Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་གྱི་རྒྱལ་མོ་ Elizabeth གཉིས་པ་མཆོག་དགོངས་པ་རྫོགས་པར་ཐུགས་གསོ་མཛད་འདུག

Tibetan News Headlines

  • US Religious Freedom report highlights China’s persecution of Tibetan Buddhism in Tibet
  • Representative Kelsang Gyaltsen meets deputy minister of Taiwan’s ministry of the interior
  • Thousands of Chinese tech workers fails to get Indian visa over security concerns
  • ORTC holds training on organic agriculture and watershed management for Tibetan settlement officers

རེས་གཟའ་ཕུར་བུ། ༢༠༢༤།༠༦།༢༧

  • རྒྱ་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་རྒྱལ་མཚམས་བརྒལ་ཏེ་དྲག་གནོན་ཆེས་ཆེར་བྱེད་བཞིན་པ་མངོན་གསལ།
  • ཐའེ་ཝན་སྐུ་ཚབ་དོན་གཅོད་ནས་ཐའེ་ཝན་ནང་སྲིད་བློན་ཆེན་དང་ལྷན་དུ་མཇལ་འཕྲད་གནང་བ།
  • རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་རྩོད་རྙོག་ཁྲོད་རྒྱ་ནག་གི་འཕྲུལ་རིགས་ལས་མི་སྟོང་ཕྲག་མང་པོར་རྒྱ་གར་གྱི་མཐོང་མཆན་རག་གི་མེད་པ།
  • སོ་ནམ་གཞིས་ཆགས་ཁག་ ༡༢ ཡི་ས་གནས་འགོ་འཛིན་རྣམས་ལ་སོ་ནམ་དང་ས་ཆུ་བདག་གཅེས་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་བ།

