Tibetan Royal Year of 2151 | Year of the Wood Dragon

སུད་སི་ནང་བོད་མི་གཙོས་སྐྱབས་བཅོལ་ཞུ་མི་རྣམས་ཀྱི་དཀའ་ངལ་སེལ་ཆེད་གྲོས་ཆོད་གཏན་འབེབས།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཉེ་ཆར་སུད་སི་གྲོས་ཚོགས་འོག་མར་གྲོས་ཚོགས་འཐུས་མི་ Niklaus Gugger ལགས་ཀྱིས་བོད་མི་གཙོས་སྐྱབས་བཅོལ་ཞུ་མི་ ༣༠༠༠ ལྷག་གི་དཀའ་ངལ་སེལ་ཆེད་དང་ལྷག་པར་དུ་སུད་སི་གཞུང་གི་སྐྱབས་བཅོལ་འགྲོ་ལུགས་ཀྱི་ཁྲིམས་སྒྲིག་རྙིང་པའི་འོག་ནས་ཡིག་ཆ་མ་རག་པ་རྣམས་ཀྱི་དཀའ་ངལ་སེལ་རྒྱུའི་གྲོས་ཆོད་གྲོས་འཆར་ཞིག་བསྣམས་ཡོད་པར་གྲོས་ཚོགས་འཐུས་མི་ ༡༠༠ ཡིས་མང་མོས་ཐོག་ནས་རྒྱབ་སྐྱོར་གྱིས་གཏན་འབེབས་གནང་འདུག

འགྲོ་བ་མིའི་བདེ་རྩས་སྤེལ་བའི་གྲོས་ཆོད་ནང་དུ་ཕྱི་ལོ་ ༢༠༡༩ སྔོན་གྱི་སུད་སི་གཞུང་གི་སྐྱབས་བཅོལ་འགྲོ་ལུགས་དང་འབྲེལ་བའི་ཁྲིམས་འཆར་འོག་ནས་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༢ ཚེས་ ༢༨ སྔོན་ཚུད་སྐྱབས་བཅོལ་ཡིག་ཆ་ཞུས་པར་ཡིག་ཆ་མ་ཐོབ་པ་རྣམས་ལ་འགྲོ་བ་མིའི་བདེ་རྩའི་ཐོག་ནས་ཁོང་རྣམས་ཀྱི་ངལ་བ་དེ་སེལ་ཐབས་སུ་ཐབས་ལམ་ཞིག་ཆེད་བཏོན་དགོས་པ་འཁོད་ཡོད་པ་རེད།

ཕྱི་ཟླ་ ༣ ཚེས་ ༡༦ ཉིན་སུད་སི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་གྲས་སུ་ཡོད་པ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Niklaus Samuel Gugger ལགས་ཀྱིས་གྲོས་ཆོད་གྲོས་འཆར་དེ་བསྣམས་ཡོད་པ་དང་འབྲེལ། ཁོང་གིས་སུད་སི་གཞུང་གི་སྐྱབས་བཅོལ་འགྲོ་ལུགས་ཁྲིམས་སྒྲིག་རྙིང་པའི་འོག་ནས་སུད་སིའི་ཁྲིམས་སྒྲིག་རྙིང་པའི་འོག་སུད་སིའི་གཞུང་གིས་ངོས་ལེན་མེད་པའི་སྐྱབས་བཅོལ་ཞུ་མི་གྲངས་ ༣༠༠༠ ལྷག་ཡོད་པ་དང་། མི་དེ་དག་སུད་སིའི་སྤྱི་ཚོགས་དང་འགྲོ་ལུགས་ནང་ཆ་རྒྱུས་ཡག་པོ་ཡོད་སྟབས། འགྲོ་བ་མིའི་བདེ་རྩའི་ཐོག་ནས་ཁོང་རྣམས་ཀྱི་ངལ་བ་དེ་སེལ་ཐབས་སུ་ཐབས་ལམ་ཞིག་ངེས་པར་དུ་ཆེད་བཏོན་དགོས་པར་གསུངས་པ་དང་ཆབས་ཅིག གྲོས་ཆོད་བརྒྱུད་ནས་བོད་མིས་གཙོས་པའི་མི་མང་ཁག་གཅིག་གི་དཀའ་ངལ་སེལ་རྒྱུར་དམིགས་བཞིན་ཡོད་པར་གསུངས་འདུག

