Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱིས་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཁྲོད་བཙན་འཁྲིད་བྱས་པའི་གནད་དོན་ཐད་བློ་འཚབ་གསལ་འདོན།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

འདས་པའི་ལོ་ངོ་ ༣༠ ལྷག་ནས་ཧོང་ཀོང་ནང་ལོ་ལྟར་དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་དང་འབྲེལ། ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་ཀྱང་འདས་པའི་ལོ་ཤས་ནས་བཟུང་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་ཁྲོད། འདི་ལོར་དེ་སྔ་ལས་ལྷག་པའི་དོན་རྐྱེན་དེའི་དུས་དྲན་སྲུང་བརྩི་ཐོག་དམ་བསྒྲགས་དང་རྗེས་དྲན་ཞུ་མཁན་མི་གྲངས་ ༢༣ ལྷག་བཙན་འཁྲིད་བྱས་པར་རྒྱལ་ཚོགས་ཀྱིས་སྐྱོན་བརྗོད་དང་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

Rueters གསར་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཕྱི་ཚེས་ ༥ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་སྐུ་ཞབས་ Volker Turk ལགས་ཀྱིས་རང་ཉིད་ཀྱི་སྤྱི་ཚོགས་དྲ་ལམ་ཐོག་ཧོང་ཀོང་སྲིད་གཞུང་ནས་ཡུལ་དེའི་ནང་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་མི་གྲངས་ ༢༣ ལྷག་རྒྱལ་ཁབ་ཁ་བྲལ་བ་དང་བརྟན་ལྷིང་གཏོར་བཤིག་གི་ཉེས་མིང་འོག་འཛིན་བཟུང་བཙན་འཁྲིད་བྱས་པར་བློ་འཚབ་ཀྱི་རྣམ་པ་གསལ་བཏོན་གནང་སྟེ། དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིལ་ལས་ཡོངས་སུ་འགལ་ཡོད་པར་སྐྱོན་བརྗོད་དང་འབྲེལ། ཁོང་རྣམས་འཕྲལ་མར་གློད་བཀྲོལ་གཏང་དགོས་པའི་སྐུལ་མ་གནང་འདུག

དྲུག་བཞིའི་དོན་རྐྱེན་གྱི་གནད་དོན་དེ་དང་འབྲེལ་ཁ་སང་ཕྱི་ཚེས་ ༥  ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཨ་རི་དང་རྒྱ་ནག་ཐོག་གི་ཐབས་བྱུས་ཚོགས་ཆུང་གིས་གོ་སྒྲིག་འོག་ཉན་ཞིབ་ལས་རིམ་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། དེར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ Kevin McCarthy མཆོག་དང་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ Hakeem Jeffries ལགས་རྣམ་གཉིས་ལྷན་ཞུགས་གནང་ཡོད་པ་རེད་འདུག སྐབས་དེར་སྐུ་ཞབས་ McCarthy མཆོག་གིས་རང་ཉིད་དེ་སྔ་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་བསྐྱོད་པ་དྲན་གསོ་ཀྱིས་ཉིན་མོ་དེ་ནི་མི་དམངས་གིས་སེམས་ནང་སུབ་ཐབས་བྲལ་བ་ཞིག་ཡིན་སྐོར་གསུངས་ཏེ། སློབ་ཕྲུག་དེ་དག་གིས་རང་དབང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་དེ་དམངས་གཙོའི་ལམ་ལུགས་སུ་བསྒྱུར་དགོས་པའི་ངོ་རྒོལ་གནང་བར་རང་སྲོག་ཤོར་ཡོད་སྟབས། ཨ་རི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་མུ་མཐུད་གླེང་སློང་བྱ་རྒྱུ་ཡིན་པ་མ་ཟད། རྒྱལ་སྤྱིའི་གཙོས་པའི་རྒྱ་ནག་ནང་གཞི་རྩའི་རང་དབང་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་འདུག

དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་སྐུ་ཞབས་ Volker Turk ལགས་དང་ཨ་རི་གནད་ཡོད་མི་སྣས་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཁྲོད་འཛིན་བཟུང་བཙན་འཁྲིད་ཐད་བློ་འཚབ་ཀྱི་རྣམ་པ་གསལ་བཏོན་གནང་མ་ཐག ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Wang Wenbin ཡིས་ཧོང་ཀོང་གཞུང་གིས་ཡུལ་དེའི་ནང་ཞི་བདེ་བརྟན་ལྷིང་སྲུབ་སྐྱོབ་བྱས་པར་ཆེས་བསྔགས་བརྗོད་དང་སྦྲགས། རྒྱ་གཞུང་གིས་དྲུག་བཞིའི་དོན་རྐྱེན་གནད་དོན་དེ་དེ་སྔོན་ནས་ཐག་གཅོད་ཟིན་པ་ཞིག་ཡིན་ལུགས་དང་། ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་ནག་རྒྱལ་ནང་གི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པར་ངོས་ལེན་ཐུབ་ཐབས་བྲལ་བ་ཞིག་ཡིན་པ་བཤད་འདུག

རྒྱ་གཞུང་གིས་ཁ་སྔོན་ཧོང་ཀོང་ནང་དྲུག་བཞི་དོན་རྐྱེན་སྐབས་འཛིན་བཟུང་བྱས་པའི་ཁྲོད་ལོ་ལྟར་ཉིན་མོ་དེ་དང་འབྲེལ་བའི་ལས་འགུལ་དང་མཆོད་འབུལ་གོ་སྒྲིག་བྱེད་མཁན་ Chow Hang Tung དང་ Chan Po Ying ཚུད་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།