Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ་ནང་གི་རི་མོའི་སྒྱུ་རྩལ་བ་ ༡༠༨ གི་སྦྲག་ཡིག་ ༡༠༨ ཞེས་པའི་དཔེ་དེབ་གསར་པ་དབུ་འབྱེད།

Tibetan News Headlines

  • Thank you for your prayers on my birthday, I am recovering well: Dalai Lama
  • Dharamsala commemorates 89th birthday of the Dalai Lama, Sikkim CM graces the event
  • Wishes for the Dalai Lama; Prayers for his swift recovery as he turns 89
  • Dalai Lama congratulates UK’s new Prime Minister

རེས་གཟའ་སྤེན་པ། ༢༠༢༤།༠༧།༠༦

  • ༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་འབྲེལ་༸གང་ཉིད་ཀྱི་སྐུ་ཁམས་གསལ་ཐང་ཡིན་པའི་གསུང་འཕྲིན་བསྩལ་འདུག
  • ༸གོང་ས་མཆོག་གི་བཀའ་དྲིན་དྲན་པའི་ཐོག་བོད་དོན་བདེན་པའི་འཐབ་རྩོད་བཅས་ལ་ནུས་པ་གང་ཡོད་འདོན་ཐབས་ཞུ་དགོས་ཞེས་གསུངས་སོང་།
  • ༸གོང་ས་མཆོག་གིས་དབྱིན་ཡུལ་གྱི་ སྲིད་བློན་གྱི་གསར་པ་ Keir Starmer མཆོག་ལ་དགའ་བསུའི་འཚམས་འདྲི་མཛད་འདུག
  • ༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྐུའི་འཕྲོད་བཞེས་དྭངས་སྐྱེད་ཡོང་བའི་སྨོན་འདུན།

བོད་མིའི་སྒྱུ་སྩལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱི་གོ་སྒྲིག་འོག་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བཙན་བྱོལ་ནང་གི་སྒྱུ་རྩལ་བ་ ༡༠༨ གི་སྦྲག་ཡིག་ ༡༠༨ ཞེས་རི་མོ་ཕྱོགས་སྒྲིག་གི་དཔེ་དེབ་དབུ་འབྱེད་གནང་བ་དང་འབྲེལ། དེའི་བརྒྱུད་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་སྒྱུ་རྩལ་བ་མང་པོ་ཡོད་པ་མཚོན་གྱི་ཡོད་སྐོར་དང་། ལྷག་པར་སྒྱུ་རྩལ་བ་དེ་དག་ལ་གོ་སྐབས་དང་བེད་སྤྱོད་བཏང་དགོས་གལ་ཡིན་པ་བརྡ་ལན་གནང་སོང་།


དེ་ཡང་ཁ་སང་ཕྱི་ཟླ་ ༦ ཚེས་ ༡ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༦ པའི་ཐོག་རྡ་ས་བོད་ཀྱི་དཔེ་མཛོད་དུ་དཔེ་མཛོད་ཀྱི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱི་དཔེ་དེབ་དེ་ཉིད་དབུ་འབྱེད་གནང་སོང་བ་དང་འབྲེལ། སྐབས་དེར་རྒན་འབྲུག་ཚེ་རིང་ལགས་དང་། རྩོམ་པ་པོ་དང་སྙན་ངག་མཁན་བུ་ཆུ་བསོད་ནམས་ལགས། དེ་བཞིན་ཚོགས་བཅར་བ་ ༤༠ ཙམ་ལྷན་ཞུགས་གནང་འདུག


རྩ་བའི་འཇམ་དབྱངས་བསྟན་འཛིན་ལགས་ཀྱི་བཙན་བྱོལ་ནང་གི་སྒྱུ་རྩལ་བ་ ༡༠༨ གི་ཆེད་རྩོམ་གནང་བའི་རི་མོ་ཕྱོགས་སྒྲིག་གི་དཔེ་དེབ་དེ་བཞིན་ཁོང་དང་ཁོང་གི་གཅེན་པོ་གཉིས་ནས་ཏོག་དབྱིབས་གཉེན་རིམས་ཁྱབ་གདལ་རྗེས་སུ་འགོ་འཛུགས་གནང་བའི་ལས་འཆར་དཀར་ཐིག་ཞེས་པ་དེའི་འདོན་ཐེངས་དང་པོ་དེ་ཆགས་ཀྱི་འདུག་པ་དང་། འདོན་ཐེངས་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་དང་ཁོར་ཡུག་ཅེས་པ་བརྗོད་གཞིའི་འོག་སྒྱུ་སྩལ་བ་ ༡༠༨ སོ་སོའི་རྣམ་དཔྱོད་བཏོན་ནས་རི་མོ་བྲིས་རྩོམ་གནང་བ། དེ་བཞིན་པར་རིས་སྒྲིག་བཟོ་བྱས་པ་བཅས་ལས་བྱུང་བ་ཞིག་ཡིན་འདུག


