Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་བའི་དགེ་འདུན་པ་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་སྤེལ་བཞིན་པ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་སྒར་དུ་རྟེན་གཞི་བྱས་པའི་གདན་ས་ཆེན་མོ་༸དཔལ་ལྡན་འབྲས་སྤུངས་སུ་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་བའི་དགེ་འདུན་པ་དབར་གཞི་གསུམ་ཆོ་གའི་ཉམས་ལེན་གནང་སྟངས་སྐོར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་ཞིག་ཕྱི་ཚེས་ ༨ ནས་དབུ་འཛུགས་ཀྱིས་ཚེས་ ༢༠ བར་ཉིན་གྲངས་བཅུ་གསུམ་རིང་སྤེལ་བཞིན་འདུག

ཉེ་ཆར་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་བའི་དགེ་འདུན་པ་དབར་ལོ་ལྔའི་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་ཐོག་མར་དབུ་འབྱེད་མཛད་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་བཀྲིན་སྩལ་བར་རྩ་བའི་པཱ་ལི་དང་ལེགས་སྦྱར་པའི་ཆོས་བརྒྱུད་འཛིན་མཁན་དབར་ཕྲན་བུ་མི་འདྲ་བའི་ཆ་ཡོད་ཀྱང་དོན་ངོ་མའི་ཐོག་སྟོན་པ་སངས་རྒྱས་བཅོམ་སྟན་འདས་ཀྱི་རྗེས་འབྲང་པ་དང་འགྲོ་བ་ཀུན་ལ་ཕན་བདེ་བསྐྲུན་རྒྱུའི་དགོངས་པ་གཅིག་མཚུངས་ཡིན་པར་བཀའ་སྩལ་ཡོད།

མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞིའི་ཁོངས་ནས་གཅིག་ཆོས་ལུགས་མཐུན་འབྲེལ་གནང་རྒྱུ་དེ་ཡིན་སྟབས་དེ་རིང་༸དཔལ་ལྡན་འབྲས་སྤུངས་དགོན་པར་དངོས་སུ་པཱ་ལི་དང་ལེགས་སྦྱར་བའི་དགེ་འདུན་པ་དབར་གདན་སའི་གནང་སྒོ་ཁག་དང་སྒོམ་ཉམས་ལེན། འདུལ་བའི་ཉམས་བཞེས་སོགས་ལ་རྒྱུས་ལོན་གནང་ཡོད་པ་རེད།

གཞི་རྩའི་ཐེངས་འདིའི་པཱ་ལི་དང་ལེགས་སྦྱར་བའི་དགེ་འདུན་པ་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་དེ་ནི་ལོ་ལྔ་ཅན་གྱི་ལས་གཞི་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༨ ལོར་ལས་གཞི་དེ་ཐོག་མ་འགོ་འཛུགས་གནང་བ་ལྟར་ད་ཆ་འཆར་དེའི་ཆ་ཤས་སུ་གཏོགས་པའི་ཆོས་བརྒྱུད་སོ་སོའི་སློབ་གཉེར་བ་དང་མཁས་པ་སོགས་ཕྱོགས་སོ་སོའི་དགོན་སྡེ་དང་སློབ་གཉེར་ཁང་ལ་ཕེབས་ཏེ་ཉིན་རེའི་ཆོས་ཕྱོགས་ཀྱི་གནང་སྒོ་སོགས་ལ་སྦྱང་བཤད་གནང་རྒྱུ་མཚོན་སྒོ་གང་ས་ནས་ཉམས་མྱོང་གསོག་སྒྲུབ་གནང་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།