རྒྱ་ནག་གཞུང་གི་འགྲོ་འོང་བཀག་སྡོམ་གྱི་ཁྲིམས་གསར་ལ་ཨོ་གླིང་གནས་སྡོད་རྒྱ་རིགས་རྣམས་ཀྱིས་སེམས་འཚབ་མངོན་གསལ།

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

ཕྱི་ཟླ་ ༩ ཚེས་ ༡༥ ནས་བཟུང་རྒྱ་ནག་ནང་འགྲོ་འོང་བཀག་སྡོམ་གྱི་ཁྲིམས་གསར་དེ་བཞིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་འབྲེལ། ཨོ་གླིང་གནས་སྡོད་རྒྱ་རིགས་རྣམས་ཀྱིས་ཞེད་སྣང་དང་སེམས་འཚབ་ཀྱི་རྣམ་པ་མངོན་གསལ་གནང་འདུག

China New Travel Law
Photo: Kevin Frayer/Getty Images

དེ་ཡང་ཨོ་གླིང་དུ་རྟེན་གཞི་བྱས་པའི་ News  24 གསར་ཁང་གི་དྲྭ་གནས་ཐོག་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཟླ་ ༧ ཚེས་ ༣༡ ཉིན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཕྱིར་ཐོན་དང་ནང་འཛུལ་དོ་དམ་དང་འབྲེལ་བའི་ཁྲིམས་གསར་ཞིག་གསལ་བསྒྲགས་སྤེལ་ཡོད་པ་དང་འབྲེལ། རྒྱ་ནག་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་རྒྱ་རིགས་རྣམས་ཀྱིས་ཞེད་སྣང་དང་སེམས་འཚབ་བྱེད་བཞིན་པའི་ཁྲོད། ཨོ་གླིང་གནས་སྡོད་རྒྱ་རིགས་རྣམས་ཀྱིས་གལ་ཏེ་ཁོང་རྣམས་རྒྱ་ནག་ཏུ་ཕ་མ་སྤུན་མཆེད་ཐུག་ཀར་འགྲོ་བའི་རྗེས་ལ་རྒྱ་ནག་གཞུང་གིས་ཨོ་གླིང་ཏུ་ཕྱིར་ཐོན་བྱེད་བཅུག་གི་ཡོད་མེད་ཐོག་ཞེད་སྣང་བྱེད་བཞིན་ཡོད་པ་མ་ཟད། ཨོ་གླིང་ནང་རྒྱ་ནག་གཞུང་ལ་མི་དགའ་བའི་བྱ་སྤྱོད་དང་ལས་འགུལ། གཏམ་བཤད། ཚོང་། དེ་བཞིན་འཕྲུལ་ཆས་དང་འབྲེལ་བའི་ལས་རིགས་སོགས་གཉེར་ཚེ་ཞེད་སྣང་དང་དངངས་སྐྲག་འོག་སྡོད་དགོས་ཀྱི་ཡོད་པ་བརྗོད་འདུག

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱས་པའི་ JF Books ཚོང་གཉེར་ཁང་གསར་འཛུགས་གནང་མཁན་དང་སྤྱི་ཁྱབ་འགན་འཛིན་ Miao Yu ཡིས་ News 24 ལ་བརྗོད་དོན་ལྟར་ན།  རྒྱ་ནག་གཞུང་གི་འགྲོ་འོང་བཀག་སྡོམ་རྒྱ་སྐྱེད་ཕྱིན་བཞིན་པ་དེ་ནི་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན་པ་འགྲེལ་བརྗོད་དང་འབྲེལ། དེ་སྔ་ཁོང་གི་བཟའ་ཟླ་རྒྱ་ནག་ནས་ཕྱིར་ཐོན་བྱེད་སྐབས་ཟླ་ ༦ རིང་བཀག་འགོག་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཁོ་མོར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་ཉེས་འཛུགས་བྱས་ཡོད་ཀྱང་། དྲང་བདེན་གྱི་བརྒྱུད་རིམ་དང་ཁྲིམས་ཀྱི་ཐོག་ནས་སྲུང་སྐྱོབ་གང་ཡང་མེད་པའི་གནས་སྟངས་འོག་དཀའ་ངལ་ལ་གདོང་ལེན་གནང་དགོས་བྱུང་ཡོད་པ་གསུངས་འདུག

འདི་ག་རླུང་འཕྲིན་ཁང་གིས་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་སུ་རྒྱ་ནག་གི་འགྲོ་འོང་བཀག་སྡོམ་གྱི་ཁྲིམས་གསར་འདི་ཉིད་དང་དེས་བཙན་བྱོལ་བོད་མིར་ཤུགས་རྐྱེན་ཇི་ཡོད་སྐོར་བཀའ་འདྲི་ཞུས་ཡོད།

