Tibetan Royal Year of 2151 | Year of the Wood Dragon

ཁམས་སྡེ་དགེ་རྫོང་གི་དབོན་པོ་སྟོད་ཁུལ་གྱི་བོད་མི་མང་དག་སྡེབས་འཛིན།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

ཁ་སང་སྤྱི་ཚེས་ ༢༢ ཉིན་ཁམས་སྡེ་དགེ་རྫོང་དབོན་སྟོད་དགོན་དང་ཡེ་ན་དགོན་པའི་དགེ་འདུན་པ་དང་མང་ཚོགས་ཀྱིས་རྒྱ་གཞུང་ལ་མུ་མཐུད་ངོ་རྒོལ་བྱས་པར་བརྟེན་དགེ་འདུན་པ་དང་མང་ཚོགས་བརྒྱ་ཕྲག་སྡེབས་འཛིན་བྱས་པའི་གནས་ཚུལ་ཐོན་འདུག

སྡེ་དགེ་རྫོང་དབོན་ཐོག་གྲོང་ཚོའི་དགེ་འདུན་པ་དང་ས་གནས་མང་ཚོགས་ཀྱིས་གཟའ་འཁོར་སྔོན་མ་ནས་ཁུལ་དེར་ཆུ་མཛོད་གསར་རྒྱག་དང་འབྲེལ། དགོན་པ་གཏོར་བཤིག་དང་ཡུལ་མི་གནས་སྤོ་དགོས་པའི་བཙན་བཀར་ངོ་རྒོལ་གྱིས་པུས་མོ་ས་ལ་བཙུགས་ནས་ཚོར་ཤུགས་ཆེན་པོས་ཞུ་འབོད་གནང་བཞིན་པའི་ཁྲོད་འདིར། དེ་རིང་བརྒྱུད་ལམ་ཁག་གཅིག་ཏུ་ཡུལ་དངོས་ཀྱི་བརྙན་དང་བཅས་པའི་གནས་ཚུལ་གསར་དུ་ཕྱིར་གྱར་བྱུང་འདུག་པ་དེའི་ནང་བོད་མི་ཞིག་གིས་ཁ་སང་ཚེས་ ༢༢ ཉིན་གྱི་ཞོགས་པ་སྡེ་དགེ་རྫོང་དབོན་ཐོག་གྲོང་ཚོའི་ནང་སླར་རྒྱ་གཞུང་ཉེན་རྟོག་པ་སླེབས་ནས་དབོན་སྟོད་དགོན་དང་ཡེ་ན་དགོན་གྱི་དགེ་འདུན་པ་དང་དགོན་པའི་ཉེ་འཁོར་གྱི་མང་ཚོགས་མང་ཆེ་བ་སྡེབས་འཛིན་བྱས་འདུག་པ་དང་། སྐབས་དེར་ཉེན་རྟོག་པས་ཆུ་ཁ་ཚ་ (Pepper Spray) དང་གློག་འཁྱུད་མེ་མདའ་བཅས་བེད་སྤྱོད་བྱས་པར་བརྟེན་བོད་མི་མང་པོར་རྨས་སྐྱོན་ཕོག་ནས་ཛ་དྲག་ངང་སྡེ་དགེ་རྫོང་སྨན་ཁང་དུ་མྱུར་སྐྱོབ་ཆེད་བསྐྱལ་ཡོད་པ་མ་ཟད། དེའི་ཁོངས་གནས་ཚུལ་མཁོ་སྤྲོད་པའི་ཨ་ཞང་ལགས་ཀྱི་བཟའ་ཟླའང་ཡོད་པ་དང་ཁོ་མོར་ཉེས་རྡུང་དྲག་པོ་བཏང་རྐྱེན་ཁ་ནས་ཁྲག་བསྐྱུགས་ཡོད་པ་གསུངས་འདུག

