Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་རྟ་དབང་དགོན་པའི་སྐུ་ཚབ་མི་སྣ་ཁག་ཅིག་ལ་མཇལ་ཁ་སྕལ་བ།

Tibetan News Headlines

  • Dalai Lama urges devotees to practice warmheartedness and embrace concept of emptiness
  • Sikyong engages with parliamentarians from Austria and Italy, urging them to advocate for Tibet
  • PRC continued to restrict and seek to control religious practices of Tibetans: CECC
  • China: Overseas students face harassment and surveillance in campaign of transnational repression
  • CTA urges caution as Tibetans seek voting rights amidst Indian election
  • Hunsur Rabgayling gears up for the 29th GCM football tournament

རེས་གཟའ་ཟླ་བ། ༢༠༢༤།༠༥།༡༣

  • བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་མ་ཎི་གསོག་སྒྲུབ་གནང་དགོས།
  • ཨོ་སི་ཊྲི་ཡ་དང་ཨི་ཊ་ལི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • རྒྱ་གཞུང་གིས་བོད་མིའི་ཆོས་དད་ལ་མུ་མཐུད་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱས་པ་མངོན་གསལ།
  • རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་ར་སྤྲོད།
  • རྒྱ་གར་ཆབ་སྲིད་ནང་ཞུགས་ཏེ་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་འགན་བཞེས་དགོས་པ།
  • རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པ་གནངས་ཉིན་ནས་དབུ་འཛུགས།

དེ་རིང་སྔ་དྲོ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་མཁན་རིན་པོ་ཆེ་མཆོག་གིས་དབུས་པའི་སྐུ་ཚབ་མི་སྣ་ཁག་ཅིག་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་དང་འབྲེལ། མཇལ་ཁའི་སྐབས་མགོན་པོ་༸གང་ཉིད་མཆོག་གིས་དགོན་པོའི་ནང་རྟེན་དུ་གསེར་ཟངས་ཀྱི་རྒྱུ་ལས་གྲུབ་པའི་༸དཔལ་ལྡན་ལྷ་མོའི་སྐུ་འདྲ་ཞིག་དང་གནས་ཆུང་འཕྲིན་ལས་རྒྱལ་པོའི་སྐུ་འདྲ་བཅས་གསོལ་བསྩལ་གནང་འདུག་པ་མ་ཟད། ༸གོང་ས་མཆོག་ནས་འདི་ལོར་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་བཀྲིན་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་འདུག

མཇལ་ཁ་གྲུབ་མཚམས་འདི་ག་གསར་འགོད་པས་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱི་བླ་མ་སློབ་དཔོན་ཟུར་པ་ངག་དབང་ནོར་བུ་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས། མོན་ཡུལ་དང་ལྷག་པར་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པ་དང་༸གོང་ས་སྐུ་ཕྲེང་རིམ་བྱོན་བར་འབྲེལ་ལམ་ཟབ་པ་མ་ཟད། ༸གོང་ས་སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་མེ་རག་བླ་མ་བློ་གྲོས་རྒྱ་མཚོས་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་ཕྱག་བཏབ་གནང་མཛད་སྐབས་༸རྒྱལ་དབང་སྐུ་ཕྲེང་ལྔ་པས་དགོན་པའི་སྲུང་མར་༸དཔལ་ལྡན་ལྷ་མོའི་སྐུ་བརྙན་ཞིག་གསོལ་རྩལ་མཛད་པའི་ལོ་རྒྱུས་ངོ་སྤྲོད་ཐོག་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ཚོགས་པས་དེ་སྔ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མི་རབས་ནས་མི་རབས་བར་གནས་རྒྱུའི་གསེར་ཟངས་ལས་གྲུབ་པའི་སྐུ་འདྲ་ཞིག་གསོལ་སྩལ་ཡོང་བ་གསོལ་འདེབས་ཞུས་པ་བཞིན། དེ་རིང་གི་མཇལ་ཁའི་ཐོག་གསེར་ཟངས་ལས་གྲུབ་པའི་༸དཔལ་ལྡན་ལྷ་མོའི་སྐུ་འདྲ་ཞིག་དང་གནས་ཆུང་འཕྲིན་ལས་རྒྱལ་པའི་སྐུ་འདྲ་ཞིག་གསོལ་བསྩལ་མཛད་པ་གསུངས་སོང་།

ལྷག་པར་དེ་རིང་མཇལ་ཁའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་ཁུལ་དུ་ཆིབས་བསྒྱུར་བཀྲིན་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་དོན་བཞིནམགོན་པོ་༸གང་ཉིད་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་བཀའ་བཞེས་བཟང་པོ་མཛད་པ་འབྲེལ། རིང་མིན་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་བཞུགས་སྒར་དུ་ཆེད་བཅར་གྱིས་ཆིབས་བསྒྱུར་གསོལ་འདེབས་ཞུ་རྒྱུ་ཡིན་པ་གསུངས་སོང་།

བླ་མ་སློབ་དཔོན་ཟུར་པ་ངག་དབང་ནོར་བུ་ལགས་ཀྱིས་འདི་ལོར་༸གོང་ས་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ བདག་གིར་བཞེས་ཀྱི་ཡོད་པ་དང་ལྷན་ ༡༩༥༩ ལོར་༸གོང་ས་མཆོག་རྒྱ་གར་དུ་ཆིབས་བསྒྱུར་མཛད་དེ་རྟ་དབང་དགོན་པར་ཆོས་འབྲེལ་ཐོག་མར་མཛད་རྗེས་མི་ལོ་ཧྲིལ་པོ་ ༦༥ འཁོར་གྱི་ཡོད་པ་དང་བསྟུན། མོན་ཡུལ་ལྷ་སྡེ་མི་སྡེ་ཡོངས་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་འཆར་དང་། བསྟན་སྲིད་སྤྱིའི་ཆེད་དུ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བཀའ་དབང་ཞིག་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་དོན་བཞིན་ཞལ་བཞེས་མཛད་ཡོད་པ་མ་ཟད། མོན་མི་མང་ནས་བཀྲིན་རྗེས་དྲན་མཚོན་ཆེད་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགུ་སྟོན་གྱི་མཛད་སྒོ་ཞིག་ཀྱང་གོ་སྒྲིག་ཞུ་འཆར་ཡོད་པ་གསུངས་སོང།

འབྲེལ་ཡོད་གསར་གནས།

གསར་གནས།