ཁ་སང་ཕྱི་ཟླ་ ༩ ཚེས་ ༨ ཀྱི་ཕྱི་དྲོར་དབྱིན་ཡུལ་དུ་རྒྱལ་ཁྲི་ལོ་ངོ་བདུན་བཅུའི་རིང་བསྐྱངས་གནང་མཁན་དབྱིན་ཇིའི་རྒྱལ་མོ་ Elizabeth གཉིས་པ་དགུང་གྲངས་ ༩༦ ཐོག་ Scotland གྱི་བཞུགས་གནས་ཕོ་བྲང་ Balmore རུ་དགོངས་པ་རྫོགས་པར་དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཞིང་གཤེགས་དམ་པ་རྒྱལ་མོ་ Elizabeth གཉིས་པ་མཆོག་གི་སྲས་སམ་དབྱིལ་ཡུལ་གྱི་རྒྱལ་པོ་ Charles གསུམ་པ་མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་སྩལ་ཏེ། ཕོ་བྲང་གི་སྐུ་འཁོར་ཡོངས་དང་དབྱིན་ཡུལ་གྱི་མང་ཚོགས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཛད་འདུག
སྤྱིར་འཛམ་བུ་གླིང་དང་སྒོས་དབྱིན་ཡུལ་གྱི་རྒྱལ་རབས་ནང་ཁྲི་འཛིན་ཡུན་རིང་ཤོས་གནང་མཁན་དབྱིན་ཇིའི་རྒྱལ་མོ་ Elizabeth གཉིས་པ་མཆོག་ནི་ཕྱི་ལོ་ ༡༩༢༦ ལོའི་ཕྱི་ཟླ་ ༤ ཚེས་ ༢༡ ཉིན་ London དུ་སྐུ་འཁྲུངས་ནས་ཕྱི་ལོ་ ༡༩༥༢ ལོར་དབྱིན་ཡུལ་གྱི་རྒྱལ་པོ་དགོངས་པ་རྫོགས་རྗེས་ཁྲི་ལ་ཕེབས་ནས་དེ་རིང་གི་བར་དུ་ལོ་ངོ་ ༧༠ རིང་དབྱིན་ཇིའི་རྒྱལ་སྲིད་བསྐྱངས་པ་དང་། དམ་པ་ཁོང་གིས་དུས་ཡུན་དེའི་ནང་དབྱིན་ཇིའི་སྲིད་བློན་ ༡༥ འཕོ་འགྱུར་བྱུང་ཡོད་པ་མ་ཟད། ཉིན་གྲངས་གཉིས་ཀྱི་གོང་དུ་རྒྱལ་མོ་ Elizabeth དམ་པ་མཆོག་གིས་ལྕམ་སྐུ་ Truss ལགས་དབྱིན་ཇིའི་སྲིད་བློན་ ༡༥ པར་བསྐོ་བཞག་གནང་མ་ཐག་ཡིན་པ་རེད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་གྱི་རྒྱལ་པོ་ Charles III མཆོག་ལ་སྩལ་བའི་ཐུགས་གསོའི་གསུང་འཕྲིན་དེའི་ནང་ངོས་རང་བོད་ནང་དུ་ཕྲུ་གུ་ཆུང་ཆུང་ཡིན་སྐབས་དུས་དེབ་ཐོག་ཏུ་རྒྱལ་མོ་མཆོག་གི་ཁྲི་སྟོན་གྱི་མཛད་སྒོའི་སྐུ་པར་མཇལ་མྱོང་ཡོད་ཅེས་དྲན་གསོ་མཛད་པ་དང་སྦྲགས། རྒྱལ་མོ་མཆོག་གིས་དབྱིལ་ཡུལ་ལ་རྒྱལ་སྲིད་་དུས་ཡུན་རིང་ཤོང་བསྐྱངས་པ་དེས་མང་ཚོགས་སྟོང་ཕྲག་མང་པོར་རྟེན་འབྲེལ་དང་སེམས་འགུལ། ལྷག་དོན་རྒྱུན་གནས་ཀྱི་འདུ་ཤེས་ཡིད་བརྟན་འཕེར་བ་སྦྱིན་ཡོད་སྐོར་བཀའ་སྩལ་འདུག
༸གོང་ས་མཆོག་གིས་ Charles III མཆོག་ལ་ད་དུང་རྒྱལ་ཡུམ་མཆོག་སྐུ་འཚོ་བཞུགས་རིང་ལ་ཆེ་མཐོང་དང་གཟི་བརྗིད། ཞབས་ཞུ་དང་གཞན་ཕན་གྱི་ཀུན་སློང་ཡོད་པའི་ཐོག་ནས་སྐུ་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་ཡོད་པར་ང་ཚོས་གུས་བརྩི་ཞུ་དགོས་ཞེས་ལམ་སྟོན་མཛད་འདུག་པ་མ་ཟད། གསུང་འཕྲིན་གྱི་མཇུག་ཏུ་མགོན་པོ་༸གང་ཉིད་མཆོག་གིས་ཞིང་གཤེགས་དམ་པ་རྒྱལ་མོ་ Elizabeth II མཆོག་ལ་ཐུགས་སྨོན་འཚམས་སྦྱོར་བཅས་མཛད་འདུག
རྩ་བའི་རྒྱལ་མོ་གཉིས་པ་དགོངས་པ་རྫོགས་པ་དང་དམ་པ་ཁོང་གི་རྒྱལ་སྲས་བགྲེས་ཤོས་རང་ལོ་ ༧༣ ལ་སོན་པ་ Charles མཆོག་དབྱིན་ཡུལ་གྱི་རྒྱལ་པོ་གསུམ་པ་དེ་ཆགས་ཀྱི་ཡོད་པ་དང་། ཁོང་གིས་དབྱིན་ཡུལ་རྒྱལ་པོའི་ཕོ་བྲང་གི་དྲྭ་གནས་སུ་ཞིང་གཤེགས་དམ་པ་རྒྱལ་མོ་ Elizabeth གཉིས་པ་མཆོག་དགོངས་པ་རྫོགས་པའི་གསལ་བསྒྲགས་སྤེལ་བའི་ནང་། རྒྱལ་ཡུམ་དམ་དགོངས་པ་རྫོགས་པ་དེས་སྐུ་འཁོར་ནང་མི་རྣམས་ལ་མཚོན་ན་ཆེས་དཀའ་བའི་དུས་ཤིག་ཡིན་ནའང་དམ་པ་ཁོང་གི་མཛད་རྗེས་ལ་བརྟེན་ནས་འཛམ་གླིང་ས་ཕྱོགས་གང་སར་ནས་བརྩི་བཀུར་གཏིང་ཟབ་ཡོད་པ་ནི་སྐུ་འཁོར་ཡོངས་ལ་སེམས་གསོ་ཞིག་ཡིན་པ་བཀོད་འདུག
