Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2022

རེས་གཟའ་སྤེན་པ། ༢༠༢༢།༡༢།༣༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སྩལ་བ་དང་འབྲེལ་ཉིན་གསུམ་གྱི་ཆོས་འབྲེལ་མཇུག་སྒྲིལ་བྱུང་བ། ༸གོང་ས་ཏཱ་ལའི་བླ་མའི་འཕགས་བོད་གནའ་རབས་རིག་གཞུང་ལྟེ་གནས་ཁང་གི་སྐོར། གསུང་ཆོས། བྱང་ཆུབ་སེམས་འགྲེལ་སྐོར། Saturday 31/12/2022 His Holiness the Dalai Lama concludes three days teaching in Bodh Gaya Interview on The Dalai Lama Centre for Tibetan and Indian Wisdom His Holiness the Dalai Lama’s teaching : Nagarjuna’s Commentary on Bodhichitta      

༸གོང་ས་མཆོག་གིས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སྩལ་བ་དང་འབྲེལ་ཏེ་ཉིན་གསུམ་གྱི་ཆོས་འབྲེལ་མཇུག་སྒྲིལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གནས་མཆོག་རྡོ་རྗེ་གདན་དུ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སྩལ་བ་དང་འབྲེལ། ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་ལེགས་པར་མཇུག་སྒྲིལ་སོང་།དེ་རིང་ཉིན་གསུམ་པའི་ཆོས་འབྲེལ་ཐོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བ་རྣམས་ལ་སྒྲོལ་མའི་རྗེས་གནང་དབུ་འཛུགས་མ་མཛད་གོང་། མགོན་པོ་༧གང་ཉིད་མཆོག་གིས་རྒྱུན་ལྡན་གསུང་རྒྱུན་ནང་གང་ཟག་གིས་གནས་ལ་བྱིན་གྱིས་བརླབ་པ་དང་། གནས་ཀྱིས་གང་ཟག་ལ་བྱིན་གྱིས་བརླབ་པ་དེ་ལྟར་ཡོད་པ་བཞིན།   ད་རེས་གནས་མཆོག་ཁྱད་པར་ཅན་དེར་འདུ་འཛོམས་བྱུང་བའི་ཆོས་ཞུ་བ་ཚོས་རང་གཞན་འཕྲལ་ཕུགས་གཉིས་ཀར་བྱང་ཆུབ་ཀྱི་སེམས་ཉམས་ལེན་གནང་གལ་ཡིན་པའི་ལམ་སྟོན་བཀའ་སྩལ་དང་ཆབས་ཅིག བོད་རྒྱ་ཧོར་གསུམ་གྱིས་གཙོས་པའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མང་ཚོགས་རྣམས་ནང་པ་སངས་རྒྱས་པའི་ཆོས་དང་དམིགས་བསལ་ལས་འབྲེལ་ཞིག་ཡོད་སྟབས།   སྐབས་བབ་བླ་སློབ་ཡོངས་ནས་འགྲོ་ཀུན་བདེ་བ་དང་།   བར་ཆད་ཞི་བ།  ཚེ་རབས་ནས་ཚེ་རབས་བར་གཞན་དོན་སྒྲུབ་ཐབས་སུ་ཡིད་ཆེས་དང་དད་པ་བརྟན་པོའི་ཐོག་རྗེ་བཙུན་སྒྲོལ་མའི་གཟུངས་བསྔགས་གསོག་སྒྲུབ་དགོས་གལ་ཡིན་པའི་ལམ་སྟོན་སྩལ་ཡོད།༸གོང་ས་མཆོག་གིས་དེའི་རྗེས་སྒྲོལ་མའི་རྗེས་གནང་དངོས་གཞི་སྩལ་གནང་མཛད་པ་མ་ཟད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་བཅས་ཡོངས་སུ་མཇུག་སྒྲིལ་མཛད་པ་དང་འབྲེལ། མགོན་པོ་༧གང་ཉིད་མཆོག་གིས་ཆོས་ཞུ་བ་རྣམས་ནས་དེ་འབྲེལ་དགེ་བའི་ལས་བསགས་པ་དེ་དག་བསྟན་པ་དང་འགྲོ་བའི་དོན་དུ་ཕན་པའི་ཐུགས་སྨོན་མཛད་སོང་།ཐེངས་འདིའི་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་དང་བསྟུན་ཁ་སང་བི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་མ་ཟད། དེ་རིང་ཉིན་མཐའ་མའི་ཆོས་འབྲེལ་ཐོག་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ཀྱང་ཆེད་ཕེབས་ཀྱིས་སྒྲོལ་མའི་རྗེས་གནང་ཞུས་ཡོད་པ་རེད།གཞི་རྩའི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གྲངས་གསུམ་རིང་ཆོས་འབྲེལ་མཛད་པ་དེ་ནི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་རྗེས་གནས་མཆོག་འདིར་ཆོས་འབྲེལ་མཛད་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ཆོས་འབྲེལ་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་གྲངས་ ༦༠ ལྷག་ནས་ཆོས་ཞུ་བ་ཁྱོན་མི་གྲངས་བདུན་ཁྲི་ལྷག་ཆེད་ཕེབས་གནང་ཡོད་པ་མ་ཟད། ཆོས་ཞུ་བ་ཚོས་དུས་ཡུན་རིང་པོ་རྗེས་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་བྱུང་བ་ཤིན་ཏུ་ནས་སྐལ་བ་བཟང་པོ་དང་བསོད་ནམས་ཆེན་པོ་ཡིན་པ་གསུངས་སོང་།

