག་བོད་ཀྱི་གནད་དོན་འཕེལ་ཕྱོགས་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་བ་དང་། དོན་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་ཀྱིས་བོད་རྒྱ་དབར་གྲོས་མཐུན་དོན་ཚན་བཅུ་བདུན་སྐོར་རྩོམ་ཡིག་སྒྲོག་སྦྱང་དང་ངོ་སྤྲོད་གནང་ཡོད།གཞི་རྩའི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བགྲོ་གླེང་དེ་ནི་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ལོ་ལྟར་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་ཚོགས་འདུ་ཐོག་ཕྱི་ཕྱོགས་རྒྱལ་ཁབ་ཨ་རི་གཙོས་འཇར་མ་ནི། ཨོ་སི་ཀྲོ་ལི་ཡ། རྒྱ་གར་ནས་ཚོགས་ཞུགས་པས་དྲ་ཐོག་བརྒྱུད་མཉམ་ཞུགས་གནང་ཡོད་པ་དང་།  དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་ཀྱིས་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དེར་རྒྱ་ནག་གཞུང་ནས་དོ་སྣང་ཆེན་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་སྐོར་གསུངས་སོང་།

རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི།

ཕྱི་ལོ་ ༡༩༧༠ ནང་གསར་འཛུགས་བྱུང་བའི་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱིར་བཏང་བཤད་ན་སྔ་ལོ་ནས་ལོ་ངོ་ ༥༠ འཁོར་ཟིན་ཡོད་ཀྱང་། རྒྱ་ནག་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་སྔ་ལོར་དུས་དྲན་སྲུང་བརྩི་ཞུ་ཐུབ་མེད།དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་བཞུགས་སྒར་རྡ་རམ་ས་ལར་ ༥༠ དུས་དྲན་གྱི་མཛད་སྒོ་གཟབ་རྒྱས་ཤིག་སྲུང་བརྩི་ཞུས་ཡོད་པ་མ་ཟད་དེ་བཞིན་ས་གནས་ཁག་ཅིག་ནས་ཀྱང་དེ་ལྟར་སྲུང་བརྩི་ཞུས་ཡོ་པ་རེད།   ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དེ་རིང་བོད་སྒར་བསམ་ཡས་གླིང་གི་སློབ་གྲྭར་ཚོགས་པ་དེ་གསར་འཛུགས་བྱུང་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སླར་ཡང་སྲུང་བརྩི་ཞུ་བཞིན་པ་དང་ས་གནས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་ལྡི་ལི་འདི་ནི་རྒྱ་གར་གྱི་རྒྱལ་ས་ཡིན་པར་མ་ཟད་ལྷག་པར་དུ་ཕྱི་རྒྱལ་དང་མཉམ་འབྲེལ་རྒྱལ་ཚོགས་ལ་སོགས་པའི་རྒྱལ་སྤྱིའི་གནད་ཡོད་ཀྱི་ཚོགས་པ་མང་པའི་གཞུང་ཚབ་ཀྱི་ལྟེ་གནས་ཤིག་དང་ལར་ནས་བོད་མི་ཚོར་ཆ་མཚོན་ན་རང་དབང་འཐབ་རྩོད་ལ་སོགས་པའི་རྒྱུན་ལྡན་ཆབ་སྲིད་ཀྱི་ལས་འགུལ་སྤེལ་སའི་གནད་འགག་ཆེ་བའི་ས་གནས་ཤིག་ཡིན་སྟབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་མི་མང་ལ་ངོ་སྤྲོད་གསལ་པོ་ཞིག་ཡོང་ཐབས་དང། བོད་མིས་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་ཚོས་སྔར་ལྷག་བོད་དོན་ལས་འགུལ་ལ་ནུས་པ་སྤུངས་ཐུབ་ཐབས་སུ་དུས་དྲན་དེ་སྲུང་བརྩི་ཞུ་ཡི་ཡོད་སྐོར་གསུངས་ཡོད།དེ་རིང་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཡུན་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Sham Gambhir མཆོག་གིས་དབུས་པའི་འདེམས་ཐོན་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དཀོན་མཆོག་ཡར་འཕེལ་ལགས། ལྡི་ལི་ས་གནས་འགོ་འཛིན། BTSM རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ Pankaj