རྒྱ་ནག་གིས་ཡུལ་དེའི་མཐའ་མཚམས་ས་ཁུལ་ཡོངས་རྫོགས་མཐུད་པའི་རྒྱལ་ཡོངས་གཞུང་ལམ་ཞིག་འཛུགས་སྐྲུན་བྱེད་བཞིན་པ།

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

རྒྱ་ནག་གིས་ཉེ་ལམ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱེད་འགོ་བཙུགས་པ་དང་འབྲེལ།  བྱ་འགུལ་དེའི་རྗེས་འབྲས་སུ་རྒྱ་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་ཡིན་ལུགས་ཀྱི་མཐའ་མཚམས་ས་ཁུལ་ཡོངས་རྫོགས་མཐུད་ཆེད་དུ་རྒྱལ་ཁབ་མཐུན་སྒྲིལ་གྱི་གཞུང་ལམ་ཟེར་བ་ཞིག་འཛུགས་སྐྲུན་བྱེད་བཞིན་པ་རེད་འདུག

China Builds National Highway Linking Border Areas, Raising Strategic Concerns in Tibet

དེ་ཡང་ཁ་ཉིན་ཕྱི་ཚེས་ ༢༣ ཉིན་ལྷོ་རྒྱ་ནག་ཉིན་རེའི་གསར་ཤོག་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན།  རྒྱ་ནག་གིས་ཡུལ་དེའི་མཐའ་མཚམས་ས་ཁུལ་ཁག་གི་དཔལ་འབྱོར་ཡར་རྒྱས་དང་།  སྤྱི་ཚོགས་བརྟན་ལྷིང་།  དེ་བཞིན་རྒྱལ་ཁབ་གཅིག་གྱུར་བཅས་ལ་སྐུལ་འདེད་གཏོང་བའི་འབད་བརྩོན་ཡིན་ཁུལ་གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་སུ་ངོས་འཛིན་བྱེད་པའི་ས་མཚམས་ས་ཁུལ་ཡོངས་རྫོགས་མཐུད་ཆེད་དུ་སྤྱི་ལེ་ ༢༥༠༠༠ ལྷག་གི་རྒྱལ་ཡོངས་གཞུང་ལམ་ཞིག་འཛུགས་བསྐྲུན་གྱི་འཆར་གཞི་བཏོན་ཟིན་པ་དང་།  གཞུང་ལམ་དེ་ནི་རྒྱ་ནག་མངའ་འོག་གི་གྲངས་ཉུང་མི་རིགས་ཕོན་ཆེ་འདུས་སྡོད་བྱེད་སའི་ས་ཁུལ་མང་དག་ཅིག་གི་བརྒྱུད་ནས་འགྲོ་རྒྱུ་ཡིན་འདུག་ལ།  དེའི་ནང་བོད་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱང་ཚུད་ཡོད་པ་རེད་འདུག

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་ཐེངས་འདིའི་རྒྱལ་ཡོངས་གཞུང་ལམ་འཛུགས་བསྐྲུན་གྱི་འཆར་གཞི་དེར་ Golden Border –Coast Loop ཞེས་གསེར་གྱི་མཐའ་མཚམས་སྐོར་ལམ་ཞེས་མིང་བཏགས་ཡོད་པ་དང་།  རྒྱ་ནག་སྐྱེལ་འདྲེན་ལྷན་ཁང་གིས་འདས་པའི་ཕྱི་ཟླ་ ༧ པའི་ནང་བཏོན་པའི་ལོ་ལྔ་ཚན་གྱི་འཆར་གཞི་ནང་གསལ་ལྟར་ན།  ལས་འཆར་དེ་དུམ་བུ་གསུམ་དུ་དབྱེ་ཡོད་པ་དང་།  དེའང་ཕྱི་ལོ་ ༢༠༣༠ བར་ལེགས་གྲུབ་ཡོང་རྒྱུ་ཡིན་པ་བཤད་འདུག་ཀྱང་།  གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་ངོས་ནས་རྒྱལ་ཡོངས་གཞུང་ལམ་འཛུགས་བསྐྲུན་གྱི་ལས་འཆར་དེ་ཉིད་ལེགས་གྲུབ་ཡོང་ཆེད་དུ་མཐའ་མཚམས་རྩོད་གླེང་དང་ཁོར་ཡུག་གི་ཉེན་ཁ་སོགས་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་གསུང་བཞིན་འདུག

