Tibetan Royal Year of 2151 | Year of the Wood Dragon

ཨོ་གླིང་གྲོས་ཚོགས་འཐུས་མི་ཟུར་པས་བོད་དོན་སོགས་ཀྱི་ཆེད་དུ་ཉིན་གྲངས་ ༡༧ རིང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་འདུག

Tibetan News Headlines

  • More than 1700 Tibetan monks in Ngaba forced to attend boarding school
  • Uzra Zeya, Pema Khandu join well-wishers in wishing the Dalai Lama a speedy recovery
  • Dharamshala hosts Tibetan youth convention to foster Tibetan democracy
  • Uttarakhand CM visits Dhondupling Clement town to hear Modi’s ‘Mann Ki Baat’
  • China’s Panchen visits Jokhang Temple in ‘Chinese city of Lhasa’
  • Potala XI Odisha wins first-Ever APFA gold cup tournament

རེས་གཟའ་ཟླ་བ། ༢༠༢༤།༠༧།༠༡

  • རྔ་བ་ཁུལ་གྱི་གྲྭ་ཕྲུག་ ༡༧༠༠ ལྷག་བཙན་དབང་གི་སློབ་འཇུག་བྱས་པ་སོགས་ཀྱི་བོད་མིའི་ཐོག་ཕྱོགས་གང་ས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།
  • ༸གོང་ས་མཆོག་གི་ཞབས་པུས་བརྗེ་འགྱུར་གྱི་གཤག་བཅོས་ལེགས་གྲུབ་བྱུང་བ།
  • བོད་རིགས་ན་གཞོན་འདུ་འཛོམས་ཐེངས་དང་པོ་དབུ་འཛུགས།
  • ཨུ་ཏྟར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ཆེད་ཕེབས་གནང་བ།
  • རྒྱ་དམར་གྱི་པཎ་ཆེན་རྒྱལ་མཚན་ནུར་བུ་ལྷ་སའི་ཇོ་ཁང་དུ་གནས་གཟིགས།
  • ཨོ་རི་ས་གཞིས་ཆགས་ལ་ཨ་ཕ་གསེར་གྱི་ཕོར་པའི་རྐང་སྤོལ་རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁ་ཐོབ་པ།

ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་བ་ཡུལ་དེའི་ལྗང་ཁུ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་སྐུ་ Janet Rice ཇའ་ནེཊ་རཡིས་ལགས་ཀྱི་སྣེ་ཁྲིད་འོག་ཉིན་གྲངས་ ༡༧ རིང་བོད་དོན་དང་པེ་ལིས་ཊཡིན། དེ་བཞིན་ནུབ་ Papua བཅས་ཀྱི་གནད་དོན་དྲིལ་བསྒྲགས་དང་དཔལ་འབྱོར་འདུ་འགོད་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་གནང་འདུག

དེ་ཡང་ལྕམ་སྐུ་ Janet Rice ལགས་ཀྱིས་སྣེ་ཁྲིད་འོག་ཟླ་བ་འདིའི་ཕྱི་ཚེས་ ༡༤ ནས་དབུ་འཛུགས་ཀྱིས་ཁ་སང་ཚེས་ ༣༠ བར་ཡུལ་དེའི་རྒྱལ་ས་ Canberra ནས་ཁོ་མོའི་གནས་ཡུལ་ Melbourne བར་སྤྱི་ལེ་ ༨༥༠ ཁྱོན་ཉིན་གྲངས་ ༡༧ རིང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་འདུག་པ་དང་། ཉིན་དང་པོར་ཁོ་མོས་ངོ་དེབ་ཐོག་སྤེལ་བའི་གནས་ཚུལ་ནང་། རྐང་འཁོར་སྐོར་བསྐྱོད་དེའི་བརྒྱུད་རང་ཁྱིམ་དུ་ལོག་སྟེ། རང་ཉིད་གྲོས་ཚོགས་ནང་ལོ་ངོ་བཅུ་ཕྲག་གཅིག་རིང་ཉམས་མྱོང་བསགས་རྗེས་ཀྱི་འཚོ་བའི་འགྱུར་མཚམས་ཤིག་མཚོན་གྱི་ཡོད་ཅིང་། མུ་མཐུད་གནད་དོན་འདྲ་མིན་གྱི་ཐོག་ལ་ཞུ་གཏུག་དང་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་གསུངས་འདུག་པ་མ་ཟད།  བོད་དོན་དང་པེ་ལིང་ཊཡིན། དེ་བཞིན་ནུབ་ Papua བཅས་ཀྱི་གནད་དོན་དྲིལ་བསྒྲགས་མཚོན་པའི་དཔལ་འབྱོར་འདུ་འགོད་གནང་ནས་སོ་སོར་བགོ་འགྲེམས་ཀྱིས་འཐབ་རྩོད་ཀྱི་ནུས་པ་ཆེད་དུ་སྤུང་རྒྱུ་ཡིན་པ་གསུངས་འདུག