Goyal དང་། བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཕེབས་འདུག་པ་ལྟར་དབུས་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱུང་རིམ་དང་དགོས་དམིགས་སོགས་ངོ་སྤྲོད་དང་འབྲེལ། གཞོན་ནུ་ལྷན་ཚོགས་ནི་བོད་མིའོ་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འོག་ཤར་བསྐྱོད་བྱེད་མཁན་གྱི་སྒྲིག་འཛུགས་གལ་ཆེན་ཞིག་ཡིན་སྐོར་སོགས་ངོ་སྤྲོད་གནང་ཡོད། སྐུ་མགྲོན་གཙོ་བོ་སྐུ་ཚབས་ Sham Gambhir མཆོག་གིས་རང་ཉིད་བོད་མི་དང་ཐོག་མར་འབྲེལ་བ་བྱུང་བའི་ལོ་རྒྱུས་དང་བར་དུ་ལས་འགུལ་ནང་ཞུགས་ཏེ་ཐེངས་འགའ་ཤས་བཙོན་ཁང་དུ་ཕེབས་དགོས་བྱུང་བ། ལྷག་པར་དུ་འདས་པའི་དུས་ཚོད་ནང་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་མང་ཚོགས་ནས་དོ་སྣང་མི་གནང་ཐབས་མེད་གྱུར་རབས་སོགས་ངོ་སྤྲོད་དང་སྦྲགས། རྒྱ་གར་ལ་ཆ་མཚོན་ན་བོད་དོན་བདེན་མཐའ་སེལ་ཐབས་དེ་རྒྱལ་ཁབ་ཀྱི་བདེ་འཇག་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཞིག་ཡིན་སྐོར་གསུངས་ཡོད།མཛད་སྒོའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་ས་གནས་ཀྱི་རྒྱུན་ལས་ཟུར་པ་ཁག་ཅིག་ལ་ཕྱག་འཁྱེར་གནང་ཡོད་པ་དང་། ཏོག་དབྱིབས་གཉན་རིམ་ཀྱི་དཀའ་ངལ་སྐབས་ས་གནས་ཀྱི་དང་བླངས་ཕྱག་རོགས་གནང་མཁན་དང་། སྨན་ཞབས་པ།  རྒྱུ་དངོས་ཀྱི་མཐུན་འགྱུར་གནང་མཁན་སོགས་ལ་ཡང་ཐུགས་རྗེ་ཆེ་ཞུའི་ཕྱག་འཁྱེར་དང་གཟེངས་རྟགས་སོགས་ཀྱང་གནང་ཡོད། ཕྱི་དྲོར་རིག་གཞུང་འཁྲབ་སྟོན་གནང་རྒྱུ་སོགས་ཀྱི་མཛད་རིམ་གྲ་སྒྲིག་གནང་འདུག

རེས་གཟའ་ཟླ་བ། ༢༠༢༡།༡༠།༢༥

ཉན་པ།: Listen ཕབ་ལེན། Download རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་ཞིག་འཛིན་བཟུང་གིས་བཙན་ཁྲིད་བྱས་འདུག སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གིས་ད་ཡོད་སྲིད་བྱུས་ཁག་ལ་བསྐྱར་ཞིབ་བྱེད་དགོས་པར་གསུངས། རྒྱ་ནག་གིས་མཐའ་མཚམས་དང་འབྲེལ་བའི་ཁྲིམས་སྒྲིག་གསར་བ་ཞིག་གཏན་འབེབས། Enes Kanter ལགས་ཀྱིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གླེང་ནས་རྒྱ་ནག་ལ་སྐྱོན་བརྗོད། རྒྱ་ནག་ནང་དུ་གཉན་རིམས་ཁྱབ་གདལ་གྱི་གནད་དོན་མང་དུ་འགྲོ་བཞིན་འདུག Monday 25/10/2021 Tibetan monk arrested from Ngaba, whereabouts unknown Sikyong in Gangtok; urges China to re-evaluate foreign policy China tightens land border protection with new law amid row with India Kanter denounces China's human rights record again amid backlash Flights cancelled, schools closed as China tries to stamp out new Covid-19 outbreak

