Tibetan Royal Year of 2151 | Year of the Wood Dragon

Twitter མཉེན་ཆས་ལ་ཁ་གཡར་ཏེ་ Belgium མི་སེར་ཡིན་པའི་བོད་མི་ཞིག་པེ་ཅིང་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

Tibetan News Headlines

  • Tibet Initiative deputy director detained at Hong Kong airport for 13 hours, barred from entry
  • Tibetan activist A-Nya Sengdra granted family visits but continues to be detained in Chinese custody
  • Australian Tibet advocates wrap up 13th annual lobbying event, presenting four-point agenda to officials
  • Chinese government appears to plan large-scale dam construction on the Yarlung Tsangpo River
  • China’s ‘disappeared’ foreign minister demoted to low-level publishing job, say former U.S. officials

རེས་གཟའ་ཟླ་བ། ༢༠༢༤།༠༩།༠༩

  • འཇར་མ་ནི་བོད་དོན་རྒྱབ་སྐྱོར་བ་ཞིག་ལ་ཧོང་ཀོང་ནང་དུ་འཛུལ་ཞུགས་ཐད་བཀག་སྡོམ།
  • ཨ་ཉག་སེང་སྒྲ་ལགས་ནང་མི་དང་ཐུག་འཕྲད་བྱེད་དུ་བཅུག་ཀྱང་ད་དུང་མུ་མཐུད་བཙོན་ཁང་ནང་ལུས་ཡོད་པ།
  • དོན་ཚན་བཞི་ཅན་སྒོ་ནས་ཨོསྟྲེ་ལི་ཡཱར་བོད་དོན་ཞུ་གཏུག་གི་ཉིན་མོ་ཐེངས་ ༡༣ པ་མཇུག་སྒྲིལ།
  • རྒྱ་གཞུང་གིས་ཡར་ཀླུང་གཙང་པོའི་སྟེང་ཆུ་མཛོད་ཆེ་གྲས་བརྒྱག་འཆར་ཡོད་པ་མངོན་གསལ།
  • གར་སོང་ཆ་མེད་དུ་གྱུར་བའི་ཇིན་ཀང་དཔེ་སྐྲུན་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་བརྗོད་འདུག

རྒྱ་ནག་དང་སྦེལ་ཇམ་དབར་ཚོང་འབྲེལ་སོགས་ཀྱི་འབྲེལ་ལམ་ཡར་རྒྱས་ཁྲོད། རྒྱལ་ཁབ་ཕྱོགས་གཉིས་ཀྱི་མི་སེར་རྣམས་ཕན་ཚུན་རྒྱལ་ཁབ་ནང་དུ་ཉིན་གྲངས་ ༡༥ ལས་ཉུང་བའི་འགྲུལ་བཞུད་སླད་མཐོང་མཆན་ཞུ་མི་དགོས་པར་བསྐྱོད་ཆོག་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་ཀྱང་། Belgium མི་སེར་ཡིན་པའི་བོད་མི་ཞིག་ Twitter དྲ་ལམ་ལ་ཁ་གཡར་ཏེ་པེ་ཅིང་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

Beijing deport

དེ་ཡང་དེ་རིང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྦེལ་ཇམ་མི་སེར་ཡིན་པའི་བོད་མི་ཞིག་ཉེ་ཆར་བོད་དུ་བསྐྱོད་ཆེད་རྒྱ་ནག་གི་པེ་ཅིང་གནམ་ཐང་དུ་བསྐྱོད་སྐབས། ཁོང་གི་ཁ་པར་ནང་དུ་ Twitter མཉེན་ཆས་ཡོད་པ་དང་། དེའི་ཐོག་ཁོང་གི་ཆབ་སྲིད་ཀྱི་གནས་ཚུལ་རྒྱུད་སྤེལ་བྱས་ཀྱི་ཡོད་ཚུལ་སོགས་ལ་ཁ་གཡར་ཏེ་པེ་ཅིང་གནམ་ཐང་ནས་ཕྱིར་ལོག་བཏང་ཡོད་པ་རེད་འདུག ཡིན་ནའང་བོད་མི་དེ་རྒྱུན་ལྡན་ནས་ Twitter སྤྱི་ཚོགས་དྲ་ལམ་སོགས་བེད་སྤྱོད་གཏོང་མཁན་མིན་པ་མ་ཟད། ཁོང་གི་ཁ་པར་ཐོག་མཉེན་ཆས་ཕབ་ལེན་ཡང་བྱས་མྱོང་མེད་པ་རེད་འདུག