རེས་གཟའ་པ་སངས། ༢༠༢༢།༡༢།༣༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་གནས་མཆོག་རྡོར་གདན་དུ་འབྱོར་ཏེ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་ཐབས་སུ་འབད་དགོས་པའི་བཀའ་སྩལ་བ། ༸གོང་ས་མཆོག་གིས་སྲིད་བློན་མོ་རྡི་མཆོག་གི་ཡུམ་དགོངས་པ་རྫོགས་པར་ཐུགས་གསོ་མཛད་པ། གུ་རུ་སྐྱབས་ལགས་གློད་གྲོལ་བཏང་ཡོད་ཀྱང་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག ཤིན་ཅང་ནང་གི་གནད་དོན་རྟོག་ཞིབ་ཆེད་སྐུ་ཚབ་གཏང་འདོད་ཡོད། རྒྱ་ནང་གིས་བོད་ནས་ཀཐ་མན་ཌུ་བར་མཐུད་རྒྱུའི་མེ་འཁོར་དེ་རྒྱ་གར་གྱི་ས་མཚམས་བར་མཐུད་སྲིད་རྒྱུའི་ཚོད་དཔག ཨོ་སི་ཀྲོ་ལི་ཡའི་སློབ་ཕྲུག་རྣམ་པའི་དགུན་དུས་འཛིན་གྲྭ་དབུ་འཛུགས། Friday 30/12/2022 HHDL urges devotees to bring positive change through this religious teaching Bihar CM calls on Dalai Lama, invites him to Vaishali Dalai Lama offers condolences to PM Modi Guru Kyab released after a year of imprisonment Why should we become a tool for China's propaganda:FM Cavusoglu China rail project aims to link Tibet to Kathmandu, may extend to Indian border First TCV Winter Camp for Australian-Tibetans begins at Bylakuppe      

༸གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་མི་ཚེའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་ཐབས་གནང་དགོས་གལ་ཡིན་པ་བཀའ་སྩལ་བ།