འདི་ག་རླུང་འཕྲིན་ཁང་ནས་སྒྱུ་རྩལ་བ་འཇམ་དབྱངས་བསྟན་འཛིན་ལགས་སུ་དེ་ལྟ་བུའི་ལས་གཞི་དེའི་དམིགས་ཡུལ་སོགས་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས། ཁོང་གིས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭའི་ནང་སྒྱུ་རྩལ་བ་ལ་དེ་ཙམ་གྱི་ཐུགས་སྣང་གནང་གི་མེད་པ་དང་འབྲེལ། དེའི་ཐོག་བཀའ་མོལ་གནང་མཁན་ཉུང་ཉུང་ཡིན་ཞིང་། དེ་ནི་ང་ཚོའི་ཞན་ཆ་ཞིག་ཆགས་ཀྱི་ཡོད་སྟབས། གནད་དོན་དེ་དག་ལ་གཞིགས་ནས་བཙན་བྱོལ་ནང་གི་སྒྱུ་རྩལ་བ་རྣམས་ལ་ཆེས་མཐོང་མཚོན་བྱེད་དུ་དེ་འབྲེལ་ལས་གཞི་འགོ་བརྩམས་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ཐོག་མ་དེབ་གཟུགས་སུ་པར་བསྐྲུན་མ་བྱས་གོང་རི་མོའི་སྒྱུ་རྩལ་བ་ ༢༧༠ ཙམ་ནས་རི་མོ་ཐོབ་སོན་བྱུང་ཡོད་པ་དེ་ལྟར་ཡང་། ལས་གཞི་ཀྱི་ཨ་གྲངས་དེ་ ༡༠༨ ཡིན་སྟབས། རི་མོ་ ༡༠༨ པར་བསྐྲུན་ཞུས་ཡོད་ཅིང་། དེའི་བརྒྱུད་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་སྒྱུ་རྩལ་བ་མང་པོ་ཡོད་པ་མཚོན་གྱི་ཡོད་ཅེས་དང་། སྒྱུ་རྩལ་བ་དེ་དག་ལ་འབྲེལ་བ་དང་བེད་སྤྱོད་གནང་དགོས་གལ་ཡིན་པ་བརྡ་ལན་གནང་སོང་།


ད་དུང་ལས་གཞི་དེའི་ནང་ཕྱག་ལས་གནང་སྐབས་སྒྱུ་རྩལ་བ་ལོ་ན་རྒན་བགྲེས་རྣམས་ལ་འབྲེལ་བ་ཞུས་སྐབས་གཏོགས་ཙམ་ངལ་བ་འཕྲད་ཡོད་པ་དེ་ལྟར་ཡང་། འབྲེལ་བ་བྱུང་བ་མང་པོ་ཞིག་ནས་ཡིད་མོས་གནང་ཡོད་པར་ཕྱོགས་ཡོངས་ནས་ལས་དོན་ལ་བཞུགས་སྐབས་ཧ་ཅང་སྐྱིད་པོ་བྱུང་ཞེས་འགྲེལ་བརྗོད་དང་འབྲེལ། ཁོང་རང་ཉིད་སྒེར་གྱི་འཚར་ལོངས་ཁྲོད་སྒྱུ་རྩལ་གྱི་ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་དང་། ལྷག་པར་ཐེངས་འདིའི་ལས་གཞི་འདི་ནི་བཙན་བྱོལ་ནང་ཐེངས་དང་པོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ང་ཚོ་བོད་པའི་སྤྱི་ཚོགས་ནང་རི་མོ་སྤུས་དག་པོ་ཡོད་ཀྱང་ཕྱི་ལ་འགྲེམས་སྤེལ་གང་ལེགས་བྱེད་ཐབས་སུ་ལས་གཞི་གོ་སྒྲིག་པ་དང་སྒྱུ་རྩལ་བ་རྣམས་མཉམ་རུབ་ཐོག་འབད་བརྩོན་གནང་དགོས་གལ་ཡིན་པ་གསུངས་སོང་།


ཁ་སང་གྱི་འདུ་འཛོམས་ཐོག་གཞན་ཡང་བོད་ཁྱིམ་སློབ་སྤྱི་ཟུར་པ་རྒན་འབྲུག་ཚེ་རིང་ལགས་དང་། རྩོམ་པ་པོ་དང་སྙན་ངག་མཁན་བུ་ཆུ་བསོད་ནམས་ལགས་གཉིས་ལ་སྒྱུ་རྩལ་དང་འབྲེལ་བའི་དྲི་བ་དྲི་ལན་གྱི་ལས་རིམ་ཞིག་ཀྱང་གོ་སྒྲིག་ཞུས་ཡོད་པ་དང་། སྐབས་དེར་ཁོང་རྣམ་པ་གཉིས་ཀྱི་ང་ཚོའི་བོད་ཀྱི་རི་མོའི་རྒྱབ་ལྗོངས་དང་ལྟ་གྲུབ་ཐོག་ལ་ཐུགས་སྣང་གནང་དགོས་གལ་ཡིན་ཞིང་། སྒྱུ་རྩལ་བ་ལ་མཚོན་ན་སྤྱི་ཚོགས་ལ་ལྟ་སྟངས་མི་འདྲ་བ་ཞིག་ཡོད་པ་མ་ཟད། བསམ་བློའི་རང་དབང་གི་གལ་གནད་སོགས་དང་འབྲེལ་ནས་བཀའ་མོལ་ལྷུག་པོ་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།