རྒྱ་གཞུང་གིས་ད་ཡོད་སྲིད་བྱུས་ཁག་ལ་བསྐྱར་ཞིབ་བྱེད་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་ནས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་རྣམས་རྒྱ་ནག་རང་ཉིད་ཀྱིས་གཙོས་པའི་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་སུ་ལའང་ཕན་ཐོགས་མེད་སྟབས། ད་ཡོད་ཀྱི་སྲིད་བྱུས་ཁག་ལ་བསྐྱར་ཞིབ་བྱེད་དགོས་པར་གསུངས་འདུགསྲིད་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༩ ནས་རྒྱ་གར་བྱང་ཤར་བོད་མི་གནས་ཡུལ་གྱི་ས་ཁུལ་ཀ་རྡོར་སྒང་གསུམ་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་དང་ཁ་ཉིན་ཕྱི་ཚེས་ ༢༣ ཉིན་སྲིད་སྐྱོང་མཆོག་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ལ་ཁུལ་དེར་ཡོད་པའི་གསར་འགོད་པ་ཚོ་དང་ལྷན་དུ་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་གནང་འདུག སྲིད་སྐྱོང་མཆོག་གིས་སྐབས་དེར་ཐེངས་འདིའི་འཚམས་གཟིགས་ནི་གཙོ་བོ་ས་ཁུལ་དེ་དག་ཏུ་ཡོད་པའི་བོད་མིའི་གནས་སྟངས་རྒྱུས་ལོན་གནང་སྟེ་མ་འོངས་པའི་འཛིན་སྐྱོང་གི་ལས་འཆར་བཀོད་སྒྲིག་གནང་ཕྱོགས་དང་འབྲེལ་བ་ཡོད་སྐོར་འགྲེལ་བརྗོད་གནང་འདུགགསར་འགོད་པ་ཞིག་གིས་འབྲས་ལྗོངས་མངའ་སྡེ་དང་བོད་དབར་ས་མཚམས་ཀྱི་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས་རྒྱ་ནག་ཕྱོགས་ནས་མཐའ་མཚམས་ཁག་ཏུ་སྤེལ་བཞིན་པའི་བྱ་སྤྱོད་དང་འབྲེལ་སྲིད་སྐྱོང་མཆོག་གི་ལས་ཡུན་རིང་རྒྱ་ནག་ཐོག་སྲིད་བྱུས་གང་འདྲ་འཛིན་གནང་གི་རེད་དམ་ཞེས་བཀའ་འདྲི་ཞུས་པར་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་དྲུག་ལྷག་གི་གོང་ནས་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ཁག་ཏུ་སྤེལ་བཞིན་པའི་བྱ་སྤྱོད་དེ་དག་ཕྱོགས་གཉིས་ཀར་མི་དགོས་པའི་གནད་དོན་ཞིག་དང་ལྷག་པར་དུ་ཉེ་བའི་ལོ་ཤས་ནས་བཟུང་སྟེ་རྒྱ་ནག་ཕྱོགས་ནས་རྒྱ་གར་གཙོས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དཀའ་ངལ་འཕར་མ་བཟོ་བཞིན་པར་མ་ཟད་རྒྱ་ནག་སྤྱི་དང་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་ནང་ལ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་ཕྱོགས་ཕན་མཚུན་དབར་གྱི་འབྲེལ་བ་བཟང་དུ་གཏང་བར་ཕན་ཐོགས་གང་ཡང་མེད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཏུ་རྒྱ་ནག་གཞུང་གིས་ད་ཡོད་ཀྱི་སྲིད་བྱུས་ཁག་ལ་བསྐྱར་ཞིབ་བྱེད་དགོས་ཀྱི་རེད་ཅེས་གསུངས་ཡོད།རྒྱ་ནག་ལ་ད་ཆ་དཔལ་འབྱོར་དང་དམག་གི་དབང་ཐང་ཡོད་ཀྱང་རྒྱ་སྤྱིའི་འགོ་ཁྲིད་བྱེད་ཐུབ་པའི་བཟང་སྤྱོད་དང་ལྷག་བསམ་འདང་ངེས་ཤིག་མེད་སྟབས། གལ་སྲིད་རྒྱ་ནག་འདི་རྒྱལ་སྤྱིའི་སྣེ་ཁྲིད་ཀྱི་རྒྱལ་ཁབ་ཞིག་ཆགས་པར་འདོད་ཚེ་རྒྱ་ནག་གི་འགོ་ཁྲིད་ཚོ་བཟང་སྤྱོད་དང་ལྷག་བསམ་ལྡན་པ་ཞིག་དགོས་གལ་ཡིན་པར་གསུངས་འདུགསྲིད་སྐྱོང་མཆོག་ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དང་འབྲེལ་བའི་བཀའ་འདྲི་དང་འབྲེལ་ཏེ་རྒྱ་ནག་ཕྱོགས་ནས་དབང་ཤུགས་ཞན་པའི་རྒྱལ་ཁབ་ཚོ་ལ་ངོས་འཛིན་དེ་ཙམ་བྱེད་ཀྱི་མེད་སྟབས་ད་ཆ་རྒྱ་གར་ཕྱོགས་ནས་རྒྱ་ནག་ལ་སྲིད་བྱུས་འཛིན་སྟངས་དེ་སྔ་ལས་ཏོག་ཙམ་མཁྲེགས་ཕྱིན་ཡོད་པ་ནི་འོས་ཤིང་འཚམས་པ་ཞིག་ཡིན་པ་དང་ཚོང་འབྲེལ་གྱི་གནས་བབས་ཐོག་ནས་ཡིན་ཀྱང་འདྲ། རྒྱ་ཁབ་ཕན་ཚུལ་དབར་འབྲེལ་བ་བཟང་པོ་ཞིག་དགོས་ཚེ་ཕྱོགས་གཅིག་ཁོ་ནའི་ཁེ་ཕན་ལ་དམིགས་པའི་སྲིད་བྱུས་མིན་པར་ཕྱོགས་གཉིས་ཀར་ཕན་པའི་སྲིད་བྱུས་ཤིག་འཛིན་གལ་ཡིན་པ་སོགས་གསུངས་འདུགགསར་འགོད་པས་སྲིད་སྐྱོང་མཆོག་གིས་ད་རེས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེ་ནང་གི་འཚམས་གཟིགས