Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་རྒྱ་རིགས་བྱིས་པ་རྣམས་ལ་བཅིངས་གྲོལ་དམག་སྦྱོང་སྤྲོད་བཞིན་པར་མངོན་གསལ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

རྒྱ་ནག་གཞུང་གིས་རྒྱ་རིགས་བྱིས་པ་རྩལ་འགྲན་བྱང་མ་བརྒྱ་ཕྲག་ལྷག་ལ་དམག་ཁྲིམས་དང་འཐབ་འཛིང་པ་ཡག་པོ་ཆགས་ཐབས་ལ་ཆེད་དམིགས་ཀྱིས་རྒྱ་ནག་གི་ཧྲང་ཧད་གྲོང་ཁྱེར་དུ་དམག་གི་སྦྱོང་བརྡར་སྤྲོད་བཞིན་ཡོད་པར་མངོན་གསལ་གནང་འདུག

དེའང་ AFP གསར་སྤེལ་ཁང་གིས་གནས་ཚུལ་ཞིག་སྤེལ་བའི་ནང་ཧྲང་ཧད་གྲོང་ཁྱེར་གྱི་རྩེད་རིགས་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གཞུང་གིས་རྒྱ་རིགས་བྱིས་པ་དེ་དག་ལ་བཅིངས་གྲོལ་དམག་གི་སློབ་གཉེར་གཏིང་ཟབ་དང་དམག་སྒྲིག དེ་བཞིན་འཐབ་རྒོལ་བྱེད་པའི་སྙིང་སྟོབས་གོང་སྤེལ་གཏོང་ཐབས་ཆེད་དམག་སྦྱོང་སྤྲོད་ཀྱི་ཡོད་པར་འགྲེལ་བརྗོད་བྱས་འདུག

དམག་གི་སྦྱོང་བརྡར་དེའི་ནང་མཉམ་ཞུགས་བྱེད་མཁན་རྒྱ་ནག་གི་སྐྱེས་པའི་ Gymnastics རྩལ་སྦྱོང་རུ་ཁག་གི་སློབ་སྟོན་པ་ Youxiao ཡིས་ཁོ་པའི་རུ་ཁག་ནང་བྱིས་པ་ལོ་ན་ ༧ ནས་ལོ་ ༢༥ བར་ཡོད་པར་འགྲེལ་བརྗོད་དང་སྦྲགས། ལོ་ཆེ་ཆུང་ལ་ལྟོས་མེད་ཚང་མས་བཅིངས་གྲོལ་དམག་སྦྱོང་གི་གོ་སྐབས་དམ་འཛིན་བྱེད་ཀྱི་འདུག་ཅེས་བཤད་འདུག

སྤྱིར་དེ་སྔ་རྒྱ་ནག་གི་རྐང་སྤོལ་རྩེད་འགྲན་པ་ཁག་གཅིག་ལའང་བཅིངས་གྲོལ་དམག་སྦྱོང་སྤྲད་མྱོང་ཡོད་པ་དང་། དེའང་རྒྱ་ནག་དམག་ཤོག་གི་ལྟ་གྲུབ་གོང་འཕེལ་བྱ་རྒྱུའི་ལས་འགུལ་གྱི་ཆ་ཤས་ཤིག་རེད་འདུག་ལ། འདི་ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ང་ཚོའི་ངོས་ནས་དམག་འཁྲུག་ནམ་བྱུང་ལ་གྲ་སྒྲིག་སྔོན་ཚོད་ནས་བྱེད་དགོས་ཞེས་པའི་གཏམ་བཤད་སྤེལ་ཡོད་པ་རེད།

ཐེངས་འདིའི་དམག་སྦྱོང་དེ་བཞིན་གཟའ་འཁོར་འདིའི་རེས་གཟའ་ཟླ་བ་ནས་གཟའ་འཁོར་རྗེས་མའི་རེས་གཟའ་མིག་དམར་བར་ཚོགས་ཀྱི་ཡོད་པ་དང་། སྔ་དྲོ་ནས་ཕྱི་དྲོ་བར་བྱིས་པ་དེ་དག་ལ་དམག་ཆས་གཙང་སྤྲས་ཀྱིས་རྩལ་འགྲན་བྱང་མའི་ཉམས་འགྱུར་དང་བཅས་སྦྱོང་བརྡར་སྤྲད་ཀྱི་ཡོད་པ་ལྟར། དམག་སྦྱོང་དེའི་ནང་རྒྱ་ནག་གི་རྩེད་རིགས་ལྟེ་གནས་ ༡༡ ནས་རྩལ་འགྲན་བྱང་མ་ཁྱོན་ ༩༣༢ མཉམ་ཞུགས་བྱས་འདུག

རྩལ་འགྲན་བྱང་མའི་བྱིས་པ་དེ་རྣམས་ལ་བཅིངས་གྲོལ་དམག་སྦྱོང་སྤྱོད་པའི་དགོས་དམིགས་གཙོ་བོ་གཅིག་ནི་རྒྱ་ནག་གི་རྩེད་འགྲན་སྡེ་ཁག་སྲ་བརྟན་དང་ཁྲིམས་སྒྲིག་ལྡན་པ་ཞིག་བཟོ་རྒྱུ་ཙམ་མ་ཟད། ཧྲང་ཧད་ཀྱི་དམག་མི་གཡོ་མེད་ཅིག་བསྐྲུན་ཆེད་ཡིན་པར་བཤད་འདུག

གཞི་རྩའི་འདས་ལོ་ནང་རྒྱ་ནག་གིས་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བ་དང་བོད་ཞི་བའི་བཅིངས་གྲོལ་ཞེས་པ་ཚུགས་ནས་ལོ་ ༧༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པའི་ཁྲོད། རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་བྱིས་པ་མང་དག་ཞིག་བཙན་ཤེད་ཀྱིས་བཅིངས་གྲོལ་དམག་ཁོངས་སུ་བཅུག་ནས་སྦྱོང་བརྡར་སྣ་མང་སྤྲད་ཡོད་པའི་གནས་ཚུལ་རིན་པ་ཐོན་ཡོད་པ་རེད། པར། AFP

འབྲེལ་ཡོད་གསར་གནས།

གསར་གནས།