དེ་རིང་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་ཉིན་གཉིས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ནད་ཡམས་ཀྱི་འཇིགས་པ་ཟློག་ཐབས་སུ་ཐུགས་སྨོན་མཛད་པ་མ་ཟད། ཆོས་ཞུ་བ་ཚོས་གནས་དེ་ནས་ཕྱིར་ལོག་རྗེས་རང་ཉིད་ཀྱི་མི་ཚེའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་ཐབས་གནང་དགོས་གལ་ཡིན་པ་ལམ་སྟོན་བཀྲིན་ཆེ་བ་སྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་མ་གནང་བའི་གོང་མགོན་པོ་༸གང་ཉིད་མཆོག་དེ་རིང་སླར་ཡང་གནས་ཁྱད་པར་ཅན་འདིར་ཆོས་འབྲེལ་མཛད་རྒྱུ་བྱུང་བར་སྐལ་པ་བཟང་པོ་བྱུང་ཞེས་བཀའ་སྩལ་དང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་དེ་སྔ་ཉི་ཧོང་གི་ཧི་རོ་ཤི་མར་ཆིབས་བསྒྱུར་མཛད་སྐབས་ཁུལ་དེར་རྡུལ་ཕྲན་མཚོན་ཆའི་རྐྱེན་ངན་འོག་མི་མང་ཁྲི་ཚོ་མང་པོ་རྐྱེན་འདས་སུ་ཕྱིན་པ་ཐུགས་ཕམ་ཧ་ཅང་བྱུང་སྟེ་ཐུགས་སྨོན་རྒྱ་ཆེར་མཛད་ཡོད་སྐོར་ཐུགས་དྲན་གསོ་དང་འབྲེལ། ད་ཆ་དམག་འཁྲུག་དང་མི་བསོད་ཁྲག་སྦྱོར་རིགས་མུ་མཐུད་ཡོང་གི་ཡོད་ཀྱང་། རྡུལ་ཕྲན་གྱི་འཇིགས་པ་བསྐྱར་ཟློས་ཡོང་གི་མེད་པ་མ་ཟད། ནད་ཡམས་ཀྱི་འཇིགས་པ་གསར་པ་ཞིག་ཡོང་གི་ཡོད་སྟབས། དེ་རིང་གནས་ཁྱད་པར་ཅན་དེར་ཆོས་ཞུ་བ་ཐོུང་ནས་ཐུགས་སྨོན་རྒྱ་གང་ཆེ་གནང་དགོས་གལ་ཡིན་པ་བཀའ་སྩལ་མཛད་ཡོད།༸གོང་ས་མཆོག་གིས་ད་དུང་གནས་མཆོག་འདིར་འདུ་འཛོམས་བྱུང་བའི་ཆོས་ཞུ་བ་ཚོས་ཉིན་རེ་བཞིན་དཔྱད་སྒོམ་དང་འཇོག་སྒོམ་ཟུང་སྦྲེལ་ཐོག་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་གནང་ཚེ་ནུས་པ་དམིགས་བསལ་ཞིག་འདོན་རྒྱུ་ཡོད་པ་བཀའ་སྩལ་དང་འབྲེལ། ཆོས་ཞུ་བ་རྣམས་གནས་མཆོག་འདི་ནས་ཕྱིར་ལོག་རྗེས་རང་ཉིད་ཀྱི་མི་ཚེའི་ནང་ངེས་པར་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་ཐབས་སླད་འབད་བརྩོན་བྱ་དགོས་གལ་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་སྩལ་གནང་མཛད་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་འཕྲོ་སྐྱོང་མཛད་ཡོད།མཛད་འཆར་ལྟར་ན་སང་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བ་རྣམས་ལ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀྲིན་སྩལ་རྒྱུ་ཡིན་པ་རེད།ཕྱོགས་མཚུངས་ད་ཆ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་པ་དང་བསྟུན། དེ་རིང་ཉིན་རྒྱབ་བི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏེཤ་ཀུ་མཱར་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་༸རྒྱལ་བའི་བཞུགས་གནས་སུ་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཏེ། གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་གནང་ཡོད།སྤྱི་ཁྱབ་བློན་ཆེན་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་གནས་གཟིགས་ཁག་གྲུབ་མཚམས་སུ་འདི་གའི་ཆེད་གཉེར་གསར་འགོད་པས་སྤྱི་ཁྱབ་བློན་ཆེན་མཆོག་ལ་བཀའ་འདྲི་ཞུ་སྐབས། ཁོང་གིས་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་གཉིས་རིང་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་མཛད་ཐུབ་མེད་པ་དང་། ཐེངས་འདིར་མགོན་པོ་༸གང་ཉིད་མཆོག་གནས་མཆོག་འདིར་ཆིབས་བསྒྱུར་མཛད་ཡོད་སྟབས་འཕྲལ་དུ་མཇལ་ཁར་བཅར་བ་དང་ལྷན། གནས་ཡངས་པ་ཅན་དུ་ནང་པའི་བསྟི་གནས་ཤིག་གསར་དུ་བཞེངས་བསྐྲུན་གནང་བཞིན་ཡོད་སྟབས། དེ་གྲུབ་མཚམས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་བསྒྱུར་བཀའ་དྲིན་མཛད་རྒྱུའི་གསོལ་འདེབས་ཡང་ཞུས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