་དེ་ཕྱིར་འཐེན་གནང་དགོས་དོན་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་ཁུལ་དེའི་ནང་གི་འཚམས་འཟིགས་ཕྱིར་འཐེན་གནང་བ་དེ་རྒྱ་ནག་ནས་གནོན་ཤུགས་སྤྲད་པའི་དབང་གིས་མིན་པར་ད་ཆ་རྒྱ་དཀར་ནག་གཉིས་དབར་འགྲོ་བཞིན་པའི་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་བའི་གྲོས་མོལ་དེར་དོ་ཕོགས་མི་ཡོང་བའི་ཆེད་དུ་ཡིན་པ་སོགས་འགྲེལ་བརྗོད་གནང་ཡོད། སྲིད་སྐྱོང་མཆོག་ཀ་རྡོར་སྒང་གསུམ་དུ་འཚམས་འཟིགས་གནང་བཞིན་པའི་སྐབས་འདིར་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བཙོ་འགྲུས་ལགས་ཀྱང་ཧི་མཱ་ལ་ཡ་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་དང་འབྲེལ་ཁུལ་དེར་སྦྱོར་ཡོད་སྟབས། གསར་འགོད་པ་ཁག་ཅིག་གིས་སྲིད་སྐྱོང་མཆོག་ཨ་རུ་ནཱ་ཅལ་ཁུལ་དུ་མ་ཕེབས་ཀྱང་བསྟན་འཛིན་བཙོན་འགྲུས་ལགས་ཁུལ་དེར་ཕེབས་འཆར་ཡོད་པའི་ཐོག་ལ་བཀའ་འདྲི་ཞུས་པར་བསྟན་འཛིན་བཙོན་འགྲུས་ལགས་ཀྱི་ལས་འགུལ་དེ་སྲིད་སྐྱོང་མཆོག་གི་འཚམས་གཟིགས་དང་འབྲེལ་བ་གང་ཡང་མེད་པ་མ་ཟད། ཁོང་ནི་བོད་དོན་འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས་ས་གནས་གང་དུ་སྐྱོད་མིན་གྱི་རང་དབང་ཆ་ཚང་ཡོད་པ་སོགས་འགྲེལ་བརྗོད་སྦྲགས། སྲིད་སྐྱོང་མཆོག་བོད་མི་མང་ཚོགས་ཀྱི་སྐུ་ཚབ་མཚོན་གྱི་ཡོད་སྟབས་ཐེངས་འདིའི་འཚམས་འཟིགས་འདི་ཆབ་སྲིད་ཀྱི་ངོ་བོ་མིན་པར་བོད་མིའི་གནས་སྟངས་རྒྱུས་ལོན་དང་འབྲེལ་བ་ཡོད་པ་སོགས་གསལ་བཤད་གནང་ཡོད།གཞི་རྩའི་སྲིད་སྐྱོང་མཆོག་གིས་འདས་པའི་ཉིན་གྲངས་བདུན་ཙམ་གྱི་མཚམས་གཟིགས་ཁྲོད་ཀ་རྡོར་སྒང་གསུམ་ཁུལ་གྱི་བོད་མི་གནས་ཡུལ་གྱི་ས་གནས་སྤྱི་དང་། དགོན་སྡེ་གྲྭ་ཚང་། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་ཡོད་པའི་ཚོགས་སྡེ་ཁག་སོགས་ཀྱི་སྐུ་ཚབ་དང་མང་ཚོགས་རྣམས་ལ་མཇལ་འཕྲད་གནང་སྟེ་ས་གནས་ཀྱི་གནས་སྟངས་རྒྱུས་ལོན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་སོགས་ངོ་སྤྲོད་གནང་ཡོད། ཤེས་རྟོགས་བྱུང་བར་སྲིད་སྐྱོང་མཆོག་སང་ཕྱི་ཚེས་ ༢༦ ཉིན་སྒང་ཏོག་ནས་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལི་དང་དེ་རྗེས་ཡོ་རོབ་ཁུལ་གྱི་བོད་མི་གནས་ཡུལ་གྱི་ས་གནས་ཁག་ཅིག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་རེད།  

Enes Kanter ལགས་ཀྱིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གླེང་ནས་རྒྱ་ནག་ལ་སླར་སྐྱོན་བརྗོད།

ཨ་མི་རི་ཀའི་སིལ་སྤོལ་རྩེད་འགྲན་པ་ Enes Kanter ལགས་ཀྱིས་སྤྱི་ཚོགས་དྲ་ལམ་ཐོག་རྒྱ་ནག་གཞུང་གིས་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནད་དོན་གླེང་བ་དང་སྦྲགས་ཏེ་རྒྱ་ནག་གཞུང་ལ་སླར་ཡང་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ཁ་སྔོན་སྐུ་ཞབས་ Kanter ལགས་ཀྱིས་བསྐྱར་དུ་ Twitter དྲ་ལམ་ཐོག་སྐར་མ་ ༣ ལྷག་གི་བརྙན་ཞིག་བཞག་ཐོག་རྒྱ་གཞུང་གིས་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེ་གྲངས་ཉུང་མི་རིགས་ཐོག་མནར་གཅོད་དང་བཙན་གཡེམ། སྐྱེ་སྒོ་བཀག་པ་དང་ནང་མི་ཁ་བྲལ་གཏོང་བ། དེ་བཞིན་འཛིན་བཟུང་བཀག་ཉར་གྱིས་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་ནང་བཏང་བ་དང་ངལ་རྩོལ་སོགས་བྱེད་འཇུག་པ་ལུང་འདྲེན་དང་འབྲེལ། ད་ལྟའི་ཆར་ཁོང་གིས་བཀའ་མོལ་དེ་དག་གནང་བཞིན་པའི་དུས་ཚོད་དུའང་རྒྱ་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་སྟབས་ཡུ་གུར་གྱི་ས་ཁུལ་ནི་ད་ཆ་བཙོན་ར་ལྟ་བུར་གྱུར་ཡོད་སྐོར་གསུངས་འདུག དེ་བཞིན་ཁོང་གིས་ང་ཚོ་ཚང་མས་རྒྱ་གཞུང་གིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་སྐོར་ཁྱབ་གདལ་ངེས་པར་དུ་གནང་ནས་རྒྱ་གཞུང་ནས་ཡུ་གུར་མི་རིགས་ཚོ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་དགོས་ཞེས་དང་ཆབས་ཅིག་རྒྱལ་སྤྱིའི་ཁྲོད་ཁ་ཆེའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཡུ་གུར་གྱི་གནད་དོན་ཐད་ལ་གང་ཡང་མ་གསུང་པར་ཁུ་སིམ་པོར་བཞུགས་པར་སྐྱོན་བརྗོད་གནང་བ་མ་ཟད་པ་ཀིས་ཐན་གྱི་སྲིད་བློན་ཨིམ་རན་ཁཱན་དང་སཱརྡི་ཨ་ར་བྷིའི་རྒྱལ་པོ་ Mohammed bin Salman དེ་བཞིན་ཨི་རན་གྱི་སྲིད་འཛིན་སོགས་ཁག་ཅིག་གི་མིང་འབོད་དེ་ཁྱེད་ཚོས་འགྲོ་བ་མིའི་ཐོབ་ཐང་ལས་ཚོང་དང་དཔལ་འབྱོར་གལ་ཆེར་རྩིས་ཏེ་རྒྱ་ནག་དང་འབྲེལ་བ་བཞག་པ་ནི་ངོ་ཚ་མེད་པ་ཞིག་ཡིན་པ་དང་རང་ཉིད་ཁ་ཆེ་ཡིན་ཟེར་གྱི་ཡོད་ཀྱང་དོན་དངོས་ཐོག་ཁ་ཆེ་མང་ཚོགས་ཀྱི་གནས་བབ་ཐད་ཐུགས་འཁུར་མེད་པའི་གནས་སྟངས་ཤིག་ཡིན་པར་གསུངས་འདུག ཁོང་གིས་ད་དུང་ཁ་ཆེ་མི་རིགས་ཀྱི་རྩེད་འགྲན་པ་ཁག་ཅིག་གི་མིང་འདོན་གནང་སྟེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་འགྲོ་བཞིན་པའི་གནད་དོན་ཐད་ཁ་ཁུ་སིམ་པོར་བཞུགས་དོན་གང་ཡིན་ནམ་ཞེས་འདྲི་རྩད་སོགས་བཏང་སྟེ་ཞི་ཅིན་ཕིང་ལ་སྙིང་མེད་པའི་སྲིད་དབང་སྒེར་འཛིན་པ་ཞེས་ཁོ་ཉིད་དང་རྒྱ་ནག་དམར་ཤོག་ཚོགས་པས་འཕྲལ་མར་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་སྒོ་རྒྱག་དགོས་པར་མ་ཟད་ཡུ་གུར་མི་རིགས་རྩ་མེད་ཀྱི་སྲིད་བྱུས་དེ་མཚམས་འཇོག་དགོས་ཞེས་བརྡ་ལན་ནན་པོ་གནང་ཡོད། སྐུ་ཞབས་ Kanter ལགས་ཀྱིས་རང་ཉིད་ཀྱི་ Twitter དྲ་ལམ་ཐོག་ཞི་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པར་རང་ཉིད་ནས་བདེན་གཏམ་བརྗོད་པ་དེར་དགོངས་སེལ་ཞུ་རྒྱུ་མིན་པ་དང་ཁྱེད་ཚོས་ང་ཉོ་ཐུབ་ཀྱི་མ་རེད། ཞེད་སྣང་སློང་ཐུབ་ཀྱི་མ་རེད། ཁུ་སིམ་པོར་འཇོག་ཐུབ་ཀྱི་མ་རེད་ཅེས་བརྡ་ལན་ཡང་གནང་ཡོད་པ་རེད།གཞི་རྩའི་སྐུ་ཞབས་ Kanter ལགས་ཀྱིས་ཡུ་གུར་གྱི་གནད་དོན་གླེང་བའི་སྔ་རོལ་དུ་ཞི་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་ཀྱིས་རྒྱ་གཞུང་ནས་བོད་མིའི་ཐོག་ཏུ་སྤེལ་བའི་དྲག་གནོན་ཅན་གྱི་སྲིད་བྱུས་སྐོར་གླེང་ཡོད་པ་དང་སྦྲགས། སྤྱི་ཚོགས་དྲ་ལམ་ཐོག་ཁོང་ཉིད་ཀྱི་བརྙན་དེར་བརྒྱུད་སྤེལ་དང་གཟིགས་མཁན་ཧ་ཅང་མང་པོ་བྱུང་ནས་བོད་མི་གཙོས་བོད་དོན་རྒྱབ་སྐྱོར་བས་ཁོང་ལ་དགའ་བསུ་ཞུས་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པའི་ལངས་ཕྱོགས་ལ་འཇུག་མཁན་ཚོས་དགག་པ་ཤུགས་ཆེར་བྱས་ཡོད། ལྷག་པར་གནད་དོན་དེའི་རྐྱེན་གྱིས་རྒྱ་ནག་དང་ཧོང་ཀོང་ལྟ་བུ་ནང་ Kanter ལགས་ཀྱིས་རུ་ཁག་ Boston Celtics