Tibetan Community of Victoria President-Samdup

ཁ་སང་ལས་འགུལ་གྱི་ཉིན་མཐའ་མ་དེ་ Melbourne མེལ་བྷོན་ས་གནས་ཀྱི་ Dandenong ནས་ Footscray བར་གནང་ཡོད་པ་དང་འབྲེལ། སྔ་དྲོ་ Dandenong ས་གནས་ཀྱི་བོད་མི་ཚོས་ཁོང་རྣམ་པ་ཕེབས་སྐྱེལ་ཞུས་འདུག་ཅིང་། ཉིན་རྒྱབ་ཕྱག་ཚོད་ ༣ པའི་ཐོག་ཁོང་རྣམས་ Footscray Community Arts Center ལྟེ་གནས་ཁང་གི་མདུན་ཐང་དུ་ཝིག་ཊོ་རི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པས་ཕེབས་བསུ་སྣ་ལེན་གཟབ་རྒྱས་ཞུས་པ་དང་སྦྲགས། མཛད་སྒོ་ཞིག་ཀྱང་ཚོགས་གནང་འདུག

Tibetan Community of Victoria President-Samdup

སྐབས་དེར་ཁོ་མོས་གཏམ་བཤད་ཐུང་ངུ་ཞིག་གནང་ཡོད་པ་དེའི་ནང་། དེ་རིང་འདིར་ང་ཚོ་ལ་དེ་ལྟར་སྣེ་ལེན་ཞུས་པ་ཧ་ཅང་དམིགས་བསལ་དང་སེམས་འགུལ་ཐེབས་པ་ཞིག་བྱུང་ཡོད་སྐོར་དང་། ལྷག་པར་ཁོ་མོས་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་བོད་དོན་སྐོར་གླེང་སློང་བྱས་ཐུབ་པ་དེ་དགའ་སྤོབས་ཡོད་པ་མ་ཟད། མུ་མཐུད་དེ་ལྟར་གནང་རྒྱུ་ཡིན་ཞིང་། ང་ཚོའི་བར་གྱི་འབྲེལ་བ་དེ་དམིགས་བསལ་ཅན་ཞིག་རེད་ཅེས་གསུངས་འདུག

Tibetan Community of Victoria President-Samdup

འདི་ག་རླུང་འཕྲིན་ཁང་ནས་གནད་དོན་དེ་དང་འབྲེལ་ཝིག་ཊོ་རི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསམ་གྲུབ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ལྕམ་སྐུ་ Janet Rice ལགས་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་དང་སེམས་ཁུར་གནང་མཁན་ཞིག་ཡིན་པ་དང་འབྲེལ། གྲོས་ཚོགས་འཐུས་མིའི་ཐུགས་འགན་བཞག་ནས་ཐེངས་དང་པོ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བ་དེ་བོད་སོགས་ཀྱི་གནས་སྟངས་འདྲ་བའི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆེད་དུ་བདེན་པའི་ལས་འགུལ་ཞིག་ཆགས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་། ལྷག་པར་མཛད་སྒོའི་སྐབས་མི་རིགས་གཞན་ཁག་གཅིག་ནས་ལྕམ་སྐུ་ཁོང་ལ་ཐུགས་རྗེ་ལེགས་འབུལ་ཞུ་ཆེད་མི་སྣ་ཁག་གཅིག་ཀྱང་མཉམ་ཞུགས་གནང་འདུག་ཅིང་། བོད་རིགས་ཚོགས་པའི་ངོས་ནས་ལྕམ་སྐུ་ཁོང་ལ་བོད་ཀྱི་བདེན་དོན་ཆེད་དུ་ལས་འགུལ་དེ་ལྟར་སྤེལ་བར་ཐུགས་རྗེ་ཆེ་ཞུས་ཡོད་མ་ཟད། ཕེབས་བསུ་དེའང་བོད་ལུགས་ཀྱི་རིག་གཞུང་དང་མཐུན་པའི་སྒོ་ནས་ཞུས་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

Tibetan Community of Victoria President-Samdup

རྩ་བའི་ལྕམ་སྐུ་ Janet Rice ལགས་ཀྱིས་ལས་འགུལ་དེ་བཞིན་འདི་ཚེས་ ༡༤ ཉིན་ཡུལ་དེའི་གྲོས་ཚོགས་ཕྱི་ནས་འགོ་འཛུགས་བྱས་འདུག་པ་དང་། སྐབས་དེར་ལྗང་ཁུ་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་གཙོས་པའི་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ལས་བྱེད་ཁག་ནས་ཕེབས་སྐྱེས་ཞུས་འདུག

Tibetan Community of Victoria President-Samdup

ལྕམ་སྐུ་ཁོང་ནི་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད། ཨོ་གླིང་གྲོས་ཚོགས་ནང་བོད་དོན་གླེང་སློང་གི་རིམ་པ་མང་པོ་གནང་ཡོད་པ་མ་ཟད། ཁོང་གྲོས་ཚོགས་འཐུས་མིའི་ཐུགས་འགན་བཞེས་མཚམས་འཇོག་པའི་རྗེས་སུ་ཡུལ་དེའི་ Australia Tibet Council ཞེས་ཨོ་གླིང་བོད་དོན་ལས་འགུལ་ཁང་ནང་འཛུལ་བཞུགས་གནང་ཡོད་པ་རེད་འདུག

Tibetan Community of Victoria President-Samdup
Janet Rice

འབྲེལ་ཡོད་གསར་གནས།

གསར་གནས།