Tibetan Royal Year of 2151 | Year of the Wood Dragon

ཇར་མི་ནི་དང་ཨོ་སི་ཊི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་འཚམས་གཟིགས་ལ་ཕེབས་པ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཡུ་རོབ་དང་བོད་མིའི་སྒྲིག་འཛུགས་གཉིས་དབར་གྱི་འབྲེལ་ལམ་བཟང་དུ་གཏོང་སླད་ཡུ་རོབ་རྒྱལ་ཁབ་ Germany དང་ Austria གཉིས་ཀྱི་གྲོས་ཚོགས་འཐུས་མིའི་རུ་ཁག་དེ་རིང་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་འཕེབས་གནང་འདུག

དེ་ཡང་ཇར་མི་ནི་ནང་རྟེན་གཞི་བྱས་པའི་ Friedrich Naumann Foundation ཐེབས་རྩ་ཁང་དང་ལྷག་པར་ཐེབས་རྩ་ཁང་གི་རྒྱ་གར་སྡེ་ཚན་གྱི་ངེས་སྟོན་པ་ Dr Carsten Klein ལགས་ཀྱིས་གཙོ་འགན་བཞེས་ཐོག་ཇར་མི་ནིའི་གུ་ཡངས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ ༤ དང་ཨི་སི་ཊི་ཡའི་གྲོས་ཚོགས་འཐུས་མི་གཉིས་བཅས་ཁྱོན་གྲོས་ཚོགས་འཐུས་མི་ ༦ ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དེ་རིང་བཞུགས་སྒར་དུ་ཕེབས་འབྱོར་གནང་སོང་།

ཤེས་རྟོགས་བྱུང་བར་གྲོས་ཚོགས་འཐུས་མི་རྣམས་དེ་རིང་བཞུགས་སྒར་དུ་འབྱོར་མ་ཐག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མཆོག་དང་ལྷན་དུ་མཇལ་འཕྲད་གནང་བ་དང་། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆེད་ཕེབས་ཀྱིས་ཚོགས་གཙོ་སྦྲེལ་པོ་དང་མཇལ་འཕྲད་གནང་བ། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་མཇལ་འཕྲད་ཡོད་པ་དང་། བཀའ་དྲུང་ཡིག་ཚང་གིས་དགུང་ཚིགས་འདེགས་འབུལ་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྷོ་བྱང་ཨ་རིའི་ཁུལ་དུ་འཚམས་གཟིགས་ལ་ཕེབས་ཀྱི་སྟབས་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱལ་ས་ལྡི་ལིར་སྲིད་སྐྱོང་མཆོག་ཕྱི་རྒྱལ་ལ་མ་ཕེབས་གོང་སྲིད་སྐྱོང་མཆོག་དང་མཇལ་མོལ་གནང་ཡོད།  

ཇར་མི་ནི་ནང་རྟེན་གཞི་བྱས་པའི་ Friedrich Naumann Foundation ཐེབས་རྩ་ཁང་གི་གོ་སྒྲིག་འོག་གྲོས་ཚོགས་འཐུས་མི་རྣམས་བཞུགས་སྒར་དྷརྨ་སཱ་ལཱ་དང་རྒྱལ་ས་ལྡི་ལི། དེ་བཞིན་འབྲུག་ཡུལ་བཅས་ཀྱི་ནང་ཁྱོན་ཉིན་གྲངས་བརྒྱད་རིང་འཚམས་གཟིགས་སྐོར་སྐྱོད་གནང་གི་ཡོད་པ་རེད།

རྩ་བའི་ཐེངས་འདིའི་སྐོར་སྐྱོད་ཐོག་ཕེབས་པའི་གྲོས་ཚོགས་འཐུས་མི་རྣམས་ནས་སང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་ཞུ་གཏན་ཁེལ་ཡོད་ཀྱང་། ༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་དང་འབྲེལ་ནས་མཇལ་ཁལ་ཕྱིར་བཤོལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།