གུ་རུ་སྐྱབས་ལགས་གློད་བཀྲོལ་བཏང་ཡང་རྟོག་ཞིབ་དམ་པོའི་འོག་གནས་འདུག

བོད་མདོ་སྨད་ཨམ་མདོ་མགོ་ལོག་ཆིག་སྒྲིལ་རྫོང་དཔལ་ཡུལ་རུ་ཁག་གསུམ་པ་ནས་ཡིན་པའི་བོད་པའི་གཞོན་སྐྱེས་གུ་རུ་སྐྱབས་ལགས་བཙན་བྱོལ་ལ་བྲོས་བྱོལ་དུ་ཕེབས་རྗེས་ཕྱི་ལོ་   ༢༠༡༦   ཡས་མས་སུ་རང་གི་ཕ་ཡུལ་ལ་ཕྱིར་ལོག་སྐབས་ས་གནས་ཉེན་རྟོག་པས་ཁོང་གིས་བཙན་བྱོལ་ནང་བོད་མི་མང་པོ་དང་ལྷན་དུ་འབྲེལ་བ་བྱས་འདུག་ཟེར་བའི་ཉེས་འཛུགས་འོག་ཁོང་ལ་ལོ་གཅིག་ལྷག་བཙོན་འཇུག་བྱས་ཏེ། འདི་ལོའི་ཕྱི་ཟླ་   ༡༡  ནང་ཁོང་བཙོན་གྲོལ་ཐོབ་ཡོད་ཀྱང་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་མུ་མཐུད་རྟོག་ཞིབ་དམ་པོ་བྱེད་མུས་ཡིན་པ་རེད་འདུགའདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས་གུ་རུ་སྐྱབས་བཙོན་འཇུག་གང་དུ་བཅུག་མིན་དང་ཉེས་ཆད་གང་བཏང་ཡོད་མེད་སོགས་ཤེས་ཐབས་བྲལ་ཡང་ཉེ་ཆར་ཕྱི་ཟླ་    ༡༡ ནང་གུ་རུ་སྐྱབས་ལགས་གློད་བཀྲོལ་བཏང་ཡང་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་ཉེན་རྟོག་པས་རྟོག་ཞིབ་དམ་པོ་བྱེད་བཞིན་ཡོད་པ་མ་ཟད། བཙན་བྱོལ་ནས་བོད་དུ་ལོག་པའི་བོད་མིར་དོགས་གཟོན་བྱ་ཡུལ་ཁོངས་སུ་བཅུག་ནས་ཁོང་གི་ཁ་པར་ཨང་གྲངས་དང་། ཐོབ་ཐང་དཔང་ཡིག་སོགས་ཐོ་འགོད་བྱེད་དུ་བཅུག་གི་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་། གཞི་རྩའི་གུ་རུ་སྐྱབས་ལགས་ནི་ད་ལྟའི་ཆར་རང་ལོ་  ༣༦ ལ་སོན་གྱི་ཡོད་པ་རེད་འདུག པར་དབང་བོད་ཀྱི་དུས་བབ།

རེས་གཟའ་ཕུར་བུ། ༢༠༢༢།༡༢།༢༩

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་རྡོར་གདན་དུ་བཀའ་ཆོས་དབུ་འཛུགས་མཛད་པ། བོད་པའི་བུ་མོ་ཞིག་ལ་མཐོ་སློབ་ཀྱི་གསེར་གྱི་གཟེངས་རྟགས་ཐོབ་པ། འཕྲོད་བསྟེན་ཤེས་བྱའི་ངོ་སྤྲོད། གསོ་བ་རིག་པ་ལས་གཉན་རིམས་སྐོར། Thursday 29/12/2022 Dalai Lama begins teaching to over 70,000 devotees in Bodh Gaya Tibetan girl wins gold in Pharmaceutical education and research Health and Wellness: Epidemic treatment in Tibetan medicine      

༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བ་བདུན་ཁྲི་ལྷག་ལ་ཆོས་འབྲེལ་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བ་བདུན་ཁྲི་ལྷག་ལ་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་འབོག་པར་མཛད་པ་དང་ཆབས་ཅིག་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་དབུ་འཛུགས་མཛད་སོང་།༸གོང་ས་མཆོག་གིས་ཆོས་འབྲེལ་གྱི་སྔོན་འགྲོར་གནས་མཆོག་རྡོ་རྗེ་གདན་ནི་ནང་པ་སངས་རྒྱས་པའི་གནས་ཀྱི་ནང་ནས་གཙོ་བོ་དེ་ཡིན་པ་དང་།    ཆོས་ཀྱི་སྙིང་པོ་ནི་རང་ཉིད་ཀྱི་སེམས་རྒྱུད་འདུལ་བར་བྱ་རྒྱུ་དེ་ཡིན་པའི་ལམ་སྟོན་དང་འབྲེལ།   རྒྱུན་དུ་གཞན་གཅེས་འཛིན་གྱི་བསམ་བློ་དགོས་གལ་ཡིན་པའི་ལམ་སྟོན་བཀྲིན་སྩལ་སོང་།མགོན་པོ་༸གང་ཉིད་མཆོག་གིས་ད་དུང་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་འགྲོ་བ་མི་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང་། ཉིན་ལྟར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་གནང་ཐུབ་ཚེ་ཕན་ཡོན་ཆེན་པོ་ཡོད་སྐོར་བཀའ་སྩལ་དང་སྦྲགས། བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་འབོག་པར་མཛད་གནང་བ་དང་ཆབས་ཅིག བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དངོས་གཞི་བཀྲིན་བསྐྱངས་གནང་མཛད་ཡོད་།གཞི་རྩའི་ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་དེ་ནི།   ཏོག་དབྱིབས་གཉན་རིམས་གྱི་ནད་གཞི་ཁྱབ་གདལ་རྗེས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ཆོས་འབྲེལ་དེར་རྒྱ་བལ་འབྲུག་གསུམ་གྱི་བོད་མིས་གཙོས་ཧི་མཱ་ལ་ཡའི་རི་བརྒྱུད་ཀྱི་དད་ལྡན་མང་ཚོགས་དང་།  ལྷག་པར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༠ ལྷག་ནས་ཆོས་ཞུ་བ་སྟོང་ཕྲག་འགའ་ཤས་ཆེད་ཕེབས་ཀྱིས་དུས་འཁོར་ཐང་ཆེན་འདི་ཉིད་ཆོས་ཞུ་བའི་ཁེངས་འདུག་པ་མ་ཟད།  ཆོས་ཞུ་བ་མང་པོ་ཞིག་ཆོས་རའི་ཕྱི་ཕྱོགས་སུ་བཞུགས་ཏེ་གསུང་ཆོས་ཞུ་བཞིན་ཡོད་པ་མངོན་རྒྱུ་འདུག

རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་དབར་གྱི་ལྷན་ཚོགས་རེ་ཞིག་མཇུག་སྒྲིལ་བ།

