Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་དུ་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས་ལ་གཟེངས་རྟགས་དང་ཆེ་བསྟོད།

Tibetan News Headlines

  • Tibetan monk detained for WeChat post, writer severely ill after forced labour in prison
  • Tibetan netizens express concerns over ban and removal of Tibetan language post on Douyin
  • “India should revise Tibet policy on China occupation, make stance clear on Dalai Lama’s succession”: Indian diplomat
  • Postcard book titled ‘108 Exile Tibetan Visual Artists’ launched in Dharamshala 

རེས་གཟའ་མིག་དམར། ༢༠༢༤།༠༧།༠༢

  • རྒྱ་ནག་གི་ཁྲིམས་ལུགས་ལ་སྐྱོན་བརྗོད་བྱས་པར་སྙད་འདོགས་ཏེ་དགེ་འདུན་པ་ཞིག་འཛིན་བཟུང་།
  • རྒྱ་ནག་གི་ཐད་གཏོང་མཉེན་ཆས་ Douyin ནང་བོད་ཡིག་བཀག་སྡོམ་བྱས་པར་བོད་མི་ཚོས་སེམས་འཚབ་བྱེད་བཞིན་པ།
  • རྒྱ་གར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དང་༸སྐུའི་ཡང་སྲིད་གནད་དོན་ཐོག་ལངས་ཕྱོགས་གསལ་པོ་བཟོ་དགོས།
  • ༸སྐུའི་ཡང་སྲིད་དེ་བཞིན་རང་དབང་ཡོད་སའི་ས་ཚིགས་ལས་རྒྱ་ནག་ལ་འཁྲུངས་ཀྱི་མེད་ཅེས་བཀའ་སྩལ་བ།
  • བཙན་བྱོལ་ནང་གི་རི་མོའི་སྒྱུ་རྩལ་བ་ ༡༠༨ གི་སྦྲག་ཡིག་ ༡༠༨ ཞེས་པའི་དཔེ་དེབ་གསར་པ་དབུ་འབྱེད།

ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༡ ཚེས་ ༢༡ ཉིན་དབྱིན་ཇིའི་རྒྱལ་པོ་གསུམ་པ་ Charles ཡིས་ཆེད་འཛུགས་གནང་བའི་ The Faith & Belief Forum ཞེས་པའི་ཚོགས་པ་དེས་དབྱིན་ཡུལ་གྱི་ 7th London Award གཟེངས་རྟགས་ཀྱི་ནང་ནས་ Community Award འམ་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་དེ་བཞིན་དབྱིན་ཡུལ་གྱི་རྒྱལ་ས་ London ནང་རྟེན་གཞི་བྱས་པའི་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས་རྟག་བརྟན་ཕུན་ཚོགས་གླིང་ལ་འབུལ་བཞེས་གནང་དོན་ལྟར། ཉེ་ལམ་ཕྱི་ཚེས་ ༨ ཉིན་ 7th London Award བཞེས་མཁན་གྱི་ཚོགས་པ་དང་མི་སྒེར་སོགས་གྲངས་ཉིས་སྟོང་ལྷག་དབྱིན་ཇིའི་རྒྱལ་པོ་ Charles III མཆོག་གི་ཕོ་བྲང་གི་ལྡུམ་རའི་སྤྲོ་སྐྱིད་གླིང་དུ་གདན་ཞུ་གནང་ནས་ཆེ་བསྟོད་ཀྱི་མཛད་སྒོ་དང་གསོལ་ཚིགས་བཅས་འདེགས་འབུལ་ཞུས་ཡོད་འདུག

Martsang kagyud Award
སྐུ་པར། སྨར་ཚང་བཀའ་བརྒྱུད། ངོ་དེབ།

རྒྱལ་པོའི་ཕོ་བྲང་དུ་ཆེ་བསྟོད་ཀྱི་གསོལ་ཚིགས་འདེགས་འབུལ་ཞུས་པའི་མཛད་སྒོའི་ཐོག་དབྱིན་ཇིའི་རྒྱལ་པོ་གསུམ་པ་ Charles མཆོག་དང་ཁོང་གི་བཙུན་མོ་དབུས་པའི་རྒྱལ་པོའི་ཆོས་ལུགས་ཀྱི་བླ་ཆེན་དང་། མཐོ་རིམ་མི་སྣ་བཅས་ཆེད་ཕེབས་ཀྱིས་གཟེངས་རྟགས་བཞེས་མཁན་རེ་རེ་དང་ལྷན་དུ་མཇལ་མོལ་གནང་ཡོད་པ་རེད་འདུག གནད་དོན་དེ་དང་འབྲེལ་ནས་ཆེ་བསྟོད་ཀྱི་མཛད་སྒོར་བཅར་མཁན་ཆོས་ཚོགས་རྟག་བརྟན་ཕུན་ཚོགས་གླིང་ཆེད་བཙུགས་གནང་མཁན་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།

Martsang kagyud Award
སྐུ་པར། སྨར་ཚང་བཀའ་བརྒྱུད། ངོ་དེབ།

རྩ་བའི་དབྱིན་ཡུལ་དུ་ཕྱི་པ་དང་ནང་པ་སོགས་གཞུང་འབྲེལ་དེབ་སྐྱེལ་བྱས་པའི་ཆོས་ཚོགས་བཞི་ཁྲི་དགུ་སྟོང་ལྷག་ཡོད་འདུག་པ་མ་ཟད། དབྱིན་ཡུལ་གྱི་རྒྱལ་ས་ London གཅིག་པོའི་ནང་ཆོས་ཚོགས་ཉིས་སྟོང་ལྷག་ཡོད་པའི་ཁྲོད་འདིར་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས་རྟག་བརྟན་ཕུན་ཚོགས་གླིང་ལ་གཟེངས་རྟགས་དེ་བཞིན་གཙོ་བོ་གནད་དོན་གཉིས་ཀྱི་ཐོག་ནས་འབུལ་བཞེས་མཛད་ཡོད་པའི་སྐོར་ལ་རིན་པོ་ཆེས་འདི་ལྟར་ངོ་སྤྲོད་གནང་སོང་།

Martsang kagyud Award
སྐུ་པར། སྨར་ཚང་བཀའ་བརྒྱུད། ངོ་དེབ།

གཞི་རྩའི་དབྱིན་ཡུལ་དུ་རྟེན་གཞིར་བྱས་པའི་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས་རྟག་བརྟན་ཕུན་ཚོགས་གླིང་དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་ཆེད་འཛུགས་ཀྱིས་ཁུལ་དེར་སྨར་ཚང་ལམ་རིམ་འཆད་ཁྲིད་གནང་རྒྱུ་གཙོས་སངས་རྒྱས་སྨན་བླ་དང་སྒྲོལ་མའི་དབང་དང་སྒྲུབ་ཐབས་འཆད་འཁྲིད། དེ་བཞིན་ཟླ་རེར་སྒྲོལ་ཆོག་དང་སྨན་བླའི་སྒྲུབ་མཆོད་སོགས་ཚོགས་གནང་གི་འདུག་པ་མ་ཟད། དྲན་པ་ཉེར་བཞག་གི་སྒོམ་གནང་སྟངས་སྐོར་དྲ་ཐོག་ནས་སློབ་འཁྲིད་སོགས་གནང་གི་འདུག

Martsang kagyud Award
སྐུ་པར། སྨར་ཚང་བཀའ་བརྒྱུད། ངོ་དེབ།

འབྲེལ་ཡོད་གསར་གནས།

གསར་གནས།