Tibetan Royal Year of 2151 | Year of the Wood Dragon

ཚེ་རིང་ཆོས་འཛོམས་ཀླུ་ལྡིངས་ལགས་སུ་ཨུཏྟྲ་ཁནྜ་མངའ་སྡེའི་ཆེ་བསྟོད་གཟེགས་རྟགས་འབུལ་བཞེས། 

Tibetan News Headlines

  • Tibetan monk detained for WeChat post, writer severely ill after forced labour in prison
  • Tibetan netizens express concerns over ban and removal of Tibetan language post on Douyin
  • “India should revise Tibet policy on China occupation, make stance clear on Dalai Lama’s succession”: Indian diplomat
  • Postcard book titled ‘108 Exile Tibetan Visual Artists’ launched in Dharamshala 

རེས་གཟའ་མིག་དམར། ༢༠༢༤།༠༧།༠༢

  • རྒྱ་ནག་གི་ཁྲིམས་ལུགས་ལ་སྐྱོན་བརྗོད་བྱས་པར་སྙད་འདོགས་ཏེ་དགེ་འདུན་པ་ཞིག་འཛིན་བཟུང་།
  • རྒྱ་ནག་གི་ཐད་གཏོང་མཉེན་ཆས་ Douyin ནང་བོད་ཡིག་བཀག་སྡོམ་བྱས་པར་བོད་མི་ཚོས་སེམས་འཚབ་བྱེད་བཞིན་པ།
  • རྒྱ་གར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དང་༸སྐུའི་ཡང་སྲིད་གནད་དོན་ཐོག་ལངས་ཕྱོགས་གསལ་པོ་བཟོ་དགོས།
  • ༸སྐུའི་ཡང་སྲིད་དེ་བཞིན་རང་དབང་ཡོད་སའི་ས་ཚིགས་ལས་རྒྱ་ནག་ལ་འཁྲུངས་ཀྱི་མེད་ཅེས་བཀའ་སྩལ་བ།
  • བཙན་བྱོལ་ནང་གི་རི་མོའི་སྒྱུ་རྩལ་བ་ ༡༠༨ གི་སྦྲག་ཡིག་ ༡༠༨ ཞེས་པའི་དཔེ་དེབ་གསར་པ་དབུ་འབྱེད།

མི་ལོ་ཉི་ཤུ་ལྷག་གི་རིང་ཉམ་ཐག་གི་ཤེས་ཡོན་གཙོས་སྤྱི་ཚོགས་ཞབས་ཞུ་གཉེར་བཞིན་པ་ཚེ་རིང་ཆོས་འཛོམས་ཀླུ་ལྡིངས་ལགས་སུ་ Uttarakhand མངའ་སྡེའི་ཤེས་ཡོན་དང་འབྲེལ་བའི་ཆེ་བསྟོད་གཟེགས་རྟགས་ Social Impactor འམ་སྤྱི་ཚོགས་སེམས་བསྐུལ་བ་ཅེས་པའི་ཆེ་བསྟོད་གཟེགས་རྟགས་ཞིག་འབུལ་བཞེས་གནང་འདུག 