གྱི་རྩེད་མོ་ཡོངས་རྒྱང་སྲིང་བྱ་རྒྱུ་ཕྱིར་འཐེན་བྱས་ཡོད་པ་རེད། རྩ་བའི་ཤིན་ཅང་གི་གནད་དོན་དང་འབྲེལ་ཨ་རི་གཙོས་ཨིན་ཡུལ་དང་ཁེ་ན་ཌ།  དེ་བཞིན་ལི་ཐོ་ནི་ཡ་སོགས་མཚོན་པའི་རྒྱལ་ཁབ་ཁག་ཅིག་གིས་རྒྱལ་ཁོངས་སོ་སོའི་གྲོས་ཚོགས་ནང་དུ་ཤིན་ཅང་གི་གནད་དོན་དེ་མི་རིགས་རྩ་གཏོར་གྱི་གནད་དོན་ཞིག་ལ་ངོས་འཛིན་གནང་བ་མ་ཟད།  ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུའང་རྒྱལ་སྤྱིའི་རྒྱལ་ཁབ་ ༤༣ ལྷག་གིས་རྒྱ་ནག་གིས་ཤིན་ཅང་ནང་དུ་ཡུ་གུར་གྲངས་ཉུང་མི་རིགས་མཚོན་པའི་ཁུལ་དེའི་ཆོས་ལུགས་གཞན་གྱི་ཚོགས་སྡེ་ལ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ཡོངས་གྲགས་ཐོག་ནས་སྐྱོན་བརྗོད་ཀྱིས་རྒྱ་ནག་གིས་ཤིན་ཅང་ཁུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྟོག་ཞིབ་རུ་ཁག་གཙོས་ཕྱི་ཕྱོགས་ཀྱི་རང་དབང་ཅན་གྱི་རྟོག་ཞིབ་རུ་ཁག་ཁུལ་དེར་འགྲོ་རྒྱུར་ཆོག་མཆན་སྤྲོད་དགོས་བའི་འབོད་སྐུལ་ཞུས་ཡོད།

རྒྱ་ནག་གིས་མཐའ་མཚམས་དང་འབྲེལ་བའི་ཁྲིམས་སྒྲིག་གསར་བ་ཞིག་གཏན་འབེབས།

རྒྱ་དཀར་ནག་གཉིས་དབར་འདས་པའི་ལོ་གཅིག་དང་ཕྱེད་ཀ་ཙམ་ནས་ས་མཚམས་དང་འབྲེལ་བའི་གནད་དོན་ཐད་དང་གདོང་ཐུག་རིམ་པ་བྱུང་བཞིན་པའི་ཁྲོད། ཉེ་ལམ་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ནས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་གཅིག་སྒྲིལ་དང་མཐའ་མཚམས་ཀྱི་བདག་དབང་སྲུང་སྐྱོབ་ནི་ཧ་ཅང་རྩ་ཆེན་ཡིན་ལུགས་ཀྱི་ངོས་འཛིན་གྱི་ཐོག་ནས།  དེར་འབྲེལ་གྱི་ཁྲིམས་སྒྲིག་གསར་བ་ཞིག་གཏན་འབེབས་བྱས་ཏེ་སང་ལོའི་ཟླ་བ་དང་པའི་ནང་ནས་དངོས་སུ་ལག་བསྟར་བྱེད་རྒྱུ་རེད་འདུགདེ་ཡང་དེ་རིང་རྒྱ་གར་གྱི་གསར་ཁང་ཆེ་ཁག་འདྲ་མིན་ཁག་ཅིག་གི་ཐོག་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ནས་ཟླ་བ་འདིའི་ཚེས་ ༢༣ ཉིན་གཏན་འབེབས་བྱས་པའི་ཁྲིམས་གཞི་དེ་ནི་རྒྱ་ནག་གི་མཐའ་མཚམས་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་གཞི་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། དེ་ནི་རྒྱ་དཀར་ནག་བར་རྩོད་རྙོག་ཅན་གྱི་འཕགས་བོད་མཐའ་མཚམས་ཁག་ལ་ཡང་འབྲེལ་བ་ཆགས་ཡོད་པ་ཞིག་ཡིན་མ་ཟད། རྒྱ་གར་གྱི་དཔྱད་ཞིབ་པ་ཁག་ཅིག་གིས། རྒྱ་ནག་གི་ངོས་ནས་ཐེངས་འདིའི་ཁྲིམས་གཞི་དེ་བརྒྱུད། དེ་སྔོན་ཡུལ་དེའི་མཐའ་མཚམས་ཀྱི་དཔུག་དམག་རྣམས་ཀྱིས་རྒྱ་གར་གྱི་ས་མཚམས་ལ་སིམ་འཛུལ་སོགས་ཀྱི་བྱ་སྤྱོད་རིམ་པ་སྤེལ་བ་རྣམས་ཁྲིམས་མཐུན་བཟོ་ངེས་ཡིན་པའི་ཚོད་དཔག་གནང་བཞིན་ཡོད་པ་རེད་འདུགTimes of India གསར་ཁང་གིས། རྒྱ་ནག་གིས་མཐའ་མཚམས་དང་འབྲེལ་བའི་ཁྲིམས་སྒྲིག་དེ་ལག་བསྟར་བྱས་པ་བརྒྱུད་ནས་མཐའ་མཚམས་ཀྱི་བདེ་འཇགས་ལ་འགྱུར་བ་ཐེབས་མིན་གྱི་ངེས་བ་མེད་ནའང་། ལས་གཞི་དེ་ནས་རྒྱ་གིས་མཐའ་མཚམས་ཁག་ལ་དོ་དམ་བྱ་རྒྱུའི་གདེང་སྤོབས་རྙེད་ཡོད་པ་ཞིག་ཡིན་པ་གསལ་བོར་མཚོན་ཐུབ་ཡོད་པ་འགྲེལ་བརྗོད་གནང་འདུག་པ་དང་། ཁྲིམས་གཞི་དེའི་ནང་དུ་རྒྱ་ནག་གི་བཅིངས་གྲོལ་དམག་མི་དང་ཉེན་རྟོག་རུ་ཁག་སོགས་ཀྱིས་མཐའ་མཚམས་དང་འབྲེལ་བའི་གདོང་ཐུག་གི་རིགས་ལ་ཁ་གཏད་གཅོག་རྒྱུ་དང་།  མཐའ་སྲུང་གི་འགན་འཁྲིར་ཤུགས་སྣོན་གྱིས་དམག་སྦྱོང་གི་རིགས་སྤེལ་རྒྱུ་མ་ཟད། ཆོད་སེམས་བརྟན་པོའི་ཐོག་ནས་ཕྱིའི་སྟོབས་ཤུགས་ལ་ཁ་གཏད་གཅོག་རྒྱུ་ཡིན་ལུགས་བསྒྲགས་འདུག