སྤྱིར་དེང་སྐབས་སློབ་གྲྭའི་གུང་སེང་དང་བསྟུན་ནས་བོད་མི་ཁག་གཅིག་གིས་སྦེལ་ཇམ་དང་རྒྱ་ནག་དབར་ཉིན་གྲངས་ ༡༥ ལས་ཉུང་བའི་འགྲུལ་བཞུད་ཆེད་དུ་མཐོང་མཆན་མི་དགོས་པའི་གྲོས་མཐུན་གྱི་ཁེ་ཕན་བླངས་པའི་ཐོག་ནས་རྒྱ་ནག་གི་གྲོང་ཁྱེར་འདྲ་མིན་བརྒྱུད་བོད་ནང་དུ་འགྲུལ་བཞུད་གནང་གི་ཡོད་པའི་ཁོངས་ནས་མང་ཆེ་བ་དངོས་སུ་བསྐྱོད་ཐུབ་ཀྱི་ཡོད་ཀྱང་། གནམ་ཐང་དུ་སྦེལ་ཇམ་མི་སེར་གཞན་དང་མི་འདྲ་བར། བོད་མི་རྣམས་ལ་ཆབ་སྲིད་ཀྱི་ལས་འགུལ་ནང་མཉམ་བཞུགས་གནང་གི་ཡོད་མིན་སོགས་ཀྱི་རྩད་གཅོད་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་རེད་འདུག བོད་ནང་གི་འགྲུལ་བཞུད་སླད་བོད་མི་རྣམས་ཀྱིས་རང་དབང་ལུང་པའི་ནང་དུ་བོད་དོན་གཙོས་པའི་ཆབ་སྲིད་ཀྱི་གནད་དོན་འདྲ་མིན་ཐོག་རང་གི་བསམ་ཚུལ་བཤད་རྒྱུ་དང་ལས་འགུལ་ཁག་གི་ནང་དུ་མཉམ་ཞུགས་བྱ་རྒྱུར་འཛེམ་ཟོན་གྱིས་རང་གི་རང་ལ་དམ་དྲག་བྱ་དགོས་ཁེལ་བཞིན་པ་མ་ཟད། བོད་ནས་ཕྱིར་ལོག་གནང་བའི་རྗེས་སུ་བོད་ནང་གི་གནས་སྟངས་ཡག་པོ་ཡོད་པ་དང་། རྒྱ་ནག་གཞུང་གིས་སྲིད་བྱུས་ཁག་ཡག་པོ་ཡོད་པའི་སྐོར་ལ་བཤད་དགོས་ཁེལ་བ་སོགས་མི་འདོད་པའི་ལས་དོན་མང་པོ་ཞིག་སྤེལ་དགོས་ཁེལ་བཞིན་ཡོད་པ་རེད་འདུག

Beijing deport

རྩ་བའི་ད་རེས་ཙམ་མ་ཟད། འདི་ལོ་སྦེལ་ཇམ་མི་སེར་ཡིན་པའི་བོད་མི་ཐུབ་བསྟན་རྒྱ་མཚོ་ལགས་ཞུ་བ་ཞིག་བོད་ནང་དུ་བསྐྱོད་ཐབས་བྱས་པའི་སྐབས་སུ་ Shanghai གནམ་ཐང་དུ་ཉེན་རྟོག་པ་དང་དམག་མི་བཅས་མི་གྲངས་ ༡༥ ཙམ་ཞིག་གློ་བུར་དུ་སླེབས་ནས་ཁོང་ཁང་པ་ཞིག་གི་ནང་དུ་ཁྲིད་ནས་ཁོང་གི་ཁ་པར་དང་ཅ་དངོས་རྣམས་སྔོག་བཤེར་ནན་པོ་བྱས་པའི་ཁྲོད། ཁོང་གི་ཁ་པར་ནང་དུ་༸གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་ཐོན་པར། ཐུབ་བསྟན་རྒྱ་མཚོ་ལགས་ཁོང་བོད་རང་བཙན་ལ་རྒྱབ་སྐྱོར་གནང་མཁན་དང་ཁ་བྲལ་རིང་ལུགས་པ་ཡིན་པའི་དོགས་གཞིའི་འོག་ཆུ་ཚོད་ ༢༠ རིང་བཀག་ཉར་བྱས་རྗེས་ཕྱིར་ལོག་བཏང་བའི་གནད་དོན་ཡང་བྱུང་ཡོད་པ་རེད། སྤྱིར་ཚོང་འབྲེལ་གོང་འཕེལ་སོགས་དང་འབྲེལ་ནས་རྒྱ་ནག་གི་ཕྱི་རྒྱལ་ཡུལ་གྲུ་མང་པོ་ཞིག་ལ་མཐོང་མཆན་མི་དགོས་པར་རྒྱ་ནག་ནང་དུ་བསྐྱོད་བཅུག་གི་ཡོད་ཀྱང་། རྒྱལ་ཁབ་དེ་དག་གི་མི་སེར་ཡིན་པའི་བོད་མི་རྣམས་ལ་མི་སེར་གཞན་དང་མི་འདྲ་བའི་དམ་དྲག་དང་སྔོག་བཤེར། དྲི་རྩད་སོགས་ཤུགས་ཆེ་བ་བྱས་ཀྱི་ཡོད་པའི་མི་རིགས་དབྱེ་འབྱེད་ཀྱི་གནས་སྟངས་ཡོད་མུས་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།