ཟླ་བ་འདིའི་ཕྱི་ཚེས་ ༢༧ ཉིན་རྡོར་གདན་དུ་རྟེན་གཞི་བྱས་པའི་ཝཱ་ཊ་པཱ་དགོན་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ལོ་ལྔའི་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་དབུ་འབྱེད་དང་འབྲེལ། ཉིན་གྲངས་གཉིས་རིང་གི་ཚོགས་འདུ་དེ་རིང་རེ་ཞིག་མཇུག་སྒྲིལ་སོང་། ཁ་སང་ཉིན་དང་པོའི་ཚོགས་འདུའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་དེའི་གལ་གནད་སྐོར་ལམ་སྟོན་བཀྲིན་སྩལ་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱི་དབུ་ཁྲིད་ཁག་གཅིག་དབུ་བཞུགས་ཐོག ནང་པ་དང་དེང་རབས་ཞེས་པའི་བརྗོད་གཞིའི་ཐད་བཀའ་སློབ་ལམ་སྟོན་དང་བཀའ་འདྲི་དགོངས་སྐོར་ཁག་ཅིག་ལ་བཀའ་ལན་སྩལ་ཡོད།དེ་རིང་ཚོགས་འདུ་མཇུག་སྡོམ་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བྱང་རྩེ་ཆོས་རྗེ་༸སྒོ་སོག་རིན་པོ་ཆེ་མཆོག་དབུ་བཞུགས་གནང་ཡོད་པ་དང་། སྐབས་དེར་རྭ་སྟོད་དགོན་པའི་མཁན་རིན་པོ་ཆེ་དགེ་ཤེས་ཐུབ་བསྟན་ལྷུན་གྲུབ་མཆོག་གིས་དབུས་པའི་པཱ་ལི་ཆོས་བརྒྱུད་ཀྱི་ཤྲི་ལངྐའི་སྐུ་ཚབ་དང་རྒྱ་གར་གྱི་སྐུ་ཚབ་བཅས་ནས་ད་ལྟའི་དུས་རབས་ ༢༡ དེར་ནང་པ་སངས་རྒྱས་པའི་བསྟན་པ་མི་ཉམས་རྒྱུན་འཛིན་གནང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་སོགས་གནང་ཡོད།མ་ཟད་རྭ་སྟོད་མཁན་རིན་པོ་ཆེ་དགེ་ཤེས་ཐུབ་བསྟན་ལྷུན་གྲུབ་མཆོག་གིས་དེང་གི་དུས་རབས་ ༢༡ ནང་དྲ་རྒྱ་དང་འཕྲུལ་ཆས་སོགས་ཀྱི་དབང་དུ་མ་སོང་བར་དེ་དག་ལ་བཟང་སྤྱོད་ཀྱི་ཐོག་ནས་གདོང་ལེན་བྱེད་ཐབས་སྐོར་དང་། ལྷག་པར་གློག་འཕྲིན་དྲ་བ་སོགས་ཀྱི་མཐུན་རྐྱེན་བེད་སྤྱོད་བརྒྱུད་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་གནང་ཐབས་ལ་འབད་བརྩོན་གནང་དགོས་གལ་སོགས་ཀྱི་བཀའ་སློབ་གནང་ཡོད།རྒྱ་གར་གྱི་མཁས་པ་ Dr. Buddha priya Mahathero མཆོག་གིས་དུས་རབས་ ༡༩ ནས་ ༢༡ བར་གྱི་ནང་ཆོས་ཀྱི་འགྱུར་བགྲོས་སོགས་ཀྱི་ཐད་ལ་གསུང་བཤད་གནང་ཡོད།གཞི་རྩའི་ཐེངས་འདིའི་པཱ་ལི་དང་ལེགས་སྦྱར་དགེ་འདུན་པའི་དབར་གྱི་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་དེ་ནི་ལོ་ལྔ་ཅན་གྱི་ལས་གཞི་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༨ ལོར་ལས་གཞི་དེ་ཐོག་མ་འགོ་འཛུགས་པའི་སྐབས་ནས་ལྷན་ཞུགས་གནང་མཁན་གྲས་སུ་ཡོད་པའི་སེར་བྱེས་སྐུ་ཤོགས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གསུངས་པ་ལྟར་ད་ནས་བཟུང་ལས་འཆར་དེའི་ཆ་ཤས་སུ་གཏོགས་པའི་ཆོས་བརྒྱུད་སོ་སོའི་སློབ་གཉེར་བ་དང་མཁས་པ་སོགས་ཕྱོགས་སོ་སོའི་དགོན་སྡེ་དང་སློབ་གཉེར་ཁང་ལ་ཕེབས་ཏེ་ཉིན་རེའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་ལ་སྦྱང་བཤད་བྱེད་རྒྱུའི་མཚོན་སྒོ་གང་ས་ནས་ཉམས་མྱོང་གསོག་སྒྲུབ་གནང་རྒྱུ་ཡིན་སྐོར་གསུངས་སོང་།

རེས་གཟའ་ལྷག་པ། ༢༠༢༢།༡༢།༢༨

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་ཁྲིམས་སྒྲིག་གཏན་འབེབས་བྱ་འཆར་ཡོད་པ། རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་ལྷན་ཚོགས་མཇུག་སྒྲིལ། རྒྱ་ནག་ལ་གདོང་ལེན་ཆེད་ཐེ་ཝན་གྱི་རྒྱལ་སྲུང་དམག་སྦྱོང་དུས་ཚོད་རིང་དུ་བཏང་བ། ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས་སྐོར་གླེང་བ། Wednesday 28/12/2022 China relocates Tibet’s nomads in garb of ecological conservation Pali and Sanskrit Bikkhu exchange Program concludes Taiwan extends mandatory military service period to counter China threat Ngenpa Guzom, the Day of Nine Bad Deeds      

Latest news