Tibetan Royal Year of 2151 | Year of the Wood Dragon

ཨ་ཕའི་རྐང་སྤོལ་རྩེད་འགྲན།

Tibetan News Headlines

  • Local religious heads of Dharamsala come together to pray for successful knee treatment of Dalai Lama
  • Former MP Jigmey Jungney formally takes charge as Representative of Delhi Bureau
  • China’s Communist Party expels ex-defence ministers over corruption charges
  • Public poll calls for urgent reform in Tibetan democracy

རེས་གཟའ་པ་སངས། ༢༠༢༤།༠༦།༢༨

  • ༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་སླད་བོད་མི་ཙམ་མ་ཟད་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་འགོ་ཁྲིད་རྣམས་ནས་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།
  • ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་དེ་རིང་དངོས་སུ་ལས་འཁུར་གྱི་ཐུགས་འགན་བཞེས་འདུག
  • རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་དམར་ཤོག་ཚོགས་པ་ནས་ཕྱིར་འབུད།
  • བོད་མིའི་བསམ་ཚུལ་བསྡུ་ལེན་གྱི་སྙན་ཐོ་དབུ་འབྱེད། 

ལོ་གྲངས་ ༤༠ ཡན་གྱི་པཱ་ལགས་ཚོའི་རྐང་སྤོལ་རྩེད་འགྲན་དེ་རྒྱ་གར་གྱི་ཨུ་ཏར་ཁྣཊ་མངའ་སྡེའི་དོན་གྲུབ་གླིང་ཀེལ་མེན་ཊ་ཝོན་གཞིས་ཆགས་སུ་ཁ་སང་ཕྱི་ཟླ་ ༦ ཚེས་ ༡༦ ཉིན་འགོ་འཛུགས་བྱས་སོང་བ་དང་།  ཉིན་དེའི་ཕྱི་དྲོ་དབུ་འབྱེད་ཀྱི་རྩེད་འགྲན་དེ་བཞིན་མགྲོན་བདག་དོན་གྲུབ་གླིང་རུ་ཁག་དང་། མེའོ་ཆོས་འཕེལ་གླིང་རུ་ཁག་དབར་གནང་ཡོད་པ་རེད།

གཞི་རྩའི་བོད་རིགས་ཚོ་རྩེད་མོའི་རིགས་ལ་དགའ་ཞེན་ཡོད་མཁན་ཞིག་ཡིན་པ་མ་ཟད།  ལྷག་པར་རྐང་རྩེད་སྤོ་ལོ་ལ་མང་ཆེ་བས་དགའ་སྣང་ཆེན་པོ་གནང་གི་ཡོད་པ་རེད། འོན་ཀྱང་།  བཙན་བྱོལ་ནང་གི་ཕོ་གསར་ཕན་ཚུན་བར་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་དང་དེ་མིན་གྱི་ས་གནས་སོ་སོར་རྐང་སྤོལ་རྩེད་འགྲན་སྣ་མང་ཞིག་གནང་གི་ཡོད་ཀྱང་།  ལོ་ན་རྒན་གྲས་རྐང་སྤོལ་ལ་དགའ་ཞེན་ཡོད་མཁན་ཚོ་ལྟད་མོ་ལྟ་རྒྱུ་ཙམ་ལས་འགྲན་བསྡུར་རིགས་མེད་སྟབས།   ད་ལྟའི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མགོ་ལོག་ཚེ་རིང་ཡེ་ཤེས་ལགས་ཀྱིས།   ཨ་ཕའི་རྩེད་མོ་དེ་བཞིན་དམིགས་ཡུལ་གཙོ་བོ་དེ་ལོ་ངོ་ ༤༠ ཡན་གྱི་སྐྱེས་པ་ཚོའི་འཕྲོད་བསྟེན་བདག་སྲུང་ཆེད་དུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག

ད་རེས་ཀྱི་ཨ་ཕའི་རྐང་སྤོལ་རྩེད་འགྲན་ཐེངས་དང་པོའི་ཐོག་བལ་ཡུལ་དང་།  རྒྱ་གར་བྱང་ཤར་ཁུལ།   ལྷོ་ཕྱོགས་བཅས་ནས་ཁྱོན་རུ་ཁག་ ༡༤ མཉམ་ཞུགས་གནང་ཡོད་པ་མ་ཟད།   ཁ་སང་ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༢༩ བར་ཁྱོན་ཉིན་གྲངས་ ༡༤ རིང་རྩེད་འགྲན་གནང་རྒྱུ་ཡིན་པ་རེད།

རྩ་བའི་རྩེད་འགྲན་ད་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་སུ་མི་རབས་རྒན་པ་ཚོའི་ཆེད་དུ་ཚུལ་མཐུན་གྱི་སྒོ་ནས་གོ་སྒྲིག་ཞུས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་།   ཁ་སང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཆེད་ཕེབས་གནང་ཡོད་ཅིང་། ཁོང་གི་སྐབས་དེར་ལོ་ངོ་ ༤༠ ཡན་གྱི་རྒན་གྲས་ཚོ་ནང་མི་དང་སྤྱི་ཚོགས་གཉིས་ཀར་འགན་ཡོད་པའི་མི་ཞིག་ཡིན་སྟབས་ཁོང་ཚོའི་འཕྲོད་བསྟེན་དང་སེམས་ཀྱི་བདེ་སྐྱིད་བཅས་ནི་སྤྱི་ཚོགས་ཡར་རྒྱས་ཀྱི་གཞི་རྩ་ཡིན་པའི་སྐོར་སོགས་གསུངས་ཡོད།

གང་ལྟར་ཡང་ཁ་སང་དབུ་འབྱེད་ཀྱི་རྩེད་འགྲན་ཐོག་པཱ་ལགས་དང་ཨ་མ་ལགས་ཙམ་མ་ཟད་གཞོན་སྐྱེས་དང་། ལོ་ན་བགྲེས་སོང་སོགས་གཟིགས་མོ་བ་མི་གྲངས་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་བྱུང་འདུག་པ་མ་ཟད། དོན་གྲུབ་གླིང་དང་མེའོ་རུ་ཁག་གཉིས་ཀྱི་རྩེད་འགྲན་སྐབས།   བར་མཚམས་གཉིས་པའི་དུས་ཚོད་དཀྱིལ་ཙམ་ལ་དོན་གྲུབ་གླིང་གཞིས་ཆགས་ཀྱི་སྤོ་ལོ་གཅིག་བཅུག་སྟེ།   སྤོ་ལོ་ ༡ དང་ ༠ བཅས་ League འགྲན་བསྡུར་ལམ་ལུགས་ལྟར་དོན་གྲུབ་གླིང་རུ་ཁག་ལ་ཨང་ཀི་གསུམ་ཐོབ་ཡོད་པ་རེད་།

འབྲེལ་ཡོད་གསར་གནས།

གསར་གནས།