Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་རིགས་རྫས་བསྡུ་ལེན་ལ་རམ་འདེགས་བྱེད་མཁན་ཚོང་ལས་སྡེ་ཁག་ལ་ཉེས་ཆད་གཏོང་དགོས་པའི་ཞུ་སྐུལ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་རྒྱ་ནག་གཞུང་ནས་བོད་དང་ཤིན་ཅང་དུ་རིགས་རྫས་བསྡུ་ལེན་ལ་རམ་འདེགས་བྱེད་མཁན་ཚོང་ལས་ཁང་ཁག་གཅིག་ལ་ཞིབ་འཇུག་ནན་པོ་དང་ཉེས་ཆད་གཏོང་དགོས་པའི་ཞུ་སྐུལ་གནང་འདུག

ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་དང་ ནོར་སྲིད་དྲུང་ཆེ་ལྕམ་སྐུ་ Janet Yellen ལགས། ཨ་རིའི་ཚོང་འབྲེལ་དྲུང་ཆེ་ལྕམ་ Gina Raimondo ལགས་བཅས་རྣམ་པ་གསུམ་གྱི་མཚན་ཏུ་ཕྱག་བྲིས་ཤིག་ཕུལ་གནང་བའི་ནང་ཕྱི་ལོ་ ༢༠༡༦ ནས་བཟུང་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ DNA འམ་རིགས་རྫས་བསྡུ་ལེན་གྱི་ལས་གཞི་སྤེལ་བའི་ཁོངས་སུ་སྔོན་འགྲོ་སློབ་གྲྭའི་བྱིས་པ་ཡན་ཆད་ཀྱི་ཟུངས་ཁྲག་བསྡུ་ལེན་བྱས་པ་དང་། བོད་རང་སྐྱོང་ལྗོངས་ནང་གི་མི་འབོར་བརྒྱ་ཆ་གསུམ་ཆ་གཅིག་ཙམ་གྱི་རིགས་རྫས་བསྡུ་ལེན་བྱས་ཡོད་པར་ཐེར་འདོན་གྱིས་ཨ་རིའི་ངོས་ནས་རྒྱལ་སྤྱིའི་ཁྲོད་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་གནང་དགོས་པའི་ཞུ་སྐུལ་བསྐྱར་ནན་གནང་འདུག

ལྷག་པར་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་དེ་རྒྱ་ནག་སྲིད་གཞུང་ལ་ཨ་རི་ Massachusetts ནང་ཡོད་པའི་ Thermo Fisher  བཟོ་ཚོང་ཁང་ནས་བཙོང་གི་ཡོད་པ་ར་འཕྲོད་བྱུང་ཡོད་པ་ལྟར། ཨ་རི་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ Thermo Fisher ཚོང་ལས་ཁང་གིས་བཟོ་བསྐྲུན་བྱས་པའི་དངོས་ཟོག་སྤྱོད་ཕྱོགས་ལ་གཟིགས་ཞིབ་ནན་པོ་དགོས་པ་དང་། ཁུལ་དེར་ཡོད་པའི་ཚོང་ལས་ཁང་དེ་དག་གིས་རྒྱ་ནག་གི་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་ཆེད་དངོས་ཟོག་ཚོང་འགྲེམས་བྱེད་ཀྱི་ཡོད་མེད་དང་འབྲེལ་རྩད་ཞིབ་ནན་པོ་གནང་དགོས་སྐོར་ཞུས་འདུག

དེ་སྔ་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་ཁེ་ན་ཌའི་ Citizenlab གཉིས་ཀྱིས་ Thermo Fisher  བཟོ་ཚོང་ཁང་གིས་རྒྱ་གཞུང་དང་ལྷན་ངན་པ་ལག་འབྲེལ་གྱིས་ཚོང་ལས་ཁང་དེས་བཟོ་བསྐྲུན་བྱས་པའི་དངོས་ཟོག་རྣམས་བོད་མི་གཙོས་ཡུ་གུར་མི་རིགས་ལ་དྲག་གནོན་སླད་སྤྱོད་བཞིན་པའི་འཕྲུལ་ལས་ཡིན་སྐོར་སྙན་ཐོ་མི་འདྲ་བ་གཉིས་འདོན་སྤེལ་གནང་བ་ལུང་འདྲེན་དང་ཆབས་ཅིག Thermo Fisher ཟེར་བ་དེ་ནི་རྒྱ་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེར་བྱེད་མཁན་གྱི་བཟོ་ལས་ཁང་ཞིག་ཆགས་ཡོད་པར་འཐེར་འདོན་གྱིས་འདི་ལྟ་བུའི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་སྤེལ་མཁན་གྱིི་ཚོང་ལས་ཁང་ལ་ཉེས་ཆད་དྲག་པོ་གཏོང་དགོས་པའི་ཞུ་སྐུལ་གནང་འདུག

རྒྱ་ནག་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་མང་དག་ཅིག་ཆེད་འཛུགས་བརྒྱུད་དེ་དག་ནང་བོད་ཕྲུག་བྱིས་པ་ལོ་ན་ ༤ ནས་ ༡༨ བར་ཁྱོན་ས་ཡ་གཅིག་ལྷག་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་སྟེ་བོད་ཀྱི་ཆོས་རིག་དང་སྐད་ཡིག་སོགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་བློ་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས། ཨ་རི་གཞུང་གིས་རྒྱལ་སྤྱིའི་ཁྲོད་ངེས་པར་དུ་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ཉེན་ཚབས་སྐོར་གླེང་སློང་དང་བོད་ཕྲུག་རྣམས་སྲུང་སྐྱོབ་དགོས་པ་དང་། ལྷག་པར་རྒྱ་ནག་གིས་བོད་ནང་ལ་ཆེད་གཉེར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭ་རྣམས་སྒོ་བརྒྱབ་རྒྱུར་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག

སྐུ་ཞབས་བྷ་ཌན་སྲིད་གཞུང་གིས་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ལ་དགག་པ་དང་ཞིབ་འཇུག་གནང་དགོས་པ་དང་ཆབས་ཅིག།སྲིད་བྱུས་དེ་གཏན་འབེབས་ལག་བསྟར་བྱེད་མཁན་རྒྱ་ནག་གི་འགོ་ཁྲིད་ཚོར་ Global Magnitsky ཁྲིམས་གཞིའི་འོག་ཉེས་ཆད་གཏོང་དགོས་པ་སོགས་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།