Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཆོས་ལུགས་དམ་བསྒྲགས་ཐོག་བཀོད་ཁྱབ་ཨང་ ༡༩ ལག་བསྟར་དང་འབྲེལ་བའི་བཅར་འདྲི།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཉེ་སྔོན་ཕྱི་ཟླ་ ༩ ཚེས་ ༡ ཉིན་རྒྱ་དམར་སྲིད་གཞུང་གིས་ཆོས་ལུགས་ཐོག་དམ་བསྒྲགས་ཀྱི་བཀོད་ཁྱབ་ཨང་ ༡༩ ཞེས་པ་དེ་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་དང་འབྲེལ། འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེའི་ཐོག་དཔྱད་བརྗོད་སྤེལ་མཁན་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་བཅར་འདྲི་ཞུས་ཡོད།

ཁོང་གིས་རྒྱ་གཞུང་གི་བཀོད་ཁྱབ་དེའི་བརྒྱུད་ནས་མ་འོངས་པར་བོད་གཙོས་པའི་ཤར་ཏུར་ཀིས་ཏན་དང་། ལྷོ་སོག་སོགས་ཀྱི་ནང་དུ་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་དམ་བསྒྲགས་ཤུགས་ཆེར་བྱ་རྒྱུ་གསལ་པོ་མངོན་ཐུབ་ཀྱི་ཡོད་ཅིང་། དེ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་ ༣༦ ནང་འཁོད་ཆོས་ལུགས་ཀྱི་རང་དབང་ཡོད་པའི་ཁྲིམས་གཞི་དེ་དང་མཐུན་གྱི་མེད་པ་མ་ཟད། བཀོད་ཁྱབ་དེ་ནི་གསལ་ཁ་མེད་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་།

དེ་བཞིན་གནད་དོན་དེའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་གནོན་ཤུགས་སྤྲོད་དགོས་གལ་དང་། དེ་ལྟར་གནང་མ་ཐུབ་ཚེ་མ་འོངས་པར་རྒྱ་གཞུང་གི་ངོས་ནས་གནད་དོན་དེ་ཁྲིམས་ཐོག་ནས་ཐག་གཅོད་བྱས་པ་ཞིག་ཡིན་ཞེས་བཤད་རྒྱུ་ཡིན་པར་ནང་པ་གཙོས་པའི་ཆོས་ལུགས་གཞན་རྣམས་ལ་ཉེན་ཚབས་ཆེན་པོ་ཆགས་རྒྱུ་ཡིན་པ་མ་ཟད། ཕུགས་ལ་བཀོད་ཁྱབ་དེ་ནི་རྒྱ་ནག་ལ་གནོད་གཞི་ཞིག་ཆགས་རྒྱུ་ཡིན་པ་སོགས་འགྲེལ་བརྗོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།