Tibetan Royal Year of 2151 | Year of the Wood Dragon

བོད་རིགས་ན་གཞོན་འདུ་འཛོམས་ཐེངས་དང་པོ་དབུ་འཛུགས།

Tibetan News Headlines

  • Dalai Lama’s 89th birthday marked in French Senate
  • UN Member States urged to press Beijing on UPR recommendations
  • 2nd International Tibet Youth Forum concludes
  • Labor Party wins UK General Election; Keir Starmer succeeds Sunak as next British PM

རེས་གཟའ་པ་སངས། ༢༠༢༤།༠༧།༠༥

  • ཧྥ་རན་སིའི་གྲོས་ཚོགས་སུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་སོག་ཡུལ་དུ་སྙིང་རྗེའི་དུས་སྟོན་སྒོ་ནས་འཁྲུངས་སྐར་བསུ་བརྩི་ཞུ་རྒྱུ།
  • རྒྱལ་ཚོགས་ངོས་ནས་དུས་བཀག་བསྐྱར་ཞིབ་ཀྱི་རྒྱབ་གཉེར་ཐད་རྒྱ་ནག་ལ་གནོན་ཤུགས་ཇེ་ཆེར་སྤྲོད་དགོས།
  • རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་མཇུག་སྒྲིལ།
  • ཨིན་ཡུལ་འོས་བསྡུའི་ནང་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཐོབ་པ།

དེ་རིང་ཕྱི་ཟླ་ ༧ ཚེས་ ༡ ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་གོ་སྒྲིག་འོག་ Dhauladhar Heights Resort གསོལ་མགྲོན་ཁང་དུ་ཉིན་གྲངས་ ༥ རིང་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་། འཛིན་སྐྱོང་སྲ་བརྟན་གྱི་ལས་འཆར་ཞེས་པའི་བརྗོད་གཞིའི་ཐོག་བོད་རིགས་ན་གཞོན་འདུ་འཛོམས་ Tibetan Youth Convention དབུ་འཛུགས་གནང་སོང་བ་དང་འབྲེལ། སྲིད་སྐྱོང་མཆོག་ནས་བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱ་ནག་གི་གནས་ཚུལ་ཐད་དོ་སྣང་བྱ་དགོས་གལ་ཡིན་པ་ནན་བརྗོད་གནང་སོང་།

དེ་ཡང་བོད་རིགས་ན་གཞོན་འདུ་འཛོམས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། དེ་བཞིན་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་རྡ་ས་ཁུལ་གྱི་སློབ་སྟོན་པ་བསྟན་འཛིན་བཟང་མོ་ལགས། དེ་བཞིན་རྒྱ་གར་དང་བལ་ཡུལ་ཁུལ་གྱི་ཚོགས་པ་ ༢༤ ནས་གཞོན་སྐྱེས་འགོ་ཁྲིད་ ༣༨ ནས་མཉམ་ཞུགས་གནང་འདུག

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གསུང་བཤད་གནང་བའི་ཁྲོད་གཞོན་སྐྱེས་རྣམས་རང་ཉིད་ཀྱི་མི་ཚེ་བསྐྱལ་རྒྱུ་དང་རྒྱ་ཆེ་ནས་བོད་ཀྱི་རྩ་དོན་ཆེད་དུ་གནས་ཚུལ་གང་ཡིན་ཡང་ཕྱོགས་ཡོངས་ནས་གོ་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་ཐོག་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་འགན་འཁུར་བླངས་དགོས་པ་དང་། ལྷག་པར་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ། རྒྱ་གཞུང་གིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་ཀྱི་ལོ་རྒྱུས་ཐད་འཁྱོག་བརྗོད་བྱེད་པ་དེར་གདོང་ལེན་ཆེད་དུ་བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པའི་ཐོག་འབད་བརྩོན་བྱེད་མུས་ཡིན་ཞིང་། དེ་ཡང་རྒྱ་གཞུང་དང་། རྒྱལ་སྤྱིའི་སྤྱི་ཚོགས། དེ་བཞིན་བོད་མི་གཞོན་སྐྱེས་དང་། རང་བཙན་དང་དབུ་མའི་ལངས་ཕྱོགས་འཛིན་མཁན་བཅས་དགོས་པ་བཞི་ལ་དམིགས་ཡོད་པ་གསུངས་སོང་།

