Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་དགེ་འདུན་པ་ ༦༣ སྐོར་ཞིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་བ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༡༢ ཚེས་ ༡༣  ཉིན་སྔ་དྲོ་ཚོུད་ ༨ །༠༠ ནས་དབུ་འཛུགས་ཀྱིས་འབྲས་སྤུངས་ཚོགས་ཆེན་འདུ་ཁང་དུ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ ༣༠ དང་བློ་གསལ་གླིང་གྲྭ་ཚང་གི་དགེ་འདུན་པ་ ༣༠ དེ་བཞིན་བོད་ནས་གསར་དུ་ཕེབས་པ་ ༣ བཅས་ཁྱོན་དགེ་འདུན་ཞལ་གྲངས་ ༦༣ ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་ཡོད་པ་རེད།

དེ་རིང་དགེ་སློང་གི་སྡོམ་པ་གནང་མཁན་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྙེན་རྫོགས་ཀྱི་མཁན་པོ་གཙོ་བོ་གནང་བ་དང་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ལས་ཀྱི་སློབ་དཔོན།  སྒོ་མང་མཁན་རིན་པོ་ཆེ་གསང་སྟོན་བཅས་གནང་ཡོད་པ་དང་། དེ་བཞིན་ལས་སློབ་ཁོངས་སུ་འབྲས་སྤུངས་ཁྲི་པ་རིན་པོ་ཆེ་དང་ཀུན་བདེ་གླིང་རིན་པོ་ཆེ་སོགས་བླ་སྤྲུལ་ཁག་ཅིག་ཀྱང་མཉམ་ཞུགས་གནང་ཡོད་པ་རེད།

སྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་མཛད་འཆར་གོ་སྒྲིག་འགན་འཁུར་བ་སྐུ་བཅར་དགེ་བཤེས་ལྷ་རམས་པ་ཡང་སྟེང་རིན་པོ་ཆེར་བཅར་འདྲི་ཞུས་པར་ཁོང་གིས་གསུང་དོན། ད་རེས་དགེ་སློང་སྒྲུབ་མཁན་གྱི་ཐོ་གཞུང་ནང་འབྲས་སྤུངས་བློ་གསལ་གླིང་ཁོངས་ནས་དགེ་འདུན་ཞལ་གྲངས་ ༣༠༤ དང་སྒོ་མང་གྲྭ་ཚང་ནས་ ༡༠༠ མ་ཟིན་ཙམ་དང་བོད་ནས་གསར་དུ་ཕེབས་པ་ ༢༠ ཙམ་ཡོད་པ་མ་ཟད་ཕྱོགས་མཐའ་ཁག་ནས་ཕེབས་པ་ཁག་ཅིག་སོགས་ཡོད་སྐོར་གསུངས་སོང་།

དེ་བཞིན་ཕྱི་ཚེས་ ༡༦ དང་ ༡༧ བཅས་སུ་གདན་ས་དགའ་ལྡན་དུ་ཉིན་རེར་དགེ་འདུན་ཞལ་གྲངས་ ༦༠ རེ་བྱས་ཏེ་དགེ་འདུན་ཞལ་གྲངས་ ༡༢༠ ལ་དགེ་སློང་གི་སྡོམ་པ་གནང་རྒྱུའི་མཛད་འཆར་ཡོད་པ་མ་ཟད་དེ་འཕྲོས་རྣམས་འདི་ལོ་ཕྱི་ཟླ་དང་པོའི་ཟླ་མཇུག་ཏུ་གནས་མཆོག་རྡོ་རྗེ་གདན་ལ་སྒྲུབ་གནང་འཆར་ཡོད་པ་རེད་འདུག

སང་ཉིན་༸གོང་ས་༸སྐྱབས་མགོན ཆེན་པོ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་གསར་པ་དབུ་འབྱེད་རབ་གནས་མཛད་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།