དོན་ཚན་ ༦༢ ཅན་གྱི་ཁྲིམས་སྒྲིག་དེའི་ནང་གཞན་ཡང་མཐའ་མཚམས་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད་དང་གྲོང་ཚོ་གསར་རྒྱག་ལ་ཤུགས་སྣོན་སྔར་ལྷག་བྱེད་རྒྱུ་དང་།དེའི་ཐད་རྒྱ་ནག་བཅིང་འགྲོལ་དམག་དང་། ས་གནས་གཞུང་། དེ་བཞིན་དྲག་ཆས་དམག་བཅས་ཁུངས་སོ་སོའི་འབྲེལ་ཡོད་ལས་འགན་གསལ་བཀོད་བྱས་པ་མ་ཟད། མཐའ་མཚམས་ས་ཁུལ་དུ་ཚོང་གི་ཁྲོམ་རྭ་དང་། དཔལ་འབྱོར་མཉམ་ལས་ཀྱི་དམིགས་བསལ་ས་ཁུལ་འཛུགས་སྐྲུན། གཞན་ཡང་ནད་ཡམས་དང་ཆུ་ལོག མེ་སྐྱོན་སོགས་འབྱུང་བའི་རང་བཞིན་གྱི་གནོད་འཚེ་ཁག་ལ་གདོང་ལེན་གྱི་ལས་གཞི་བཅས་སྤེལ་རྒྱུ་ཡིན་སྐོར་བརྗོད་འདུགའདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ། འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་སུ་ཐེངས་འདིའི་ཁྲིམས་སྒྲིག་དེའི་གལ་གནད་ཀྱི་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། གཞི་རྩའི་རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་ཀྱི་ཁུལ་དུ་འཛུགས་སྐྲུན་དང་སྲུང་སྐྱོབ་སོགས་ཀྱི་མཚོན་པའི་ལས་གཞི་སྣ་མང་ཞིག་སྤེལ་མུས་ཡིན་པ་དང་འབྲེལ་ནས། རྒྱ་ནག་གིས་ཐེངས་འདིར་ཁྲིམས་སྒྲིག་གཏན་འབེབས་བྱས་པ་དེ་ལག་བསྟར་བྱས་པ་ཡིན་ན་བོད་ཀྱི་མཐའ་མཚམས་ཁག་ཏུ་གནས་བའི་བོད་མི་རྣམས་ཀྱི་འགྲོ་འདུག་གི་རང་དབང་ལ་དོ་ཕོག་ཆེན་པོ་ཐེབས་ངེས་ཡིན་པ་མ་ཟད། རྒྱ་ནག་གིས་ཁྲིམས་འགལ་གྱི་བསྙད་འདོགས་འདྲ་མིན་གྱི་ཐོག་ནས་བོད་མི་རྣམས་ལ་དམ་དྲག་ཤུགས་ཆེར་བྱེད་རྒྱུར་དམིགས་པ་ཞིག་ཡིན་སྐོར་གསུངས་ཡོད། གཞི་རྩའི་ཐེངས་འདིའི་ཁྲིམས་གཞི་དེ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཨུ་རུ་སུ་དང་བྱང་ཀོ་རི་ཡ། སོག་ཡུལ། རྒྱ་གར། འབྲུག་ཡུལ་སོགས་ཁྱོན་རྒྱལ་ཁབ་ ༡༤ དང་ས་འབྲེལ་ཡོད་པའི་མཐའ་མཚམས་ས་ཁུལ་སྲུང་སྐྱོབ་ཀྱིས་ཁྲིམས་སྒྲིག་ཐེངས་དང་པོ་དེ་ཆགས་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་ངོས་ནས་ད་བར་ས་འབྲེལ་རྒྱལ་ཁབ་དེ་དག་ཕལ་མོ་ཆེ་དང་མཉམ་དུ་ས་མཚམས་གཏན་འབེབས་ཟིན་ཡོད་ཀྱང་། རྒྱ་གར་དང་འབྲུག་ཡུལ་གཉིས་དང་ལྷན་དུ་ས་མཚམས་ཀྱི་གནད་དོན་སེལ་མ་ཐུབ་པར་དེ་མུར་ལྷག་ཡོད་པ་རེད། རྒྱ་གར་གཞུང་གི་འགྲེལ་བརྗོད་གནང་བར་གཞིགས་ན། རྒྱ་ནག་མི་མང་བཅིང་འགྲོལ་དམག་གིས་སྔར་ལོའི་དབྱར་དུས་ཁོ་ནའི་རིང་རྒྱ་དཀར་ནག་གཉིས་དབར་གྱི་མཐའ་མཚམས་དང་འབྲེལ་བའི་དེ་སྔའི་གྲོས་མཐུན་བཞི་ཙམ་ལ་རྩིས་མེད་རྡོག་རོལ་བྱས་ཡོད་པ་མ་ཟད། རྒྱ་ནག་གི་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་གསལ་ལྟར་ན།ཕྱི་ལོ་ ༢༠༢༠ ལོའི་ལོ་མཇུག་གི་བར་དུ་རྒྱ་ནག་གིས་འཕགས་བོད་མཐའ་མཚམས་སུ་གྲོང་ཚོ་གསར་བ་ ༦༠༠ ལྷག་གསར་འཛུགས་བྱས་ཡོད་པ་དང། སྤྱི་ལེ་ ༣༠༨༠ ལྷག་གི་གཞུང་ལམ་ ༡༣༠ ཙམ་གསར་རྒྱག    གཞན་ཡང་ཉེ་བའི་ལོ་འགའི་རིང་འཕགས་བོད་མཐའ་མཚམས་དང་འབྲེལ་བའི་མེ་འཁོར་ལྕགས་ལམ་དང་གནམ་ཐང་སོགས་ཀྱང་གསར་རྒྱག་བྱས་ཡོད་པ་རེད།རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་Harsh Vardhan