དེ་བཞིན་མ་འོངས་པར་རྒྱ་ནག་ནང་གནས་སྟངས་གང་འདྲ་ཆགས་སྲིད་པ་དང་། སྐབས་དེར་བོད་པ་ལ་གོ་སྐབས་དང་གདོང་ལེན་གང་འདྲ་བྱ་དགོས་མེད་ཐད་རིག་པ་སྒྲིམ་སྟེ། འཐབ་བྱུས་སྒྲིག་དགོས་གལ་ཡིན་པ་ནན་བརྗོད་གནང་སོང་།

འདི་ག་རླུང་འཕྲིན་ཁང་ནས་ཐེངས་འདིའི་འདུ་འཛོམས་ཀྱི་དམིགས་ཡུལ་སོགས་དང་འབྲེལ་ནས་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་ལས་འཆར་དོ་དམ་པ་ཀརྨ་ཕུན་ཚོགས་རྣམ་རྒྱལ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ད་རེས་བོད་རིགས་ན་གཞོན་འདུ་འཛོམས་འདི་བཞིན་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། དམིགས་ཡུལ་གཙོ་བོ་ནི། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་གདན་འདྲེན་ཞུས་པའི་ཐོག་ནས་གཞོན་སྐྱེས་ཀྱི་དཀའ་ངལ་དང་དགོས་མཁོ་མཁྱེན་རྟོགས་སླད་དང་། གཞོན་སྐྱེས་ཀྱི་ངོས་ནས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་ལ་གོ་རྟོགས་ཡོང་ཆེད། དེ་བཞིན་འདིར་འདུ་འཛོམས་གནང་བའི་གཞོན་སྐྱེས་དེ་དག་འགོ་ཁྲིད་མཁན་ཡིན་སྟབས། ཕན་ཚུན་གོ་བསྡུར་གྱིས་མ་འོངས་པར་མཉམ་རུབ་ཀྱི་ལས་འགུལ་སྤེལ་ཐུབ་ཐབས་བཅས་ལ་དམིགས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་།

མ་ཟད་ཚོགས་འདུ་དེའི་ཐོག་མཉམ་ཞུགས་གནང་མཁན་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་རིགས་གཞོན་སྐྱེས་ཁག་གཅིག་ལ་བཅར་འདི་ཞུས་སྐབས་ཁོང་རྣམ་པས། དེ་རིང་བོད་པའི་མི་རབས་རྒན་པ་རྣམས་ཀྱི་སྐུ་ལས་སྐྱོན་པ་དེ་དག་དྲན་དུས་སེམས་འགུལ་ཐབས་ཀྱི་ཡོད་པ་དང་། ཁག་གཅིག་གིས་ཐེངས་འདིའི་ཚོགས་འདུའི་བརྒྱུད་ནས་མ་འོངས་པར་རྒྱ་གར་མཐོ་སློབ་སོགས་ཀྱི་ནང་བོད་དོན་གོ་རྟོགས་གང་ལེགས་སྤེལ་ཐུབ་པའི་རེ་བ་གནང་གི་འདུག

གཞི་རྩའི་ཚོགས་འདུའི་ཐོག་ནང་གསེས་བརྗོད་གཞི་བོད་ཀྱི་ངོ་བོ་དང་བོད་ཀྱི་མང་གཙོའི་ལམ་ལུགས་ནང་གཞོན་སྐྱེས་ཚོའི་མཉམ་ཞུགས་ཀྱི་གནད་འགག དེ་བཞིན་གདོང་ལེན་གནང་དགོས་གལ་ཇི་འདྲ་ཡོད་མེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་སོགས་ཀྱི་སྐོར་ལ་གསུང་བཤད་དང་སྡེ་ཚན་ཆ་བགོས་ཀྱི་གོ་བསྡུར་གནང་གི་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།