རྒྱ་གཞུང་གིས་ཁམས་སྡེ་དགེ་རྫོང་གི་དབོན་པོ་སྟོད་ཁུལ་གྱི་བོད་མི་མང་དག་ཞིག་སྡེབས་འཛིན་བྱས་འདུག

འབྲེལ་ཡོད་བོད་མི་ཁག་གཅིག་གིས་བརྒྱུད་ལམ་ཁག་ལ་ངོ་སྤྲོད་གནང་གསལ་ལྟར་ན། ཁ་སང་སྤྱི་ཚེས་ ༢༡ ཉིན་གྱི་ཕྱི་དྲོ་ས་གནས་གཞུང་འབྲེལ་མི་སྣས་དབོན་སྟོད་དགོན་པའི་དོ་དམ་མི་སྣ་དང་སྡེ་པའི་འཐུས་མི་ཚོ་དང་སྐད་ཆ་བཤོད་རྒྱུ་ཡིན་སྐོར་བརྗོད་དེ་ཐུགས་འཕྲད་བྱས་རྗེས་མཐར་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད།
དེའི་རྗེས་ས་ཁུལ་དེའི་ཁ་པར་དང་དྲ་རྒྱ། གཞུང་ལམ་སོགས་བཀག་འགོག་དང་ཉེན་རྟོག་པ་རྣམས་དགོན་པ་དང་སྡེ་བའི་གཞུང་ལམ་དུ་འཛོམས་ནས་སྡེ་བ་ཕན་ཚུན་བར་འབྲེལ་བ་བྱེད་མི་བཅུག་པ་མ་ཟད། གང་བྱུང་བསྐྱོད་མི་ཆོག་པ་སོགས་ཀྱི་བཀག་སྡོམ་བྱས་ཡོད་པར་རེད་འདུག  

གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་ན་ཁ་སང་ཞོགས་པ་ཉེན་རྟོག་པས་དབོན་སྟོད་དགོན་དང་གྲོང་ཚོའི་ནང་རྒན་ཁོག་དང་ཕྲུ་གུ་ཕུད་པའི་དགེ་འདུན་པ་དང་མང་ཚོགས་ཕོན་ཆེ་བ་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་མི་དམངས་ཀྱི་ལག་ཐོག་ཁ་པར་གཞུང་བཞེས་བཏང་སྟེ་ཕྱི་ལ་བརྙན་པར་སོགས་འབྲེལ་ཡོད་གནས་ཚུལ་འགྲེམས་སྤེལ་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ཡེ་ན་དགོན་གྱི་དགེ་འདུན་པ་དང་མང་ཚོགས་མང་པོ་ཞིག་ཀྱང་འཛིན་བཟུང་བྱས་ཏེ་གནས་སྟངས་གཅིག་མཚུངས་སུ་གྱུར་ཡོད་པར་གསུངས་འདུག

རྩ་བའི་ད་རེས་སྡེ་དགེ་རྫོང་དབོན་ཐོག་གྲོང་ཚོའི་ས་གནས་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ཚོར་ཤུགས་ཆེན་པོའི་ཞུ་འབོད་གནང་བཞིན་པའི་བརྙན་དང་པར་བཅས་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིར་གྱར་བྱུང་བཞིན་པ་དང་སྦྲགས་ཏེ་བཙན་བྱོལ་བོད་མི་མང་ཚོགས་ཀྱིས་སྡེ་དགེ་རྫོང་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་མཆན་བཀོད་མང་དག་བཀོད་བཞིན་པ་མ་ཟད། ཁ་སང་བཞུགས་སྒར་དུ་བོད་མི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་ཐུན་མོང་གིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཏེ་རྒྱལ་ཚོགས་གཙོས་རྒྱལ་ཁབ་ཁག་ནང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་སྣང་དང་རྒྱབ་སྐྱོར་ཡོང་བའི་ཞུ་འབོད་གནང་ཡོད་པ་རེད།

Dege Solidarity Protest

འབྲེལ་ཡོད་གསར་གནས།

གསར་གནས།