Tibetan Royal Year of 2151 | Year of the Wood Dragon

སྒོ་ཤེས་རབ་རྒྱ་མཚོ་ལགས་གློད་བཀྲོལ་དགོས་པའི་ཞུ་སྐུལ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༥ ནི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་དང་བསྟུན་རྒྱལ་སྤྱིའི་པེན་མཐུན་ཚོགས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ Cuba དང་། Ukraine, Morrocco བཅས་ཀྱི་བཙོན་པ་བཞིའི་མིང་མངོན་གསལ་དང་འབྲེལ་ཏེ་ཁོང་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་ཡོང་བའི་ཞུ་སྐུལ་གནང་འདུག

རྒྱལ་སྤྱིའི་པེན་མཐུན་ཚོགས་པའི་དྲ་གནས་ཐོག་ཆབ་སྲིད་བཙོན་པ་བཞིའི་ལོ་རྒྱུས་གསལ་བཀོད་དང་འབྲེལ། སྒོ་ཤེས་རབ་རྒྱ་མཚོ་ལགས་ལྟ་བུར་མཚོན་ན་རྒྱ་ནག་གཞུང་གིས་ཁོང་ལ་ལོ་བཅུའི་བཙོན་འཇུག་ཉེས་ཆད་བཏང་བ་ནི་ཁོང་རང་ཉིད་ལ་དབང་བའི་སྨྲ་བརྗོད་རང་དབང་དང་ཡོངས་སུ་འགལ་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་ནས་ཁོང་་གློད་བཀྲོལ་གཏོང་དགོས་ཞེས་དང་ཁོང་གི་ནག་ཉེས་ཕྱིར་འཐེན་དང་། སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་དགོས། ཁོང་ལྟ་བུ་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་དང་སྒྱུ་རྩལ་གྱི་རྣམ་པ་ སྤྱོད་པ་ཙམ་ལ་བརྟེན་ནས་འཛིན་བཟུང་བཀག་ཉར་བྱས་པའི་རྩོམ་པ་པོ་ཡོངས་རྫོགས་གློད་བཀྲོལ་དགོས་ཞེས་སོགས་ཞུ་སྐུལ་གནང་འདུག

དེ་རིང་གི་ཉིན་མོ་དང་བསྟུན་བཞུགས་སྒར་ཉེ་འཁྲིས་ས་རཱ་བོད་ཀྱི་མཐོོ་རིམ་སློབ་གཉེར་ཁང་དུ་རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་མང་སྤྱི་འཐུས་པདྨ་མཚོ་ལགས་གཙོས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དང་དགེ་ལས་ དེ་བཞིན་སློབ་ཕྲུག་བཅས་ལྷན་འཛོམས་ཐོག་ ༢༠༢༣ ལོའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོར་སྲུང་བརྩི་ཞུས་པ་དང་སྦྲགས། སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་དབུས་པའི་བཙོན་ཁང་ནང་ཡོད་པའི་བཙོན་པ་གཞན་གསུམ་པོའི་གནས་སྟངས་གླེང་སློང་གནང་ཡོད།

གསར་འགོད་པས་རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཡེ་ཤེས་བསམ་གྲུབ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བཙོན་འོག་ཏུ་དྲང་བདེན་མ་ཡིན་པའི་སྒོ་ནས་བཙོན་འཇུག་བྱས་པའི་རྩོམ་པ་པོ་རྣམས་གློད་བཀྲོལ་དང་བཙོན་འོག་ཏུ་ཡོད་པའི་གནས་སྐབས་སུ་ཁོང་རྣམ་པའི་བདེ་འཇགས་ལ་སྲུང་སྐྱོབ་དགོས་པའི་འགན་ལེན་དགོས་པ། དེ་བཞིན་བཙོན་འོག་ཏུ་མེད་པའི་བཙོན་པ་རྣམས་ལའང་རང་དབང་ཆ་ཚང་སྤྲོད་དགོས་པ་གསུངས་སོང་། 

འབྲེལ་ཡོད་གསར་གནས།

གསར་གནས།