Shringlaམཆོག་གིས་རྒྱ་ནག་གིས་བྱང་ཕྱོགས་ལ་དྭགས་ཁུལ་གྱི་འཕགས་བོད་མཐའ་མཚམས་སུ་འཛུགས་སྐྲུན་གྱི་ལས་གཞི་གཉེར་བ་དེ་ཡིས་ཕྱོགས་གཉིས་ཀྱི་མཐའ་མཚམས་དང་འབྲེལ་བའི་ཞི་བདེ་དང་བརྟན་བརླིང་ལ་དོ་ཕོག་ཆེན་པོ་བཏང་ཡོད་པ་ཞིག་ཡིན་པར་བསྒྲགས་ཡོད་དང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་jaishankar མཆོག་གིས་ཀྱང་རྒྱ་ནག་གིས་ཕྱོགས་གཉིས་ཀྱི་མངོན་འདོད་དང་ཞི་བདེ་གཞིར་བཞག་གི་ཐོག་ནས་མཐའ་མཚམས་ཀྱི་དཀའ་རྙོག་སེལ་རྒྱུར་མཉམ་ལས་བྱེད་རྒྱུར་རེ་བ་ཆེན་པོ་ཡོད་པར་གསུངས་ཡོད་པ་རེད།

རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་ཞིག་འཛིན་བཟུང་གིས་བཙན་ཁྲིད་བྱས་འདུག

བོད་ཨ་མདོ་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་རྒྱ་ནག་གིས་ཟླ་བ་འདིའི་ཟླ་འགོར་འཛིན་བཟུང་གིས་བཀག་སྐྱིལ་བྱས་ཡོད་འདུགབཞུགས་སྒར་ཀིརྟི་དགོན་དུ་རྟེན་གཞི་བྱས་པའི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་ཀྱིས་འདི་གའི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཟླ་ ༡༠ ཚེས་འགོ་ཙམ་ལ།  རྒྱ་ནག་དམར་གཞུང་གིས་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ་ལགས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཁོངས་ལྡན་ཤེས་རྟོགས་བྱུང་ཡང་།  ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མི་ཐུབ་པའི་གནས་སུ་ལྷུང་ཡོད་པར་འགྲེལ་བརྗོད་གནང་སོང་། གྲྭ་བློ་བཟང་ཆོས་འཕེལ་ལགས་ནི་ས་བྱི་ལོའི་ཞི་རྒོལ་དང་འབྲེལ་ནས་སྔ་རྗེས་སུ་ཐེངས་གཉིས་ཙམ་ལ་འཛིན་བཟུང་གིས། ཟླ་བ་བཞི་ཙམ་ལ་བཀག་སྐྱིལ་བྱས་མྱོང་ཡོད་པ་ཞིག་ཡིན་པ་དང་།  ད་ཆ་སླར་ཡང་ཐེངས་གསུམ་པར་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་པ་རེད། གཞན་ཡང་ཀ་ཉག་ཚེ་རིང་ལགས་ཀྱིས་ད་ཆ་རྒྱ་ནག་གིས་སྔར་ལྷག་བོད་གཞིས་བྱེས་གཉིས་ཀྱི་དབར་གྱི་འབྲེལ་ལམ་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་དང་འབྲེལ་ནས། ཐེངས་འདིར་འཛིན་བཟུང་བྱས་པའི་གནད་དོན་དེ་ཡང་ཟླ་བ་གཅིག་མ་ཟིན་ཙམ་གྱི་རྗེས་ནས་མ་གཏོགས་གནས་ཚུལ་ཤེས་རྟོགས་བྱེད་མ་ཐུབ་པར་ལྷག་ཡད་ཡོད་པ་ཞིག་ཡིན་སྐོར་གསུངས་ཡོད། གཞི་རྩའི་དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་ནི་རྔ་བ་རྫོང་ཁོངས་ཀྱི་རྔ་སྲིབ་ཀ་ཉག་སྡེ་བ་ནས་ཡིན་ཞིང་།  ་ཁོང་ཆུང་དུས་ནས་་རྔ་བ་ཀིརྟི་དགོན་དུ་གྲྭར་ཞུགས་ཀྱིས་སློབ་གཉེར་གནང་ཞོར་དུ།  ཀིརྟི་དགོན་པ་གཞུང་གི་གློག་ཀླད་སྡེ་ཚན་གྱི་ཕྱག་ལས་གནང་མུས་ཡིན་པ་དང་། དུས་རྒྱུན་ནས་ཁོང་པར་ལེན་སྒྱུ་རྩལ་ལ་དོ་དབྱིངས་ཡོད་མཁན་ཞིག་ཡིན་པ་ཟད། བོད་ཁུལ་དུ་པར་ལེན་འགྲན་བསྡུར་ཁག་ཅིག་གི་ནང་དུ་བྱ་དགའ་ཡར་རེ་འགའ་ཐོབ་མྱོང་མཁན་ཞིག་ཡིན་པ་དང་། ཁོང་གི་ཕ་འདས་བའི་མཚན་ལ་རིག་ཁོ། ཨ་མའི་མིང་ལ་མིང་ལ་ཚེ་རིང་སྐྱིད་ཟེར་ཞིང་། ད་ཆ་ཁོང་དགོང་ལོ་ ༣༤ ཡིན་པའི་གྲྭ་གཞོན་དར་མ་ཞིག་ཡིན་ཆགས་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༢༡།༡༠།༢༤

ཉན་པ།: Listen ཕབ་ལེན། Download བོད་ཀྱི་སཱཙྪའི་བྱུང་བ་དང་ཕན་ཡོན་གླེང་བ། Sunday 24/10/2021 Art and Culture of Tibet : ‘Tsatsa’, Buddhist Stamped Clay Art

Latest news