Tibetan Royal Year of 2151 | Year of the Wood Dragon

གྲྭ་བསོད་ནམས་སྟོབས་རྒྱལ་གྱིས་རང་ལུས་མེར་སྲེག་བཏང་བ།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

ཁ་སང་ཕྱི་ཟླ་ ༧ པའི་ཚེས་ ༩ ཉིན་བོད་ནང་ཕྱི་དྲོ་ཆུ་ཚོད་ ༦ པ་ཡས་མས་ལ་ཁམས་སྐྱེ་རྒུ་མདོ་གྲོང་ཁྱེར་གྱི་གེ་སར་ཐང་ཆེན་གྱི་གཡས་ཟུར་དུ། དགེ་འདུན་པ་རང་ལོ་ ༢༧ ཙམ་ཡིན་པ་མཚན་ལ་བསོད་ནམས་སྟོབས་རྒྱལ་ཞུ་མཁན་རྒྱལ་གཅེས་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་འདུག
ཁ་སང་ཕྱི་ཟླ་ ༧ པའི་ཚེས་ ༩ ཉིན་བོད་ནང་ཕྱི་དྲོ་ཆུ་ཚོད་ ༦ པ་ཡས་མས་ལ་ཁམས་སྐྱེ་རྒུ་མདོ་གྲོང་ཁྱེར་གྱི་གེ་སར་ཐང་ཆེན་གྱི་གཡས་ཟུར་དུ། དགེ་འདུན་པ་རང་ལོ་ ༢༧ ཙམ་ཡིན་པ་མཚན་ལ་བསོད་ནམས་སྟོབས་རྒྱལ་ཞུ་མཁན་རྒྱལ་གཅེས་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་འདུགརྒྱལ་གཅེས་པ་ཁོང་ནི་ད་བར་གཞིས་ལུས་བོད་མི་རང་ལུས་མེར་སྲེག་གནང་མཁན་ ༡༤༡ པ་དེ་ཆགས་ཡོད་པ་རེད།
ས་གནས་སུ་དམ་དྲག་རྐྱེན་པས་ད་ལྟའི་གནས་སྐབས་སུ་རྒྱལ་གཅེས་པ་དེ་ཉིད་འཆི་གསོན་སྐོར་སོགས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་དཀའ་བར་གྱུར་ཡོད།
གྲྭ་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་ནང་མིས་དོན་རྐྱེན་དེའི་སྐོར་ལ་གནས་ཚུལ་འགྲེལ་བརྗོད་གནང་འདོད་བྱེད་ཀྱི་མེད་པ་མ་ཟད། ཕྱི་མི་སུ་གཅིག་ཀྱང་ཁྱིམ་དུ་ཡོང་བཅུག་གི་མེད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།