རྩ་བའི་ཟླ་ ༧ ཚེས་ ༣༡ ཉིན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཕྱིར་ཐོན་དང་ནང་འཛུལ་དོ་དམ་དང་འབྲེལ་བའི་ཁྲིམས་གསར་ཞིག་གསལ་བསྒྲགས་བྱས་ཡོད་པ་དང་།  དེའི་ནང་རྒྱ་ནག་གི་མི་སེར་སུ་འདྲ་ཞིག་གིས་ཡུལ་དེའི་འཕྲུལ་ཆས་གཙོས་པའི་ཆེས་དཀོན་པའི་འཕྲུལ་རིགས་བཟོ་ཆེད་ཀྱི་གཏེར་རྫས་རིགས་ཕྱིར་ཚོང་གི་སྒྲིག་གཞི་འགལ་ཚེ།  རྒྱལ་ཁབ་ནས་ཕྱིར་ཐོན་དང་ནང་འཛུལ་བཀག་སྡོམ་བྱེད་རྒྱུ་ཡིན་པ་མ་ཟད།  ཁྲིམས་སྒྲིག་དེ་བཞིན་ཕྱིའི་ཡུལ་གྲུ་ཁག་ཏུ་མི་སེར་གྱི་ཐོབ་ཐང་བླངས་མཁན་རྒྱ་ནག་གི་དཔོན་རིགས་རྣམ་པ་དང་དེ་བཞིན་ཕྱིའི་རྒྱལ་ཁབ་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་རྒྱ་ནག་གི་མི་སེར་རྣམས་ལའང་ཁྱབ་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

News  24 གསར་ཁང་གིས་སྤེལ་བའི་ཐེངས་འདིའི་གནས་ཚུལ་ནང་རྒྱ་ནག་གི་ཁྲིམས་གསར་དེའི་ཐོག་ཨོ་གླིང་ནང་གི་རྒྱ་རིགས་ཚོའི་སེམས་འཚབ་ཇི་ཡོད་སྐོར་བཀོད་པ་མ་ཟད། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཀྱི་རྗེས་ནས་བཟུང་རྒྱ་ནག་ནང་ཡུལ་སྐོར་སྤྲོ་འཆམ་ཀྱི་ལས་རིགས་གོང་འཕེལ་སླད་ཡུལ་དེའི་ནང་བསྐྱོད་རྒྱུའི་རིན་མེད་མཐོང་མཆན་མང་དུ་སྤྲད་འགོ་ཚུགས་པའི་ལས་དོན་གྱི་གནད་འགག་དང་ཤུགས་རྐྱེན་སྐོར་ལའང་ཁ་གསལ་བཀོད་འདུག

དེའི་ནང་རྒྱ་ནག་གཞུང་གིས་རིན་མེད་མཐོང་མཆན་སོགས་ཀྱི་བརྒྱུད་ཡུལ་དེའི་ནང་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་བཏང་སྟེ། དེ་དག་ལ་རྒྱ་ནག་ནང་གི་ཡར་ཐོན་གྱི་རྣམ་པ་སྤྱི་ཚོགས་དྲྭ་ལམ་ཐོག་བསྟན་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་ཀྱང་། དོན་དངོས་སུ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀྱིས་རྒྱ་ནག་ནང་གི་དངོས་ཡོད་གནས་ཚུལ་དང་མི་སེར་རྣམས་ལ་དཀའ་སྡུག་ཇི་བྱུང་སོགས་ཤེས་ཀྱི་ཡོད་མེད་ལ་ཐེ་ཚོམ་ཡོད་པ་བརྗོད་འདུག

ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀྱིས་རང་ཉིད་ཀྱི་སྤྱི་ཚོགས་དྲྭ་ལམ་ཐོག་ Travel Vlog འམ་ཡུལ་སྐོར་སྤྲོ་འཆམ་གྱི་བརྙན་ཐུང་སོགས་ཀྱི་ནང་རྒྱ་ནག་གི་མཐུན་རྐྱེན་ཡར་རྒྱས་ཕྱིན་ཡོད་པ་མ་ཟད། དགོང་མོ་ཁེར་རྐྱང་འགྲོ་བའི་སྐབས་ལ་ཉེན་ཁ་མེད་པ་དང་དངངས་སྐྲག་སྐྱེ་ཡི་མེད་པ་སོགས་ཀྱི་རྣམ་པ་ཁོ་ན་སྟོན་གྱི་ཡོད་པ་དེས་རྒྱ་ནག་གཞུང་གི་མི་མང་ལ་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡོད་པའི་རྣམ་པ་གསལ་སྟོན་བྱས་མ་གཏོགས། དོན་དངོས་སུ་རྒྱ་ནག་མི་མང་གི་བདེ་སྡུག་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་མི་སྒེར་གྱི་རང་དབང་སོགས་ཀྱི་གནས་ཚུལ་ཐོག་གཅིག་ཀྱང་ཤེས་ཐུབ་ཀྱི་མེད་པ་བརྗོད་འདུག

གནས་ཚུལ་ནང་ད་དུང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་འགྲོ་འོང་མཐོང་མཆན་ཡོད་པ་དེ་ནི་རྩ་ཆེན་པོ་ཞིག་ལ་བརྩི་དགོས་ཀྱི་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཡུལ་སྐོར་སྤྲོ་འཆམ་པའི་གཡས་གཡོན་ལ་ཡོད་པའི་རྒྱ་རིགས་མང་དག་ཅིག་ལ་འགྲོ་འོང་གི་མཐོང་མཆན་མེད་པ་མ་ཟད། ཡུ་གུར་མི་རིགས་དང་བོད་པ་རྣམས་ལ་དེ་བས་ཀྱང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་མངོན་གསལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།