རྒྱ་ནག་རྒྱལ་ཡོངས་གཞུང་ལམ་འཛུགས་བསྐྲུན་གྱི་འཆར་གཞིའི་དུམ་བུ་དང་པོ་སྟེ་ G219 གཞུང་ལམ་དེ་ཡིན་པ་དང་།  དེས་རྒྱ་ནག་གི་ལྷོ་ནུབ་དང་རྒྱང་ཐག་རིང་བའི་ནུབ་ཕྱོགས་ས་ཁུལ་ Guangxi Zhuang ཀོང་ཤིས་ཀྲོང་རང་སྐྱོང་ལྗོངས་ནས་ཡུན་ནན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཟེར་བ་བརྒྱུད་དེ་ཤིན་ཅང་བྱང་ཕྱོགས་ཀྱི་རྩེ་མོ་བར་མཐུད་ཀྱི་ཡོད་པ་མ་ཟད།  རྒྱང་ཐག་སྤྱི་ལེ་ ༡༠༠༠༠ ཙམ་ཡོད་པའི་གཞུང་ལམ་དེས་མཐའ་མཚམས་ཉེ་འཁྲིས་ཀྱི་རྒྱལ་ཁབ་ཝི་ཏི་ནམ་དང་། ལའོ་སི། མི་ཡན་མར། རྒྱ་གར། འབྲུག བལ་ཡུལ། པ་ཀི་སི་ཐན།  ཨབ་གྷ་ནི་སི་ཐན།  ཀིར་གྷི་སི་ཐན།  ཁ་ཛ་ཁི་སི་ཐན། ཏ་ཇིག་སི་ཐན། ཨུ་རུ་སུ་བཅས་མཐུད་ཀྱི་ཡོད་པ་རེད་འདུག

རྒྱ་ནག་སྐྱེལ་འདྲེན་ལྷན་ཁང་གིས་བརྗོད་དོན་ལྟར་ན།  རྒྱ་ནག་གི་མཐའ་མཚམས་ས་ཁུལ་ཡོངས་རྫོགས་མཐུད་པའི་རྒྱལ་ཁབ་མཐུན་སྒྲིལ་གྱི་གཞུང་ལམ་ཟེར་བ་དེས་མང་ཚོགས་ལ་ཁུལ་དེ་དག་ཏུ་སྤྲོ་སྣང་ལྡན་པའི་འགྲུལ་བཞུད་ཀྱི་ཉམས་མྱོང་གསར་པ་ཞིག་མཁོ་སྤྲོད་བྱ་རྒྱུ་མ་ཟད།  བཟོ་ལས་ཀྱི་མཉམ་འབྲེལ་དང་།  ས་མཚམས་བརྟན་ལྷིང་།  མཐའ་མཚམས་ས་ཁུལ་འཕེལ་རྒྱས་བཅས་ལ་ཁེ་ཕན་ཆེན་པོ་ཐོན་རྒྱུ་ཡིན་ལུགས་བཤད་འདུག་ལ།  མཛེས་སྡུག་ལྡན་ཞིང་རྒྱང་ཐག་རིང་བའི་བོད་དང་། ཤིན་ཅང་། ནང་སོག་བཅས་ཀྱི་ས་ཁུལ་དེ་དག་སྔོན་ཆད་ཡུལ་སྐོར་སྤྲོ་འཆམ་པ་མང་ཆེ་བ་འགྲོ་ཐུབ་ཀྱི་མེད་ཀྱང་ད་ཆ་བདེ་བླག་ངང་སླེབས་ཐུབ་པར་འགྱུར་གྱི་ཡོད་ལུགས་ཀྱང་བཤད་འདུག

རྒྱ་གཞུང་གི་ལས་འཆར་འདི་ཉེ་ལམ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་གསར་དང་མཐུན་པ་ཞིག་ཡིན་པ་མངོན་གསལ་དོད་པོ་ཡིན་པ་དེ་ལྟར་ཡང་།  ལོ་མང་རིང་མུ་མཐུད་ནས་གནས་པའི་རྒྱ་དཀར་ནག་དབར་གྱི་འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་དེས་ད་ལྟའི་གཞུང་ལམ་འཛུགས་བསྐྲུན་གྱི་ལས་འཆར་ལ་དཀའ་ངལ་འཕྲད་སྲིད་པ་གསུང་བཞིན་ཡོད་ལ།  ཕྱོགས་གཅིག་ནས་རྒྱ་གར་ངོས་ལ་ G219 གཞུང་ལམ་ཐོག་སེམས་འཚབ་ཡོད་པ་དང་།  ཕྱི་ལོ་ ༢༠༢༤ ལོར་རྒྱ་གར་གྱིས་ས་མཚམས་ས་ཁུལ་ཉེ་འཁྲིས་སུ་རྒྱ་ནག་གིས་གཞུང་ལམ་གསར་བཟོ་དང་རྒྱ་སྐྱེད་གཏོང་བཞིན་པར་ངོ་རྒོལ་བྱས་ཡོད་པ་མ་ཟད།  དེ་ནི་རྒྱ་ནག་གིས་མཐའ་མཚམས་ས་ཁུལ་དེ་དག་གི་དོན་དངོས་ལ་འགྱུར་བ་གཏོང་ཐབས་བྱེད་ཀྱི་ཡོད་པར་ངོས་འཛིན་བྱས་ཡོད་པ་རེད། 

