Tibetan Royal Year of 2151 | Year of the Wood Dragon

དཔལ་ས་སྐྱའི་ཞི་བདེ་སྨོན་ལམ་ཆེན་མོ་ཐེངས་གཉིས་པ་ཕ་རན་སིར་ཚོགས་གནང་སོང་།

Tibetan News Headlines

  • US Religious Freedom report highlights China’s persecution of Tibetan Buddhism in Tibet
  • Representative Kelsang Gyaltsen meets deputy minister of Taiwan’s ministry of the interior
  • Thousands of Chinese tech workers fails to get Indian visa over security concerns
  • ORTC holds training on organic agriculture and watershed management for Tibetan settlement officers

རེས་གཟའ་ཕུར་བུ། ༢༠༢༤།༠༦།༢༧

  • རྒྱ་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་རྒྱལ་མཚམས་བརྒལ་ཏེ་དྲག་གནོན་ཆེས་ཆེར་བྱེད་བཞིན་པ་མངོན་གསལ།
  • ཐའེ་ཝན་སྐུ་ཚབ་དོན་གཅོད་ནས་ཐའེ་ཝན་ནང་སྲིད་བློན་ཆེན་དང་ལྷན་དུ་མཇལ་འཕྲད་གནང་བ།
  • རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་རྩོད་རྙོག་ཁྲོད་རྒྱ་ནག་གི་འཕྲུལ་རིགས་ལས་མི་སྟོང་ཕྲག་མང་པོར་རྒྱ་གར་གྱི་མཐོང་མཆན་རག་གི་མེད་པ།
  • སོ་ནམ་གཞིས་ཆགས་ཁག་ ༡༢ ཡི་ས་གནས་འགོ་འཛིན་རྣམས་ལ་སོ་ནམ་དང་ས་ཆུ་བདག་གཅེས་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་བ།

འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་གིས་དབུ་བཞུགས་ཐོག་དཔལ་ས་སྐྱའི་འཇིན་རྟེན་ཞི་བདེ་སྨོན་ལམ་ཆེན་མོ་ཐེངས་གཉིས་པ་འདི་བཞིན་ཟླ་བ་འདིའི་ཕྱི་ཚེས་ ༣༠ ཉིན་ནས་དེ་རིང་བར་ཉིན་གྲངས་གསུམ་གྱི་རིང་ཡོ་རོབ་རྒྱལ་ཁབ་ཕ་རན་སིའི་རྒྱལ་ས་པེ་རིས་ནང་སྐོང་ཚོགས་དང་འབྲེལ། དེ་རིང་ནང་པའི་ཆོས་ཕྱོགས་ཀྱི་དུས་བཟང་དྲུག་པ་ཚེས་བཞི་སྟེ་ཆོས་འཁོར་དུས་ཆེན་ཉིན་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་ནས་ས་གནས་སུ་ཡོད་པའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་ཐང་རྒྱལ་ལོ་བརྒྱ་མའི་ཚེ་དབང་བཀྲིན་སྩལ་གནང་མཛད་སོང་།སྤྱིར་དཔལ་ས་སྐྱའི་ཞི་བདེའི་སྨོན་ལམ་ཆེན་མོ་དེ་ཡང། རྒྱ་གར་དབུས་པས་ཡོ་རོབ་དང་ཨ་རི་བཅས་སུ་ཡན་ལག་ས་སྐྱའི་སྨོན་ལམ་ཚོགས་པ་ནས་ས་གནས་ཁག་སོ་སོར་གོ་སྒྲིག་གནང་སྲོལ་ཡོད་པ་ལྟར། ཡོ་རོབ་ཁུལ་དུ་ས་སྐྱའི་ཞི་བདེ་སྨོན་ལམ་ཆེན་མོ་ཐེངས་དང་པོ་དེ་བཞིན་ཕྱི་ལོ་ ༢༠༡༩ ལོར་ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་ནང་སྐོང་ཚོགས་གནང་ཡོད་པ་དང་། ཐེངས་གཉིས་པ་འདི་བཞིན་ཡོ་རོབ་ས་སྐྱའི་སྨོན་ལམ་ཚོགས་པ་དང་པེ་རིས་བརྩེ་ཆེན་ཚོགས་པ་གཉིས་མཐོུང་གིས་གོ་སྒྲིག་འོག་ཕ་རན་སིའི་རྒྱལ་ས་པེ་རིས་ནང་སྐོང་ཚོགས་གནང་བ་ཞིག་ཡིན་འདུག
སྨོན་ལམ་གོ་སྒྲིག་ཚོགས་ཆུང་པེ་རིས་བརྩེ་ཆེན་ཚོགས་པའི་ཚོགས་གཙོ་རྒན་ངག་དབང་དཔལ་འབྱོར་ལགས་ཀྱིས་ས་གནས་སུ་ཡོད་པའི་ཕྱི་ནང་དད་ལྡན་ཆོས་ཞུ་བ་ཚོར་ནད་ཡམས་རྗེས་སུ་༸གོང་མ་རིན་པོ་ཆེ་ཞལ་མཇལ་དང་བཀའ་སློབ་བཀའ་དབང་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་ཞུས་ཀྱི་ཡོད་སྐོར་གསུངས་ཡོད།ད་རེས་སྨོན་ལམ་ཆེན་མོ་འདིའི་ཐོག་འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་གིས་དབུས་པའི་དཔལ་ས་སྐྱ་ཁྲི་འཛིན་༤༣ པ་འཁོན་གདུང་ཛྙཱ་ན་བཛྲ་རིན་པོ་ཆེ་མཆོག་དང་བསྟན་བདག་བླ་ཆེན་རྣམས་ཆེད་ཕེབས་ཀྱིས་ལྷན་བཞུགས་གནང་ཡོད། སང་ཉིན་ཕྱི་ཚེས་ ༢ ཉིན་ཕ་རན་སི་བརྩེ་ཆེན་ཚོགས་པའི་གོ་སྒྲིག་འོག་འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ཡིན་འདུགརྩ་བའི་ད་རེས་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་ནས་ཡོ་རོབ་རྒྱལ་ཁབ་ཇར་མ་ནི་དང་སྦེལ་ཇམ། ཕ་རན་སི་དང་སུད་སི། དེ་བཞིན་སེ་པན་དང་དབྱིན་ཡུལ་བཅས་རྒྱལ་ཁབ་དྲུག་ནང་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་ཆོས་ཕྱོགས་མཛད་འཆར་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།