རྩ་བའི་དེ་སྔ་ཕྱི་ལོ་ ༢༠༢༡ ཟླ་བ་ ༣ ཚེས་ ༡༠ ཉིན་སུད་བོད་མཛའ་འབྲེལ་ཚོགས་པ་དང་། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་འཛུགས། སུད་སི་བོད་ཀྱི་བུད་མེད་ལྷན་ཚོགས། ཡུ་རོབ་བོད་མིའི་གཞོན་ནུ་མཐུན་ཚོགས། སུད་སི་སྐུ་ཚབ་དོན་གཅོད་བཅས་ཀྱིས་སུད་སིའི་གཞུང་ལ་བོད་མི་སྐྱབས་བཅོལ་ཞུ་མི་གྲངས་ ༣༠༠ ལ་སྐྱབས་བཅོལ་བའི་ཡིག་ཆ་འཐོབ་ཐབས་སུ་མཚན་རྟགས་གྲངས་ ༣༠༠༠ ལྷག་བསྡུ་རུབ་ཀྱིས་མཚན་འཁོད་སྙན་ཞུ་ཕུལ་ཡོད་པ་རེད།

སྐབས་དེར་སུད་སི་སྐུ་ཚབ་དོན་ཁང་གི་འབྲེལ་ཡོད་ལས་བྱེད་དང་ད་ལྟའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཡིག་ཆ་མ་ཐོབ་པའི་བོད་མི་གཞོན་སྐྱེད་རྣམས་མ་འོངས་བོད་ཀྱི་སོན་རྩ་ཡིན་སྟབས། ཁོང་ཚོར་ཐབས་ལམ་གང་ཡང་མེད་པར་ལུས་ཡོད་པའི་གནས་སྟངས་དེ་བློ་འཚབ་གནང་གཞི་ཞིག་ཆགས་ཡོད་སྐོར་གསུངས་ཏེ་སུད་སི་གཞུང་དང་གྲོས་ཚོགས་གཉིས་ནས་བོད་མི་དེ་དག་གི་ངལ་བ་སེལ་ཐབས་སུ་ལམ་སྟོན་ངེས་ཅན་ཞིག་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད།

དེ་རྗེས་ལོ་དེའི་ ཟླ་ ༣ ཚེས་ ༡༦ ཉིན་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་ Marianne Steiff-Feller ལགས་ཀྱིས་བོད་མི་གཙོས་སྐྱབས་བཅོལ་ཡིག་ཆ་མ་ཐོབ་པའི་དཀའ་ངལ་སེལ་རྒྱུའི་གྲོས་ཆོད་དེ་ཐོག་མར་གྲོས་ཚོགས་ནང་བསྣམས་ཕེབས་ཡོད་པ་རེད། ཁོང་ལས་གནས་ནས་དགོངས་པ་ཞུས་རྗེས་ད་རེས་གྲོས་ཚོགས་འཐུས་མི་ Niklaus Gugger ལགས་ཀྱིས་འདི་ལོའི་གྲོས་ཚོགས་ཐོག་གྲོས་ཆོད་དེ་བསྐྱར་དུ་བསྣམས་པ་ཞིག་ཆགས་ཀྱི་འདུག

སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ད་རེས་གྲོས་ཚོགས་འོག་མར་གྲོས་ཆོད་གཏན་འབེབས་གནང་བར་གྲོས་ཚོགས་འཐུས་མི་རྣམས་ཀྱི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས།  བོད་མི་རྣམས་ཀྱིས་ཞུ་སྙན་ཕུལ་ནས་ལོ་ ༢ སོང་རྗེས་སུ་གྲོས་ཆོད་དེ་དངོས་སུ་གཏན་འབེབས་གནང་ཐུབ་པ་བྱུང་ཡོད་སྐོར་གསུངས་པ་དང་ཆབས་ཅིག གྲོས་ཆོད་དེའི་ཐོག་ནས་བོད་མི་ཙམ་མ་ཟད། ཡིག་ཆ་མ་ཐོབ་པའི་སྐྱབས་བཅོལ་ཞུ་མི་ཡོངས་ལ་ཐུགས་ཕན་གསོ་རྒྱུ་ཡིན་སྟབས་རིང་མིན་སུད་སིའི་གྲོས་ཚོགས་གོང་མས་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་རྒྱུའི་ཐུགས་རེ་ཆེན་པོ་ཡོད་སྐོར་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།