Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ Austria ནང་ཞི་བདེ་མཆོད་རྟེན་གྱི་དབུ་འབྱེད་ཐོག་གསུང་འཕྲིན་སྩལ་བ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཟླ་བ་འདིའི་ཕྱི་ཚེས་ ༤ བོད་ཟླ་ ༤ ས་ག་ཟླ་བའི་ཚེས་ ༡༥ སྟེ། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་སྐུ་བལྟམས་དང་། མངོན་པར་རྫོགས་པར་སངས་རྒྱས་པ། དེ་བཞིན་སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་ཁྱད་པར་ཅན་གསུམ་འཛོམས་ཀྱི་ཉིན་མོ་དང་བསྟུན། Austria ཨོ་སེ་ཏྲེ་ཡའི་ Tulln ཏུ་ཝླེན་རྫོང་གི་ Grafenwörth གྷྲ་ཧྥེན་ཝོཊ་གྲོང་ཁྱེར་ནང་ The Peace Stupa ཞེས་ཞི་བདེ་མཆོད་རྟེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་སྩལ་བའི་ནང་མཆོད་རྟེན་དེ་ཉིད་ཞི་བདེར་དམིགས་པར་བརྟེན། དེར་བསྐྱོད་མཁན་རྣམས་ནས་འཛམ་གླིང་འདི་བཞིན་སྔར་ལྷག་ཞི་བདེ་གོང་འཕེལ་ཆེད་ཞབས་འདེགས་ཇི་ལྟར་སྒྲུབ་ཐུབ་པའི་ཐོག་བསམ་བློ་གཏང་དགོས་པའི་སྐུལ་མ་མཛད་འདུག

དེ་ཡང་༸གོང་ས་མཆོག་གིས་གསུང་འཕྲིན་གྱི་ཐོག་མར་ཞི་བདེ་མཆོད་རྟེན་གྱི་དབུ་འབྱེད་ཐོག་ཐུགས་སྨོན་མཛད་པ་དང་སྦྲགས། མཆོད་རྟེན་ནི་ནང་པའི་རིག་གཞུང་ནང་དོན་དམ་གྱི་གལ་གནད་ཆེན་པོ་ཞིག་ཡིན་པ་དང་། ཆོས་ཕྱོགས་ཀྱི་སེམས་སྐུལ་ཐེབས་གཞི་ཞིག་ཡིན་པ་མ་ཟད། བོད་སྐད་ཐོག་མཆོད་རྟེན་ཞེས་པ་དེ་མཆོད་པའི་ཞིང་ངམ་རྟེན་གྱི་དོན་ཡིན་པ་རེད་ཅེས་བཀའ་སྩལ་མཛད་འདུག

༸གོང་ས་མཆོག་གིས་ད་དུང་ཁུལ་དེར་གསར་ཏུ་བཞེངས་པའི་མཆོད་རྟེན་འདི་ཉིད་ཞི་བདེར་དམིགས་པར་བརྟེན། དེར་བསྐྱོད་མཁན་རྣམས་ནས་འཛམ་གླིང་འདི་བཞིན་སྔར་ལྷག་ཞི་བདེ་གོང་འཕེལ་ཆེད་ཞབས་འདེགས་ཇི་ལྟར་སྒྲུབ་ཐུབ་པའི་ཐོག་བསམ་བློ་གཏང་དགོས་པའི་སྐུལ་མ་མཛད་པ་དང་ཆབས་ཅིག ལག་ལེན་བརྒྱུད་ཞི་བདེ་ཡོང་རྒྱུ་ལས་སྨོན་ལམ་ཁོ་ནས་ཡོང་མི་ཐུབ། དེར་བརྟེན་ནང་སེམས་ཀྱི་ཞི་བདེ་དང་སྙིང་རྗེ་ཉམས་ལེན་ལས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐུབ་རྒྱུ་ཡིན་པ་མ་ཟད། དེའི་བརྒྱུད་ནས་གང་ཟག་སྒེར་དང་། ནང་མི། དེ་བཞིན་སྤྱི་ཚོགས་དང་འཛམ་གླིང་བཅས་རིམ་པར་ཞི་བདེ་བསྐྲུན་ཐུབ་རྒྱུ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

གསུང་འཕྲིན་གྱི་མཐའ་མར་མགོན་པོ་༸གང་ཉིད་མཆོག་གིས་ཞི་བདེ་མཆོད་རྟེན་འདི་ཉིད་འགྲོ་བ་མི་རྣམས་ལ་གོ་ལ་གཅིག་གྱུར་གྱི་འདུ་ཤེས་ཐོག་བསམ་བློ་དང་ཞབས་འདེགས་སྒྲུབ་ཆེད་སེམས་སྐུལ་དང་། སྙིང་རྗེ། དེ་བཞིན་འཛམ་གླིང་ཞི་བདེའི་རྒྱུར་གྱུར་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱིས་གནས་དྲ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སྔོན་ Austria ཨོ་སེ་ཏྲེ་ཡའི་ Grafenwörth གྷྲ་ཧྥེན་ཝོཊ་གྲོང་ཁྱེར་ནང་ཞི་བདེ་མཆོད་རྟེན་དབུ་འབྱེད་ཀྱི་མཛད་སྒོར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་གདན་རབས་ ༣༧ པ་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག དགེ་སྒྲུབ་ལས་གཞི་དེར་ཐོག་མཐའ་བར་གསུམ་དུ་ཕྱག་ལས་གནང་མཁན་དགེ་འདུན་པ་ Bop Jon Sunim Tenzin Tharchin ལགས། ལྕམ་ Elisabeth Lindmayer ལགས། ལས་གཞིར་རྒྱབ་སྐྱོར་གནང་མཁན་ Austria ཨོ་སེ་ཏྲེ་ཡའི་རྒྱལ་ཁབ་ཀྱི་གྲོང་སྡེ་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཚོགས་གཙོ་ Alfred Riedlmany ལགས། དེ་བཞིན་མངའ་སྡེའི་གཞུང་གི་སྐུ་ཚབ་ལྕམ་ Christiane-Hofmeister ལགས་དང་སྐུ་མགྲོན་གཞན་བཅས་ལྷན་ཞུགས་ཐོག་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་སྒྲོག་སྦྱང་གནང་འདུག

ཉིན་དེར་ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་སྟབས། འབྲི་གུང་དགོན་པའི་དགེ་འདུན་པ་རྣམས་ནས་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་དང་། ལྷག་པར་དུ་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་མཆོག་གིས་ཞི་བདེ་མཆོད་རྟེན་དེར་རབ་གནས་མཛད་ཡོད་པ་རེད་འདུག པར་དབང་བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

གསར་གནས།