དེ་བཞིན་བརྒྱུད་ལམ་ཁག་ཏུ་ཞིང་གཤེགས་དམ་མཆོག་གི་གནས་ཚུལ་དང་འབྲེལ་པའི་གསར་འགྱུར་རིམ་པར་སྤེལ་བའི་ཁྲོད་དབྱིན་ཇིའི་རྒྱལ་མོ་ Elizabeth གཉིས་པ་དམ་པ་མཆོག་གློ་བུར་དུ་དགོངས་པ་རྫོགས་པར་ཨ་རི་གཙོས་གནས་ཡུལ་རྒྱ་གར་དང་། ཡོ་རོབ་ཀྱི་རྒྱལ་ཁབ། ཨེ་ཤེ་ཡ་དང་དཀྱིལ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ། Russia Australia ཨ་ཕི་རི་ཀ དེ་བཞིན་གླིང་ཆེན་དང་གླིང་ཕྲན་སོགས་ཀྱི་དབུ་ཁྲིད་མི་སྣས་དམ་པ་ཁོང་དགོངས་པ་རྫོགས་པར་སེམས་ཕམ་དང་གྱོང་རྒུད་ཆེན་པོ་ཡིན་པ་སོགས་བཀོད་པའི་གནས་ཚུལ་སྤེལ་བའི་ཁོངས་སུ་ཨ་རི་སྲིད་འཛིན་ Joe Biden མཆོག་གིས་སྲིད་འཛིན་གྱི་ངོ་བོའི་ཐོག་ནས་ ༢༠༢༡ ལོར་ཞིང་གཤེགས་དམ་པ་ཁོང་དང་མཇལ་མོལ་གནང་སྐབས་དམ་པ་དེའི་རིག་རྩལ་གྱི་ཁྱད་ཆོས་ལ་ཡིད་དབང་འཕྲོག་པ་དང་། གཞན་ཕན་གྱི་བསམ་བློས་སློབ་གསོ་བྱུང་བ་སོགས་ཕྱིར་དྲན་གནང་འདུག་ལ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་དམ་པ་ཁོང་གི་རྒྱལ་སྲིད་ནི་འཛམ་གླིང་འདིའི་ཀ་བ་ལྟ་བུ་ཡིན་པ་དང་། ལོ་རྒྱུས་སུ་བཞག་པའི་ཁོང་གི་བྱས་རྗེས་གཙོས་ནུས་པ་དང་ལྡན་པའི་འགོ་ཁྲིད་སྐྱོང་སྟངས་དེས་དུས་ད་ལྟ་དང་མ་འོངས་པར་བེུད་གཞོན་སྐྱེས་དང་སྤྱི་ཚོགས་ཞབས་ཞུ་གྲུབ་མཁན་གྱི་བེུད་རྣམས་ལ་སེམས་འགུལ་ཐེབས་ས་ཞིག་ཡིན་པ་གསུང་འདུག
རྒྱ་གར་གྱི་སྲིད་བློན་མོདྷི་མཆོག་གིས་རྒྱལ་མོ་དམ་པའི་བག་ཕེབས་དང་ཕན་སེམས་ཀྱི་གཤིས་བརྒྱུད་དེ་ནམ་ཡང་བརྗེད་མི་སྲིད་པ་མ་ཟད། དེ་སྔ་དམ་པ་ཁོང་དང་མཇལ་མོལ་གནང་སྐབས་གྷན་དྷི་མཆོག་གིས་དམ་པའི་ཁོང་གི་གཉེན་སྒྲིག་གི་དུས་སྟོན་ལ་ཕྱག་རྟགས་སུ་ཕུལ་བའི་སྣབས་ཕྱིས་ཤིག་སྤྱན་འབུལ་ཞུས་པ་དེ་བརྗེད་ཐབས་མེད་ཅེས་བཀོད་འདུག
དེ་བཞིན་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཞིང་གཤེགས་དམ་པ་རྒྱལ་མོ་ Elizabeth གཉིས་པ་མཆོག་གིས་སྐུ་ཚེ་ཧྲིལ་པོ་དབྱིན་ཡུལ་དང་དེ་སྔ་དབྱིན་ཇིའི་མངའ་འོག་ཏུ་ཚུད་པའི་རྒྱལ་ཁབ་དག་གི་སླད་དུ་ཆེས་མཐོང་དང་ལྡན་པའི་སྒོ་ནས་བསམ་བློ་ཅན་དང་སྙིང་སྟོབས་ཀྱི་ཐོག་ནས་ཞབས་ཞུ་གྲུབ་པ་ནི་མང་ཚོགས་ས་ཡ་མང་པོར་མིག་ལྟོས་འོས་པ་ཞིག་ཡིན་པ་མ་ཟད། འཛམ་གླིང་མི་མང་ཡོངས་ཀྱི་སེམས་ཁོངས་སུ་གུས་བརྩི་དང་ལྡན་པའི་ཐོག་ནས་ལྷག་ངེས་ཡིན་པ་བཀའ་གནང་འདུག
དེ་དང་ཕྱོགས་མཚུངས་བོད་མང་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཛམ་གླིང་ས་ཕྱོགས་གང་སར་གནས་བཞུགས་བོད་རིགས་སྤུན་ཟླ་ཡོངས་ཀྱི་ཚབ་ཞུས་ནས་ཕོ་བྲང་གི་སྐུ་འཁོར་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུང་པ་དང་འབྲེལ། ཞིང་གཤེགས་དམ་པ་མཆོག་སྟོབས་ཤུགས་ཆེ་ཤོས་ཤིག་དང་། ལོ་རྒྱུས་སུ་དུས་རབས་གསར་པའི་ནང་རྒྱལ་སྲིད་སྐྱོང་མཁན་རིང་ཤོས་ཤིག་ཡིན་པ་དུས་ནམ་ཡང་སེམས་ཁོངས་སུ་ལུས་ངེས་ཙམ་མ་ཟད། དམ་པ་ཁོང་གི་མཚན་གནས་དང་ཞབས་ཞུ་གྲུབ་པའི་གཟི་བརྗིད་དེ་མི་རབས་ནས་མི་རབས་ཀྱི་མིག་ལྟོས་བྱ་ཡུལ་ཞིག་ཡིན་པ་བཀོད་འདུག འབྲེལ་ཡོད་པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།