Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་མེ་ཌི་སོན་རི་དྭགས་སྐྱེད་མོས་ཚལ་གྱི་ཆོས་ཚོགས་དེ་ནང་པའི་སློབ་གཉེར་བསྟི་གནས་ཤིག་ཏུ་གྱུར་ཐབས་གནང་གལ་ཡིན་པ་བཀའ་སྩལ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸11143093_1053424194698799_4835145987345781749_oསྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མི་ནེ་སོ་ཊ་ Minnesota མངའ་སྡེའི་ Mayo སྨན་ཁང་དུ་༸སྐུའི་འཕྲོད་བཞེས་ལེགས་གྲུན་ཟིན་རྗེས། ཁ་ཉིན་ཟླ་ ༣ ཚེས་ ༥ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ ཙམ་ལ་ཨ་རིའི་ Wisconsin མངའ་སྡེའི་རྒྱལ་ས་ Madison དུ་རི་དྭགས་སྐྱེད་མོས་ཚལ་གྱི་༸རྒྱལ་བའི་ཕོ་བྲང་དུ་ཞབས་སོར་འཁོད་བསྟུན། བོད་རིགས་གཙོས་དད་ལྡན་མི་གྲངས་ ༣༠༠ ལྷག་གིས་ཕྱག་ཏུ་དྭངས་གཙང་མཇལ་དར་གཙོས་བདུག་སྤོས་བསྣམས་ཤིང། བཀྲིས་ཞོལ་པ་འཁྲབ་སྟོན་དང་གྲོ་སོ་ཕྱེ་མར་ཆ2016-03-05-Madison-N02-P3051912ང་ཕུད་བཅས་འདེགས་འབུལ་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། སྐབས་དེར་༸གང་ཉིད་མཆོག་གིས་ཐུགས་རྒྱུད་ཡོད་པའི་གྲོགས་པོ་རྙིང་པ་ཁག་ཅིག་མཇལ་བཅར་ཕེབས་པར་ཕྱག་དབང་སྩལ་ཡོད་པ་རེད།

མེ་ཌི་སོན་རི་དྭགས་སྐྱེད་མོས་ཚལ་གྱི་ནང་པའི་ཆོས་ཚོགས་ཀྱིས་གོ་སྒྲོག་འོག་ཆོས་ཚོགས་ཀྱི་འདུ་ཁང་དུ་སྐུ་མགྲོན་གཙོ་བོ་ Madison རྫོང་དཔོན་སྐུ་ཞབས་  Paul Soglin  མཆོག་དང་ཁོང་གི་ནང་མི་ལྷན་རྒྱས་དབུས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྨན་པ་དང་ཚན་རིག་པ་གྲགས་ཅན་སོགས་ལྷན་འཛོམས་ཐོག་༸གང་ཉིད་མཆོག་གིས་ཆོས་ཚོགས་དེ་ན2016-03-06-Madison-G04-DSC_0427ང་པའི་སློབ་གཉེར་གྱི་བསྟི་གནས་ཤིག་ཏུ་གྱུར་ཐབས་གནང་དགོས་གལ་ཡིན་པ་བཀའ་སྩལ་འདུག

༸གོང་ས་མཆོག་གིས་སྐབས་དེར་བཀའ་སློབ་སྩལ་དོན་ལ། སྤྱིར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ད་ཆ་ལོ་ངོ་སྟོང་ཕྲག་ཕྱིན་ཟིན་ཀྱང་། དུས་ད་ལྟའང་སངས་རྒྱས་དེའི་བསྟན་པ་དེ་མུ་མཐད་གནས་ཡོ2016-03-06-Madison-G01-DSC_0157ད་པ་ལྟར། རི་དྭགས་སྐྱེད་མོས་ཚལ་གྱི་ནང་པའི་ཆོས་ཚོགས་འདིའི་མགོན་བདག་དགེ་བཤེས་ལྷུན་གྲུབ་བཟོད་པ་རིན་པོ་ཆེ་དགོངས་པ་རྫོགས་ཟིན་ནའང་། རིན་པོ་ཆེ་མཆོག་གི་ཤུལ་ལུས་དགེ་ཕྲུག་ཚོས་དམ་པ་ཁོང་གི་རླབས་ཆེན་གྱི་མཛད་རྗེས་ཁག་ལས་དམིགས་དཔེ་བླངས་སྟེ།  ཆོས་ཚོགས་དེ་བཞིན་ནང་པའི་བཀའ་འགྱུར་དང་བསྟན་འགྱུར་དག་ལ་བླ་མའི་གང་བཤད་ཙམ་དུ་མ་བཞག་པར། རང་ཉིད་ཀྱི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་བརྟག་ཞིང་དཔྱད་ནས་ནང་པའི་གཞུང་ཆེན་དག་ལ་བསླབ་པ་སློབ་གཉེར་ཚུལ་བཞིན་གནང་ནས་སློབ་གཉེར་གྱི་བསྟི་གནས་ངོ་2016-03-06-Madison-G03-DSC_0421བོར་གྱུར་ཐབས་གནང་དགོས་གལ་ཡིན་པ་བཀའ་སྩལ་འདུག

རྩ་བའི་༸གོང་ས་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོར་མངའ་སྡེའི་རྒྱལ་ས་མེ་ཌི་སོན་དུ་རྟེན་གཞི་བྱས་པའི་ཁུལ་དེའི་ Masonic Center ཞེས་པའི་བསྟི་གནས་ཁང་དུ་ས་གནས་བོད་རིགས་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན།  དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་དང་། དེ་རྗེས་ཚེས་ ༩ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་ Wisconsin གཙུག་ལག་སློབ་གཉེར་ཁང་དུ་མི་སྒེར་དང་སྤྱི་ཚོགས། དེ་བཞིན་འཛམ་གླིང་ཀུན་ལ་ལུས་སེམས་བདེ་ཐང་བསྒྲུབ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།