ལས་འཆར་དེར་དཀའ་ངལ་འཕྲད་སྲིད་པའི་གནད་དོན་གཞན་ཞིག་ནི་ཁོར་ཡུག་སྲུང་སྐྱོབ་ཡིན་པ་དང་།  འདས་པའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གི་སྐྱེ་ཁམས་ཁོར་ཡུག་ལྷན་ཁང་གིས་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད།  རྒྱལ་ཡོངས་གཞུང་ལམ་འཛུགས་བསྐྲུན་བྱེད་སའི་ས་ཁུལ་ཁག་གཅིག་ལ་མུ་མཐུད་དེ་ལྟ་ཞིབ་བྱ་དགོས་པར་བསྟན་ཡོད་པ་དང་།  དེ་དག་གི་ཁོངས་སུ་བོད་རང་སྐྱོང་ལྗོངས་ཀྱི་ས་མཚམས་མཐོ་སྒང་ཁུལ་དང་། ཤིན་ཅང་ལྷོ་མའི་བྱེ་ཐང་ཁུལ། ཐེན་ཧྲན་རི་རྒྱུད་ཀྱི་འཁྱགས་རོམ་ས་ཁུལ་བཅས་ཚུད་ཡོད་འདུག

རྒྱ་ནག་གཞུང་གིས་དཀའ་ངལ་འདི་དག་ལ་མ་ལྟོས་པར་རྒྱལ་ཡོངས་གཞུང་ལམ་གྱི་འཕེལ་རྒྱས་དེ་གཏན་འབེབས་འཆར་གཞི་ལས་བརྒལ་ཏེ་རྒྱ་སྐྱེད་གཏོང་བཞིན་ཡོད་པ་མ་ཟད།  འཛམ་གླིང་ནང་གི་གཞུང་ལམ་དང་ལྕགས་ལམ་ཆེ་ཤོས་གཉིས་རྒྱ་ནག་གིས་འཛུགས་བསྐྲུན་བྱས་ཟིན་པ་དང་། དེ་དག་བོད་དང་ཤིན་ཅང་དུ་རིམ་བཞིན་རྒྱ་སྐྱེད་གཏོང་བཞིན་ཡོད་པ་རེད་ལ།   ཟླ་འདིའི་ནང་པེ་ཅིང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཤིན་ཅང་གི་ཧོ་ཏན་བར་གྱི་སྤྱི་ལེ་ ༡༩༨༠ ཅན་གྱི་ལྕགས་ལམ་འཛུགས་སྐྲུན་ལ་ལྟ་སྐྱོང་བྱ་རྒྱུའི་སླད་ Xinjiang-Tibet Railway Company ཞེས་ཤིན་ཅང་བོད་ལྕགས་ལམ་ཚོང་གཉེར་ཁང་ཞེས་པ་ཞིག་ཀྱང་བཙུགས་ཟིན་ཡོད་པ་རེད་འདུག

འདི་ག་རླུང་འཕྲིན་ཁང་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ FNVA འཚེ་བ་མེད་པའི་ཐབས་ལམ་གྱི་འདམ་གའི་ཐེབས་རྩ་ཁང་གི་ ཉམས་ཞིབ་ཕྱག་རོགས་རིག་འཛིན་རྣམ་རྒྱལ་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས།  ཐེངས་འདིའི་རྒྱ་གཞུང་གིས་མཐའ་མཚམས་ས་ཁུལ་ཡོངས་རྫོགས་མཐུད་པའི་རྒྱལ་ཡོངས་གཞུང་ལམ་འཛུགས་སྐྲུན་བྱེད་བཞིན་པ་དེ་ནི།  རྒྱ་གཞུང་གིས་དེ་སྔ་མཐའ་མཚམས་སྐྱོང་བ་ཟེར་བའི་སྲིད་བྱུས་ཀྱི་ཆ་ཤས་གཅིག་ཡིན་པ་དང་།  དེ་ཡང་གཙོ་བོ་བོད་གཙོས་པའི་རྒྱ་ནག་གི་བཙན་འོག་གི་ས་ཁུལ་ཁག་ལ་བདག་དབང་བརྟན་དུ་བཟོ་ཕྱིར་ཙམ་མ་ཟད།  ལས་གཞི་འདི་འདྲ་བའི་བརྒྱུད་རྒྱ་གཞུང་ངོས་ནས་རྒྱ་ནག་རྒྱལ་ནང་ཙམ་དུ་མ་ཡིན་པར་མཐའ་མཚམས་ས་ཁུལ་ཆ་ཚང་ལ་ལྟ་སྲུང་ནན་པོ་བྱ་རྒྱུའི་དམིགས་འབེན་བཟུང་ཡོད་པ་སོགས་གསུངས་སོང་།  

རྩ་བའི་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གིས་བོད་ Lhunze ལྷུན་རྩེ་ནས་ཤིན་ཅང་གི་ Mazha མ་ཛ་བར་གྱི་གཞུང་ལམ་གསར་པ་ཞིག་འཆར་འགོད་བྱས་ཡོད་པ་དང་། དེ་ཡང་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་བདག་དབང་རྩོད་རྙོག་ཡོད་པའི་ས་ཁུལ་བརྒྱུད་དེ་འགྲོ་རྒྱུ་ཡིན་ལ། གཞུང་ལམ་དེ་ད་ལྟ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། དེས་ G219 གཞུང་ལམ་དང་མཐུད་ཀྱི་ཡོད་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།