ཁ་སང་ཕྱི་ཟླ་ ༩ ཕྱི་ཚེས་ ༥ སྟེ་རྒྱ་གར་རྒྱལ་ཡོངས་སུ་དགེ་རྒན་གྱི་ཉིན་མོ་སྲུང་བརྩི་གནང་བཞིན་ཡོད་པ་དང་བསྟུན་རྒྱ་གར་བྱང་ཕྱོགས་ཨུཏྟྲ་ཁནྜ་མངའ་སྡེའི་རྒྱལ་ས་ལྟེ་ར་ལྡུན་ནང་ཚོགས་པའི་མཛད་སྒོ་ཐོག་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Gurmit Singh མཆོག་གིས་མངའ་སྡེའི་ཆེ་བསྟོད་གཟེགས་རྟགས་གསོལ་སྩལ་གནང་འདུག་པ་དང་། གཟེངས་རྟགས་དེ་ནི་གཙོ་བོ་ཚེ་རིང་ཆོས་འཛོམས་ཀླུ་ལྡིངས་ལགས་ཀྱིས་འདས་པའི་མི་ལོ་ཉི་ཤུ་ལྷག་གི་རིང་ལ་མངའ་སྡེའི་སྤྱི་ཚོགས་འདྲ་མིན་ཁག་ཏུ་སྤྱི་སྨན་ཞབས་ཞུའི་ལས་དོན་སྣ་ཚོགས་གཉེར་བ་དང་། ལྷག་པར་ས་གནས་ཀྱི་ཉམ་ཐག་དགོས་ངེས་ཅན་རྣམས་ལ་སློབ་ཁྲིད་དང་ཟུར་སྦྱོང་། འཛིན་ཆས་སོགས་ཉེར་མཁོའི་མཐུན་རྐྱེན་རྣམས་རིན་མེད་ཐོག་གནང་བཞིན་ཁག་ལ་ངོས་འཛིན་གྱིས་ཆེ་བསྟོད་གནང་བ་ཞིག་ཆགས་ཡོད་པ་མ་ཚད་པར་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ Exemplary Citizens འམ་མིག་དཔེ་འོས་པའི་མི་སེར་ཞེས་པའི་ཆེ་བསྟོད་གཟེངས་རྟགས་ཤིག་ཀྱང་འབུལ་བཞེས་གནང་མྱོང་ཡོད་པ་རེད།

རླུང་འཕྲིན་ཁང་གིས་ཚེ་རིང་ཆོས་འཛོམས་ཀླུ་ལྡིངས་ལགས་སུ་ཆེ་བསྟོད་གཟེངས་རྟགས་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཁོང་གིས་སྤྱི་ཚོགས་ཞབས་ཞུའི་ལས་དོན་ལ་གཉེར་རྒྱུའི་སེམས་འགུལ་ནི་ཁོང་གི་ཕ་མའི་དྲུང་ནས་བྱུང་བ་ཞིག་དང་། ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་གིས་རྣམ་ཀུན་ནས་སེམས་པ་བཟང་པོ་བྱེད་དགོས་པ་དང་། དེ་ལྟར་གནང་མ་ཐུབ་ཀྱང་གཞན་ལ་གནོད་པ་བྱ་རྒྱུ་མེད་ཅེས་བཀའ་སློབ་ཡང་ཡང་ཕེབས་དོན་བཞིན་ག་ཚོད་ཐུབ་ཐུབ་ཀྱིས་ལག་བསྟར་ཞུས་པ་ཡིན་ཞེས་གསུངས་སོང་།    

ཚེ་རིང་ཆོས་འཛོམས་ཀླུ་ལྡིངས་ལགས་ནི། ལྡེ་ར་ལྡུན་གྲོང་ཁྱེར་གྱི་ཉེ་འཁྲིས་སུ་ཆགས་པའི་ Rajpur རུ་བཞུགས་ཀྱི་ཡོད་པ་དང་། ད་ལྟའི་ཆར་ཏཱ་ར་ཐེབས་རྩ་ཁང་གི་ཚོགས་གཙོ་དང་། ལྡུན་ནང་པའི་ལྷན་ཚོགས་ཀྱི་འགན་གཞོན་ཐུགས་འགན་བཞེས་བཞིན་འདུག རིང་མིན་ཁོང་རྣམས་ནས་ཨ་རུ་ནཱ་ཅལ་མངའ་སྡེར་༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་བཟང་སྤྱོད་སློབ་ཁྲིད་དང་འབྲེལ་བའི་སློབ་གྲྭ་གསར་འཛུགས་གནང་འཆར་འདུག་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གྲྭའི་མིང་ལ་བློ་གསར་མིག་འབྱེད་ཅེས་གསོལ་སྩལ་མཛད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།